མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུ་འདས་ལོག་དུས་ཆེན་ཐོག་འགད་རྫས་གཏོར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཡེ་ཤུ་འདས་ལོག་དུས་ཆེན་སྲུང་གཙིའི་ཐོག་འགད་རྫས་གཏོར་ཏེ་མི་ ༧༠ རྐྱེན་འདས་དང་མི་ ༣༤༠ རྨས་སྐྱོན་བཟོས་ཡོད་འདུག

s3.reutersmediaདེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་པ་ཀི་སི་ཐན་ཤར་རྒྱུད་ལཱ་ཧོར་ (Lahore) གྲོང་ཁྱེར་གྱི་གླིང་ག་ཞིག་ཏུ་ཡེ་ཤུ་འདས་ལོག་དུས་ཆེན་སྲུང་གཙིའི་ཐོག་འགད་རྫས་གཏོར་བའི་ཁྲོད་མི་ ༧༠ རྐྱེན་འདས་དང་ཡུལ་མི་ ༣༤༠ རྨས་སྐྱོན་ཕོག་པའི་གྲས་ཀྱི་མང་ཆེ་བ་བྱིས་པ་དང་བུད་མེད་ཡིན་ཞིང་། ཤི་རྨས་ཐེབས་པའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་དང་། ཐེངས་འདིའི་འགད་རྫས་གཏོར་མཁན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དང་འབྲེལ་བ་ཡོད་པའི་པ་ཀི་སི་ཐན་རྒྱལ་ནང་གི་ཊ་ལེ་བྷན་ (Taliban) ཚོགས་པ་ཡིན་པར་དོགས་གཞི་བྱེད་བཞིན་འདུག

པ་ཀི་སི་ཐན་དམག་དཔུང་མགྲིན་ཚབ་པ་ཨ་སེམ་བྷ་ཇ་ཝ་ (Asim Bajwa) ཟེར་བ་ཞིག་གིས། ང་ཚོས་ངེས་པར་དུ་ཉེས་མེད་མི་སེར་དམར་གསོད་གཏོང་མཁན་ཚོར་ཁྲིམས་བཤེར་ནན་མོ་བྱས་ཏེ། ད་ཕན་ང་ཚོའི་རང་དབང་དང་མི་ཚེ་ལ་དབང་བསྒྱུར་དུ་འཇུག་མི་རུང་། ཞེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༩ པའི་ཚེས་ ༡༡ ཉིན་ཨལ་ཁཱ་ཌ་ (Al-Qaeda) འཇིགས་སྐུལ་དྲག་སྤྱོད་པས་ཨ་རིར་འཇབ་རྒོལ་བྱས་རྗེས། ཨ་རི་དང་པ་ཀི་སི་ཐན་མཉམ་འབྲེལ་དམག་དཔུང་གིས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་འཛིང་བྱེད་མགོ་བཙུགས་པ་ནས་འདས་པའི་མི་ལོ་ ༡༥ རིང་པ་ཀི་སི་ཐན་རྒྱལ་ཁབ་བཟློག་ཏུ་མེད་པའི་དམག་འཁྲུག་ནང་ཚུད་པ་དང་། པ་ཀི་སི་ཐན་དམག་མི་དང་ཉེན་རྟོག་པ། སྲིད་གཞུང་། ནུབ་གླིང་རྒྱལ་ཁབ་ཁག་བཅས་ཀྱིས་པ་ཀི་སི་ཐན་རྒྱལ་ནང་གི་ཊ་ལེ་བྷན་དང་ཁོ་ཚོའི་ཤོག་ཁག་དམིགས་འབེན་དུ་བཟུང་ཡོད་སྟབས། འཇིགས་སྐུལ་དྲག་སྤྱོད་པས་ཡི་ཤུ་བ་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་སྤྱི་ཚོགས་ཁག་ལ་གཏོར་རྒོལ་གཏོང་གི་ཡོད་པ་དང་། སྤྱིར་པ་ཀི་སི་ཐན་ནི་ཁ་ཆེ་གྲངས་མང་མི་རིགས་འདུས་སྡོད་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ནའང་། པ་ཀི་སི་ཐན་ནང་ཡི་ཤུ་ཆོས་ལུགས་ལ་དད་གུས་ཞུ་མཁན་མི་འབོར་ས་ཡ་ ༢ ཡོད་འདུག

ཕྱི་ལོ་ ༢༠༡༣ ལོར་པ་ཀི་སི་ཐན་ནུབ་བྱང་གྲོང་ཁྱེར་ཕི་ཤཱ་ཝར་ (Peshawar) གྱི་ཡི་ཤུ་ལྷ་ཁང་ཞིག་གི་ནང་འགད་རྫས་གཏོར་བའི་ཁྲོད་མི་ ༨༠ དམར་གསོད་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ པའི་ནང་ཕི་ཤཱ་ཝར་གྲོང་ཁྱེར་གྱི་དམག་འབྲེལ་སློབ་གྲྭ་ཞིག་གི་ནང་ལག་ཏུ་མེ་མདའ་ཐོགས་པའི་ཊ་ལེ་བྷན་འཇིགས་སྐུལ་དྲག་སྤྱོད་པས་སློབ་རའི་ནང་གང་བྱུང་མེ་མདའ་བརྒྱབ་ཏེ་སློབ་ཕྲུག་ ༡༣༤ དམར་གསོད་བཏང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༥ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese