མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་པར་བཤམ་ན་ཕྱིར་འབུད་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

རེབ་གོང་རོང་བོ་དགོན་ཆེན་གྱི་ལྷ་ཁང་དང་འདུ་ཁང་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱས་ན་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་མ་ཟད་ཚབས་ཆེན་ཡིན་ན་ལྷ་ཁང་འདུ་ཁང་སྒོ་རྒྱག་རྒྱུ་ཡིན་ལུགས་བསྒྲགས་འདུག

12895280_916211625143565_331274004_n  ཉེ་སྔོན་རྒྱ་གཞུང་གིས་རེབ་གོང་རོང་བོ་དགོན་ཆེན་གྱི་འདུ་ཁང་དང་ལྷ་ཁང་དོ་དམ་བྱེད་ཐབས་སྐོར་ནས་དགོན་པའི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ལྷན་ཁང་ཟེར་བའི་འབྲེལ་ཡོད་ལས་བྱེད་པ་ཚོར་དོན་ཚན་བཞི་ཅན་གྱི་བཀའ་རྒྱ་ཞིག་བསྒྲགས་ཡོད་པའི་ནང་། དགོན་པའི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་ནང་༧་གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མཁན་ཡོད་ན། འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་མ་ཟད། ཉེན་རྟོག་པར་རྩིས་སྤྲད་དེ་ཐག་གཅོད་བྱ་རྒྱུ་དང་། གནས་ཚུལ་ཚབས་ཆེན་ཡིན་ན་ལྷ་ཁང་འདུ་ཁང་སྒོ་བརྒྱབ་ནས་དགོན་པ་སྤྱིའི་སྣང་བརྙན་བརྫོད་པའི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་དག་ཐེར་ནན་པོ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

བཀའ་རྒྱའི་དོན་ཚན་དང་པོའི་ནང་། དོ་དམ་མི་སྣས་དགོན་པའི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་དབུ་ཁྲིད་བྱས་པའི་འོག་བྱ་བ་སྤེལ་བ་དང་། སྒྲིག་སྲོལ་ལམ་ལུགས་སོ་སོ་བརྩི་སྲུང་ནན་མོ་བྱེད་དགོས། དོན་ཚན་གཉིས་པ། དོ་དམ་མི་སྣ་བརྗེ་དུས། དགོན་པའི་དམངས་གཙོ་དོན་དམ་ཨུ་ཡོན་ལྷན་ཁང་གིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཞུས་ཏེ་ཡིག་ཚགས་སུ་འགོད་བྱེད་དུ་འཇུག་དགོས་པ་མ་ཟད། དགོན་པའི་དོན་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་མི་སྣ་ཡིས་འདུ་ཁང་དང་ལྷ་ཁང་དོན་དམ་གྱི་འགན་འཁྲིའི་ཡི་གེའི་སྟེང་མིང་རྟགས་བཀོད་རྗེས། ད་བཟོད་དོན་དམ་གྱི་བྱ་བ་བསྒྲུབ་ཆོག

དོན་ཚན་གསུམ་པ། དོ་དམ་མི་སྣས་འདུ་ཁང་དང་ལྷ་ཁང་གི་མེ་འགོག་དང་རྐུན་འགོག ཆུ་འགོག་སོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་བྱ་བ་སོ་སོ་དུས་རྒྱུན་ལེགས་པར་བསྒྲུབས་ཏེ། གྲྭ་བ་རེ་འགས་འདུ་ཁང་དང་ལྷ་ཁང་ནང་དུ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ཏེ་རོང་བོ་དགོན་པའི་སྤྱིའི་སྣང་བརྙན་བརྫོད་པ་བཀག་འགོག་བྱེད་དགོས། དོན་ཚན་བཞི་བ། དགོན་པའི་འདུ་ཁང་ལྷ་ཁང་སོགས་ཀྱི་གནས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྐུ་འདྲ་གཏན་འགོག་བྱེད་དགོས་པ་དང་། གལ་ཏེ་འགལ་མཁན་ཡོད་ན་འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་དགོན་པ་ནས་ཕྱིར་ཕུད་དགོས་པ་མ་ཟད། སྤྱི་བདེ་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་པ་དང་། བྱུང་རིམ་ཚབས་ཆེན་ཡིན་ན་འདུ་ཁང་ལྷ་ཁང་སྒོ་བརྒྱབ་ནས་དག་ཐེར་བྱེད་དགོས། ཞེས་བརྗོད་འདུག

12234འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར་བརྗོད་ན། རྒྱ་གཞུང་གིས་རོང་བོ་དགོན་ཆེན་ནང་འདི་ལྟ་བུའི་བཙན་གནོན་བྱ་འགུལ་སྤེལ་བ་ཐོག་དང་པོ་མིན་པར་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན། དགོན་པར་དམངས་གཙོ་ཁྲིམས་སྐྱོང་དགོན་པ་འཛུགས་བསྐྲུན་དང་གཅེས་སྐྱོང་དག་ཐེར་བྱ་འགུལ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་སྐུལ་སློང་ཚོགས་འདུ་ཟེར་བ་ཞིག་བསྡུས་ཏེ། རོང་བོ་དགོན་ཆེན་གྱི་དགེ་འདུན་པ་ ༣༠༠ ལྷག་བཙན་དབང་གིས་སྐོང་འགུག་བྱས་ཏེ། དགོན་པའི་གྲྭ་མང་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་ནན་པོ་བྱས་ཏེ་ཕྱོགས་གང་ཐད་ནས་རྒྱལ་ཁབ་ཀྱི་བཤད་པ་ལྟར་སྒྲུབ་དགོས་པ་དང་། དགོན་པའི་མ་དངུལ་གྱི་འགྲོ་སོང་ཚང་མ་རྒྱལ་ཁབ་ཀྱིས་ཤེས་དགོས་ལ། ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་བརྩི་སྲུང་ཡག་པོ་བྱས་ན་རོང་བོ་དགོན་ཆེན་ལ་རོགས་སྐྱོར་དང་ཞིག་གསོ་རྒྱ་ཆེན་པོ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

12914705_915755351855859_2028716473_oཚོགས་འདུ་དེའི་ཐོག་རོང་བོ་དགོན་པའི་གྲྭ་མང་ལ་ལས་བྱེད་པ་སུམ་བརྒྱ་ལྷག་བཀྲམ་སྟེ་གྲྭ་བ་རེར་ལས་བྱེད་པ་གསུམ་རེ་ཆ་བགོས་ཀྱིས་ཁག་ཐེག་བྱེད་དུ་བཅུག་ཡོད་པ་དང་། ཁག་ཐེག་བྱེད་དུ་བཅུག་པའི་གྲྭ་བ་དེའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱེད་དགོས་ལ། གལ་སྲིད་ཁྲིམས་འགལ་གྱི་གནས་ཚུལ་བྱུང་ཚེ་ལས་བྱེད་པ་དེ་ལས་གནས་ནས་ཕུད་རྒྱུ་གཏན་འབེབས་བྱས་ཡོད་པ་མ་ཟད། ཤོག་གྲངས་གཉིས་ཅན་གྱི་ཡིག་ཆ་ཞིག་གི་ཐོག་མིང་རྟགས་བཀོད་དུ་བཅུག་པ་དང་འབྲེལ། འབྲེལ་ཡོད་ལས་བྱེད་པས་དོན་ཚན་ཁ་ཤས་ཤིག་ཁ་སྐོང་བྱས་ཡོད་ཀྱང་ནང་དོན་ག་རེ་ཡིན་མིན་ཤེས་སུ་བཅུག་མེད་པ་དང་། གཙང་སེལ་གྱི་ཆབ་སྲིད་ཚོགས་འདུ་དེར་དགེ་འདུན་པ་ ༢༠༠ ལྷག་མཉམ་ཞུགས་བྱས་མེད་པས་ཁོ་ཚོའི་ཀུན་སྤྱོད་ལ་གནད་དོན་ཡོད་པའི་ལྟ་ཚུལ་ངན་པ་བཟུང་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་ཚོགས་འདུ་དེ་བསྐོངས་དགོས་དོན་ནི། ཟླ་འགའི་སྔོན་དུ་རྒྱ་ནག་དབུས་གཞུང་ནས་ཆེད་གཏོང་བྱས་པའི་དཔོན་པོ་ཞིག་རོང་བོ་དགོན་པའི་ནང་སླེབ་སྐབས། ཁོ་ལ་དགོན་པའི་ངོས་ནས་ཕེབས་བསུ་སྣེ་ལེན་རྒྱ་ཆེན་བྱེད་དགོས་ལུགས་ས་གནས་འབྲེལ་ཡོད་ཚན་པས་བཀའ་བཏང་ཡོད་ཀྱང་། རེབ་གོང་རོང་བོ་དགོན་པས་ཕེབས་བསུ་མ་བྱས་པར་བརྟེན། རོང་བོ་དགོན་པའི་ཁྲིམས་ལུགས་བརྩི་སྲུང་བྱ་བ་ཧ་ཅང་ཞན་པོ་ཡིན་པས་ངེས་པར་དུ་ཁྲིམས་ལུགས་དག་ཐར་བྱེད་དགོས་ཀྱི་འདུག་ཅེས་རྨ་ལྷོའི་ཁུལ་དཔོན་དང་རྫོང་དཔོན་སོགས་ཀྱིས་དགོན་པའི་དོ་དམ་ཁང་ལ་སྐྱོན་བརྗོད་ནན་མོ་བྱས་ཏེ་ཚོགས་འདུ་བསྐོངས་བཅུག་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༢ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese