མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༦༨༦ ཁེ་ན་ཌར་བསླེབས་ཚར་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞུང་འབྲེལ་གནས་སྤོར་གཏོང་བའི་ལས་གཞིའི་ཁྲོད་སྐྱབས་བཅོལ་ལག་དེབ་མངའ་སྡེ་གཞན་ནས་བཟོས་པ་དང་རྒྱ་གར་གྱི་འོས་བསྡུའི་ཆ་ཤས་ལེན་པའི་ཡིག་ཆ་བཟོས་པ་སོགས་ཀྱིས་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་གསུངས་སོང་།

Untitled-1བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༩ པའི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དང་། ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། ལས་བྱེད་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་གནང་ཕྱོགས་སོགས་གཞུང་འབྲེལ་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་གཏན་འབེབས་གནང་གྲུབ་རྗེས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོར་གྱི་ལས་གཞི་དང་འབྲེལ་བའི་ཁ་སང་གི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། ལས་གཞི་དེའི་ནང་ཁྱོན་བོད་མི་ ༨༩༠ ལ་རྒྱན་བརྒྱབ་ཟིན་པའི་ཁོངས་ནས་མི་གྲངས་ ༦༨༦ ཕར་བསླེབས་ཚར་ཡོད་སྐོར་གསུངས་སོང་།

ནང་སྲིད་བཀའ་བློན་མཆོག་ནས་དེའི་སྐོར་གསུངས་དོན། མི་འགྲོ་ ༡༠༠༠ གི་ནང་ནས་མི་ ༨༩༠ ཞིག་རྒྱན་ཤོག་ནང་བསླེབས་ཡོད་པ་དང་། ཕྲུ་གུ་གསར་དུ་སྐྱེས་པ་དང་ཆང་ས་བརྒྱབ་པ་སོགས་ཀྱི་ཐོག་ནས་གྲངས་ཀ་ཡར་མར་འགྲོ་མི་སྲིད་པ་མིན་པས་ ༡༡༠ ལ་རྒྱན་མ་བརྒྱབ་པར་བཞག་ཡོད་ལ། ད་ལྟའི་ཆར་ཕྲུ་གུ་གསར་དུ་སྐྱེས་པ་ ༢༡ དང་། འདས་གྲོངས་ཕྱིན་པ་ ༦ འདུག ད་ལྟའི་བར་མི་འགྲོ་ ༨༩༠ ཡི་ནང་ནས་མི་ ༨༧༩ ལ་གཞུང་ཚབ་ནས་སྨན་བཅོས་བརྟག་དཔྱད་དང་བཅར་འདྲི་བྱས་ཚར་ཡོད་པའི་ནང་ནས་ཐོན་ཚར་བ་མི་ ༦༨༦ ཡོད་པ་དང་། ཕལ་ཆེར་སང་ཉིན་ཡིན་ས་ཡོད་འཐོན་མཁན་མི་ ༣ ཡོད། དེ་ནས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་མི་ ༦༠ ཞིག་འཐོན་ཐུབ་པ་བྱེད་ཀྱི་ཡོད་ལ། ཕྱི་ཟླ་ ༥ པའི་ནང་འཐོན་མཁན་ཁག་ཅིག་བང་རིམ་བསྒྲིགས་བཞག་ཡོད། ཅེས་དང་།

ཡང་ཁོང་མོས། ལས་གཞི་དེ་དུས་བཀག་གི་ལས་གཞི་ཞིག་ཡིན་པས་དུས་བཀག་ནང་ཚར་ཐུབ་དང་མི་ཐུབ་ཟེར་བ་དེ་དེའི་སྔོན་གྱི་གྲོས་ཚོགས་ནང་དུའང་ཞུས་པ་ཡིན། ང་ཚོའི་ཐོག་ནས་དེར་བློ་ཚབ་ཡོད། ལས་གཞིའི་འགན་གཙོ་བོ་འཁུར་མཁན་དེ་ཁེ་ན་ཌ་བོད་ཀྱི་ལས་འཆར་འགན་འཛིན་ཉི་མ་རྡོ་རྗེ་ལགས་ཆགས་བསྡད་ཡོད་ལ། ཁོང་ལའང་དེ་ཞུ་གཏུག་ཅིག་བྱེད་དགོས་ཀྱི་འདུག ང་ཚོ་ཕར་བཅར་དགོས་ཀྱི་ཡོད་ན་རེད། ཡང་མིན་ན་དོན་གཅོད་དང་སྤྱི་མཐུན་ཚོགས་པ་བརྒྱུད་ནས་ཡིན་ནའང་རེད། དུས་ཡུན་འཕར་འགྱངས་ཤིག་ཞུ་དགོས་ཀྱི་འདུག་ཅེས་བཀའ་བསྡུར་བྱུང་སྐབས། ཕྱི་ཟླ་ ༥ པའི་བར་དུ་མི་ཕར་བསླེབས་ཚར་དགོས་པ་མིན་པར་ཕྱི་ཟླ་ ༥ པ་བར་དུ་སྙན་ཞུ་དེ་ཚོ་ཚང་མ་ཡར་འབུལ་ཐུབ་པ་དགོས་ཀྱི་འདུག་ལ། ལས་རིམ་དང་བཅར་འདྲི་ལེན་པ་དེ་ཚོ་དངོས་གནས་དྲང་གནས་ཁེ་ན་ཌའི་གཞུང་ཚབ་ཀྱི་ཐོག་ནས་ནམ་རྒྱུན་ཟླ་བ་ ༦ འགོར་ས་ལ་ང་ཚོར་བདུན་ཕྲག་གཉིས་ལས་མ་འགོར་བའི་གནས་སྟངས་དེ་འདྲ་གནང་གི་ཡོད་སྟབས། ཕྱི་ཟླ་ ༥ པ་བར་དུ་སྙན་ཞུ་ཚང་མ་ཡར་འབུལ་ཐུབ་ངེས་རེད། གལ་སྲིད་མ་ཐུབ་པར་ཉི་མ་ཁ་ཤས་ཕར་འགྱངས་བྱེད་དགོས་བྱུང་བ་ཡིན་ནའང་དཀའ་ངལ་ཡོང་གི་མ་རེད་ཅེས་ང་ཚོར་ཚུར་གསུངས་བྱུང་། ཞེས་གསུངས་སོང་།

ཁེ་ན་ཌའི་གཞུང་ཚབ་ནས་ངོས་བཞེས་མ་གནང་བའི་དཀའ་ངལ་ཁག་ཅིག་ཡོད་སྐོར་ཁོང་མོས། གཞུང་ཚབ་ནས་དགག་པ་བརྒྱབ་བཞག་པའི་དཀའ་ངལ་ཡོད་པའི་གནས་སྟངས་ལ་ཞིབ་དཔྱོད་བྱེད་དགོས་པ་ཞིག་ཆགས་ཡོད། ཞིབ་དཔྱོད་མང་བ་ཆེ་སྐྱབས་བཅོལ་ལག་དེབ་ཨ་རུ་ན་ཅལ་ནས་མིན་པར་ཕྱི་ལོགས་ནས་བཟོས་ཡོད་པ་དེ་ཚོའི་ནང་ནས་ཁ་ཤས་ཤིག་ལ། མི་དེ་ཨ་རུ་ན་ཅལ་རང་ལ་སྡོད་མཁན་ཡིན་དང་མིན་གྱི་དོགས་གཞིའི་ཐོག་ནས་ཞིབ་དཔྱོད་བྱེད་དགོས་པ་ཆགས་ཀྱི་འདུག དེ་བཞིན་བར་ལམ་ཞིག་ནས་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་ལེན་ཆོག་གི་ཡོད་པ་རེད་ཅེས་རེ་ཟུང་ཞིག་གིས་ཡིག་ཆ་དེ་བཟོས་ཡོད་པ་དང་། གཞུང་ཚབ་ཀྱིས་ག་འདྲ་ཁོ་རང་ཚོས་ཕར་ཚུར་མཁྱེན་གྱི་ཡོད་མེད་ང་ཚོས་གསལ་པོ་ཞུ་ཐུབ་ཀྱི་མི་འདུག་སྟེ། གང་ལྟར་དེ་འདྲའི་གནས་ཚུལ་ཐོན་པའི་རྒྱུ་མཚན་ལ་བརྟེན། ཁེ་ན་ཌར་གཞིས་སྤོར་ལས་གཞིའི་ནང་རྒྱལ་ཁབ་གཞན་ཞིག་གི་ཡུལ་མི་བྱེད་ཐུབ་པའི་གནས་སྟངས་ཡོད་པ་ཡིན་ན། སྐྱབས་བཅོལ་གྱི་ལས་གཞི་དེའི་ནང་འོས་ཆོས་ཚང་གི་མེད་ཅེས་པའི་ཚིག་ཅིག་འདུག དེ་འདྲའི་ཐོག་ནས་ཅིག་གསུང་གི་འདུག ཡིན་ནའང་། ང་ཚོས་དེ་ཚོའི་ནང་ནས་རེ་ཟུང་གཙང་མ་བྱེད་ཐུབ་སོང་ལ། རེ་ཟུང་ད་དུང་ཡང་གཙང་མ་མ་ཆགས་པར་ལྷག་བསྡད་ཡོད་པ་རེད། ཅེས་དང་། མཐའ་མའི་ཐག་གཅོད་དེ་ཁོ་རང་ཚོའི་ལག་པར་ཡོད་ཀྱང་ནང་སྲིད་ནས་ཞུ་གཏུག་བྱེད་དགོས་པ་ཚང་མ་བྱེད་བཞིན་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༢ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese