མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་རྗེས་ཀྱི་བོད་མིའི་མང་གཙོ་དང་རང་དབང་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བཀྲས་མཐོང་ལྷ་སྒྲོན་གྱིས་བརྩམས།

གཞིས་ཆགས་བུས་དབྱིན་ཡིག་ལས་བསྒྱུར།

Tibet-election-2016ད་རེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་(སྲིད་སྐྱོང་དང་སྤྱི་འཐུས་ཀྱི་)འོས་བསྡུ་ཆེན་མོའི་གྲུབ་འབྲས་ལ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་མང་པོས་བློ་འཚབ་ཆེན་པོའི་སྒོ་ནས་ཞིབ་རྟོག་བྱེད་བཞིན་ཡོད། ང་ཚོའི་མང་གཙོའི་ལམ་སྲོལ་ནི་ཡང་དག་པའི་(མང་གཙོའི་ལམ་སྲོལ་)ཟེར་བ་ནས་རྒྱང་ཐག་རིང་པོར་གནས་ཡོད། འོན་ཀྱང་རྒྱ་ནག་དང་མི་འདྲ་བར་ང་ཚོར་མང་གཙོའི་ལམ་སྲོལ་ཡོད་མུས་ཐོག་ལག་བསྟར་བྱེད་བཞིན་པ་དང་། ཡར་རྒྱས་གོང་འཕེལ་དུའང་འགྲོ་བཞིན་ཡོད། འདི་ནི་ང་ཚོ་བོད་མི་ཚང་མས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། དེ་བཞིན་(ཟླ་བ་ ༣ ཚེས་ ༢༠ ཉིན་སྲིད་སྤྱིའི་དངོས་གཞིའི་) འོས་བསྡུའི་ཉིན་ལའང་སྲིད་སྐྱོང་འོས་མི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། ཁོང་གི་ཁ་གཏད་(བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་) ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀས་གསར་འགོད་པའི་བཅར་འདྲིར་ལན་འདེབས་ཀྱི་སྐབས་སུའང་ཁོང་གཉིས་ནས་ཀྱང་གནད་དོན་དེའི་ཐོག་གཙོ་བོར་གསུངས་ཡོད།

དོན་དངོས་ཐོག་ང་ཚོས་འདི་ལྟ་བུའི་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་ཐུབ་པ་ནི་། གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་བཞེད་དང་། བཙན་བྱོལ་གྱི་བོད་མི་མི་རབས་གོང་མ་རྣམས་ལ་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད། ཁོང་ཚོ་ནི་སོ་སོའི་ཁྱིམ་དང་ལུང་པ་རྣམས་ཤོར་ཞིང་། ཁོང་ཚོའི་ནང་མིར་རྡུང་རྡེག་དང་དད་པ་བྱ་ཡུལ་གྱི་དགོན་སྡེ་ལྷ་ཁང་རྣམས་གཏོར་བཅོམ་བྱས་པ་དང་། སོ་སོའི་ཚེ་སྲོག་སྐྱོབ་ཕྱིར་མི་ཡུལ་གྱི་ས་མཐར་གྱར་དགོས་པ་བཅས་ཀྱི་དཀའ་སྡུག་ཚད་མེད་ཅིག་མྱངས་ཡོད་ནའང་། ང་ཚོའི་(བོད་མིའི་)སྤྱི་ཚོགས་ཙམ་ཞིག་མིན་པར། བཙན་བྱོལ་ནང་དུ་རྒྱལ་ཁབ་གཅིག་བསྐྱར་འཛུགས་བྱེད་ཐུབ་རྒྱུར་འབད་རྩོལ་ཧ་ཅང་ཆེན་པོ་བྱས་ཡོད། ད་དུང་ཁོང་ཚོས་བཙན་བྱོལ་ནང་དུ་སྔ་མོའི་ཆབ་སྲིད་ཀྱི་ལམ་སྲོལ་དེ་བསྐྱར་འཛུགས་བྱ་རྒྱུར་མི་འབད་པར། སྲ་བརྟན་དང་བཟང་པོའི་རང་བཞིན་ཅན་གྱི་ཆབ་སྲིད་ལམ་སྲོལ་ཞིག་གསར་འཛུགས་བྱ་ཐབས་བྱས་ཡོད། དེ་ལྟ་བུའི་ཆབ་སྲིད་ལམ་སྲོལ་(གྱི་གཞུང་)གསར་པ་དེས་བོད་ནང་གི་གཞིས་བཞུགས་སྤུན་ཟླ་རྣམས་ལ་ཉིན་ཞིག་ཞབས་འདེགས་ཞུ་ཐུབ་རྒྱུའི་རེ་བའང་བཅངས་ཡོད།

བོད་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་མི་རབས་གོང་མ་ཚོས་བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ཙམ་མིན་པར། རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་འདི་ནི་ཁོང་ཚོའི་ཐོག་མའི་དམིགས་ཡུལ་ཡིན་པ་ང་ཚོས་ནམ་ཡང་བརྗེད་ཐབས་མེད། ཁོང་ཚོ་ནི་མུན་ནག་གི་དུས་སྐབས་སུ་གནས་ཡོད་ནའང་། ཁོང་ཚོས་ཆབ་སྲིད་གོང་འཕེལ་དུ་གཏོང་རྒྱུའི་རེ་བ་བྱེད་བཞིན་གནས། དེ་ནི་དམར་པོའི་ལམ་ལུགས་འོག་གི་རྗེས་ལུས་ཅན་གྱི་རྒྱ་ནག་དང་གཅིག་སྡུད་གཞུང་འཛིན་གྱི་ལམ་ལུགས་ལ་ཁ་གཏད་བྱེད་རྒྱུའི་ཆེད་རེད། ལྷག་པར་བོད་མི་རྣམས་ཀྱིས་ངོ་རྒོལ་སྒེར་ལངས་བྱེད་པ་ནི་དོན་དམ་དུ་དེང་རབས་ཅན་དང་སྔོན་ཐོན་ཅན་ཞིག་རེད།

གལ་ཏེ་ང་ཚོར་འ་ཆད་འུ་ཐུག་དང་རེ་བ་བྲལ་བའི་དུས་ཤིག་ཡོད་ན། དེ་ནི་བཙན་བྱོལ་ནང་གི་ཐོག་མའི་ལོ་ཟླའི་ནང་དུ་ཡིན་དགོས་པ་ལས་ད་ལྟ་མ་ཡིན། སྔ་མོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་ཐབས་སྐྱོའི་གནས་སྟངས་རྣམས་ཤེས་རྟོགས་མེད་ལ། མཐའ་ན་ཏཱ་ལའི་བླ་མ་དང་བོད་ཅེས་པའི་མིང་དེ་འཛམ་གླིང་ཐོག་ཐོས་རྒྱུ་མེད། རྒྱ་ནག་གིས་བོད་དེ་ཕྱོགས་ཡོངས་ནས་གཏན་འགོག་བྱས་ནས་བོད་དེ་ཕལ་ཆེར་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་དག་གི་རྒྱབ་ཏུ་ཕྱིའི་རྒྱལ་ཁབ་དང་འབྲེལ་མེད་ཁེར་གཙང་དུ་ལུས་ནས་མཆིས། སྔ་མོ་དུས་ནག་གམ་གཉན་འཕྲང་གི་དུས་སུ་ངའི་ཕ་མ་དང་བོད་མི་གཞན་མང་པོས་(བཙན་བྱོལ་དུ་འབྱོར་མ་ཐག་ཏུ་) བོད་མི་བརྒྱ་ཕྲག་སྟོང་ཕྲག་བརྒལ་བར་སྤྱིར་བཏང་དང་བཅོས་ཐུབ་པའི་ནད་དག་གིས་རྐྱེན་འདས་སུ་སོང་བ་དངོས་སུ་མཐོང་ཐོས་བྱུང་ཡོད།

ད་ཆ་བོད་ནང་དུ་བོད་མི་རྣམས་ཀྱི་གནས་སྟངས་ཛ་དྲག་ཏུ་གནས་ཡོད་ནའང་། སྔར་དང་མི་འདྲ་བར་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་ལ། རྒྱུ་མཚན་མང་པོ་ཞིག་གི་སྒོ་ནས་བོད་ཀྱི་འབྱུང་འགྱུར་བཟང་པོ་ཞིག་ཡོང་བའི་རེ་བའང་ཆེན་པོ་ཞིག་མཆིས། རྒྱུ་མཚན་གཅིག་ནི། འཕོ་འགྱུར་གྱི་སྐྱ་རེངས་ནི་གནམ་སའི་མཐའ་མཚམས་སུ་སླེབས་པ་ལྟར་རྒྱ་ནག་ཏུའང་གསར་བརྗེའི་གྱེན་ལངས་ཆེན་པོ་ཞིག་(འབྱུང་རྒྱུའི་)གི་མཐའ་ཟུར་གྱི་ཐག་ཉེར་སླེབ་བཞིན་ཡོད་པར་སྣང་། འདས་པའི་ལོ་རྒྱུས་ཀྱི་ནང་དུའང་རྒྱ་ནག་ནང་དུ་འཕོ་འགྱུར་སོང་བ་དང་བསྟུན་ཏེ། བོད་ནང་དུ་འགྱུར་བའི་གོ་སྐབས་ཤིག་བྱུང་ཡོད་པ་གསལ་རེད། གཙོ་ཆེ་ཤོས་ནི་བོད་ནང་གི་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་རང་དབང་དགོས་པའི་ཚོར་བ་ཤུགས་ཆེན་ཞིག་བཟུང་ནས་ཡོད། ལྷག་པར་མི་རབས་གསར་པ་ཚོས་རང་དབང་འཐབ་རྩོད་ཀྱི་སྣེ་འཁྲིད་པ་དང་། དེའི་ནང་དུ་ཆོལ་ཁ་དང་ཡུལ་ལུང་དབྱེར་མེད་ཀྱི་བོད་མི་ཚང་མས་མཉམ་བཞུགས་བྱས། ཁོང་ཚོར་འགོག་རྐྱེན་དང་དཀའ་སྡུག་དྲག་པོ་ཇི་འདྲ་ཞིག་འཕྲད་ཀྱི་ཡོད་ནའང་། ཁོང་ཚོས་ཞུམ་པ་མེད་པར་སྙིང་སྟོབས་ཆེན་པོས་མུ་མཐུད་ནས་འཐབ་རྩོད་བྱེད་པ་ལས་(འཐབ་རྩོད་དེ་)བློས་གཏོང་བྱས་མེད། དེར་བརྟེན་ང་ཚོས་ཇི་ལྟར་(འཐབ་རྩོད་)བློས་གཏོང་ཐུབ་བམ།

ངའི་མཐོང་སྣང་དུ་བོད་ནང་གི་གཞིས་བཞུགས་སྤུན་ཟླའི་ཆེད་ཀྱི་ང་ཚོའི་འོས་འགན་གཙོ་བོ་ནི། ང་ཚོས་མུ་མཐུད་ནས་ལས་འགུལ་སྣ་མང་སྤེལ་ཞིང་། རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རུ་བཏང་ནས་རྒྱ་(ནག་)གཞུང་ལ་གནོན་ཤུགས་སྤྲོད་དགོས། བོད་ཀྱི་གནད་དོན་དེ་ནི་ད་ལྟ་དང་འབྱུང་འགྱུར་གྱི་རྒྱ་ནག་དཔོན་རིགས་ཚོར་རྣམ་པ་ཀུན་ཏུ་ནས་གདོང་ལེན་བྱེད་དགོས་པ་ཞིག་བཟོ་དགོས། དེ་བཞིན་དུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་(དོ་སྣང་ཆེ་བའི་)གནད་དོན་ཞིག་ཏུ་འགྱུར་དགོས། འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་འགའི་ནང་དུའང་རྒྱ་ནག་གི་སྐོར་ལ་བགྲོ་གླེང་བྱེད་སྐབས་(བོད་ཀྱི་གནད་དོན་) དེ་གླེང་སློང་ཐུབ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་རྒྱ་ནག་གི་བཟང་སྤྱོད་ཐོག་ཡང་ཡང་གླེང་སློང་ཡོང་ཐུབ་པ་ཞིག་བཟོ་ཐུབ་དགོས།

འདི་ལྟ་བུའི་(བོད་མིའི་འཐབ་རྩོད་ཀྱི་ནུས་པ་)དེ་མུ་མཐུད་ནས་གསོན་པོར་གནས་ཐུབ་པའི་ལམ་གཅིག་པོ་བ་ནི། གལ་ཏེ་ང་ཚོའི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་ནུས་ཤུགས་ཆེན་པོ་དང་གུ་ཡངས་པོའི་ཐོག་གནས་ཐུབ་རྒྱུ་དེ་ཡིན། འདིར་ངོས་ནས་ “ནུས་ཤུགས་ཆེན་པོ་” ཟེར་དོན་ནི། ང་ཚོའི་འཐབ་རྩོད་ཀྱི་ནང་དུ་མི་མང་པོ་ཞིག་མཉམ་ཞུགས་བྱེད་དགོས་པར་ཟེར་ཅིང་། ལྷག་པར་དུ་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སློབ་མ་དང་གཞོན་སྐྱེས། དེ་བཞིན་ཕྱི་རྒྱལ་བའི་མཐུན་ཚོགས་བཅས་མཉམ་བཞུགས་ཐུབ་དགོས། ངོས་ནས་ “གུ་ཡངས་” ཟེར་དོན་ནི། བློ་ཁ་ཡངས་པོ་དང་ཡོངས་སྒྲིལ་(ཡོངས་རྫོགས་ཐེ་བའི་)རང་བཞིན་ལ་གོ། དེ་ཡང་བསམ་ཚུལ་དང་ཐབས་བྱུས་མི་འདྲ་བ་ངོས་ལེན་བྱེད་པ་ཙམ་མིན་པར་དངོས་སུ་དེ་འདྲ་དགོས་པའི་སེམས་སྐུལ་བྱེད་པ་ལ་ཟེར་གྱིན་ཡོད། དེ་དག་ནི་བློ་གྲོས་ཀྱི་རྩལ་རྒྱས་པ་དང་(འཐབ་རྩོད་ལས་འགུལ་)ནང་དུ་མཉམ་བཞུགས་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བའི་ཆ་རྐྱེན་རྣམས་དང་། མཐར་ཐུག་ན་དེ་དག་གིས་བོད་མི་རྣམས་ལ་གསོན་གནས་དང་ནུས་པ་ཅན་གྱི་གཞི་རྩའི་ལས་འགུལ་ཞིག་ལྡན་པའི་ཐོག་ནས་བོད་མིའི་ཕྱོགས་ནས་རྒྱ་ནག་གི་དཔོན་རིགས་རྣམས་ལ་གནོན་ཤུགས་སྤྲོད་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། བོད་པའི་འཐབ་རྩོད་ལས་འགུལ་ད་བར་རྒྱུན་གནས་ཐུབ་པ་དེ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ཡིན་ནའང་ང་རང་གིས་བསམ་པར་དེ་ཙམ་ཞིག་མ་ཡིན་པར། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་གོ་རྟོགས་ཡག་པོ་ཡོད་མཁན་ཚོར་བརྒྱུད་སྐུལ་དང་སྟངས་འཛིན་རིགས་མ་བྱས་ན་ཡག་པོ་འདུག་སྙམ།

གལ་ཏེ་ང་ཚོས་སྤྱི་ནོར་༸གོང་ས་མཆོག་ནས་གསོལ་སྩལ་གནང་བའི་མང་གཙོའི་ལམ་སྲོལ་གྱི་འཆར་སྣང་ལ་གཟེངས་བསྟོད་བྱེད་པར་འདོད་ན། ང་ཚོས་རྒྱུན་སྲིངས་ནས་མང་གཙོའི་ལམ་སྲོལ་དེ་གོང་འཕེལ་དུ་འགྲོ་བ་ལ་འབད་རྩོལ་བྱེད་དགོས། ང་ཚོ་ནམ་ཡང་མང་གཙོ་ཟེར་ན་ “མང་མོས་ཀྱི་ཁྲིམས་འཛིན་བྱེད་དགོས་པ་” དང་། གྲངས་ཉུང་མི་མངས་ཀྱི་འབོད་སྒྲ་རྣམས་འགོག་པ་དང་རྩིས་མེད་དུ་གཏོང་དགོས་པའི་རྙིང་ཞེན་དང་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་གྱི་རྒྱ་རྙིའི་ནང་དུ་ཚུད་རྒྱུ་མེད། དེང་སྐབས་འཛམ་གླིང་ནང་དུ་འདི་ལྟ་བུའི་མང་གཙོའི་ལམ་སྲོལ་ལྡན་པའི་རྒྱལ་ཁབ་མང་པོ་ཞིག་མཆིས། དེ་དག་ནི་གདུག་རྩུབ་དང་གཅིག་སྡུད་དབང་འཛིན་པ་རྣམས་ཀྱིས་དབང་སྒྱུར་བྱས་ནས་ཡོད། ཁོང་ཚོས་སོ་སོའི་དབང་ཤུགས་དེ་སྲུང་སྐྱོབ་ཐུབ་ཕྱིར་ཕྱིའི་སྣང་ཚུལ་ཙམ་ལ་འོས་བསྡུ་བྱེད་རྒྱུར་དགའ་པོ་ཡོད།

དེར་བརྟེན་ང་ཚོའི་(བཙན་བྱོལ་)བོད་མིའི་འོས་བསྡུའི་གྲུབ་འབྲས་དེ་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་རྗེས་སུ་(སྲིད་སྐྱོང་) གི་འོས་མི་ཤོར་མཁན་དེའི་རྒྱབ་སྐྱོར་བ་རྣམས་ནི་རང་བཞིན་གྱིས་ “གྲངས་ཉུང་”ཆགས་ཀྱི་ཡོད། འོན་ཀྱང་ད་ནི་ཁོང་ཚོའི་འབོད་སྒྲ་རྣམས་ལ་བརྩི་འཇོག་མེད་པའི་དོན་མ་ཡིན་ཏེ། ཁོང་ཚོས་གང་ཞིག་བརྗོད་པ་རྣམས་ཡང་དག་མིན་པ་དང་ཁོང་ཚོའི་འབོད་སྒྲ་རྣམས་བརྩི་འཇོག་མེད་པ་བྱེད་རྒྱུ་མེད། ང་ཚོ་བོད་མི་རྣམས་ཀྱིས་ངེས་པར་དུ་ལེགས་ཆ་ལེན་དགོས་པའི་གུ་ཡངས་ཆེ་བའི་མང་གཙོའི་ལམ་སྲོལ་ཞིག་གི་ནང་དུ། དབང་ཤུགས་ནང་དུ་ཡོད་པའི་སྐྱེ་བུ་ཚོས་གྲངས་ཉུང་མི་མང་གི་འབོད་སྒྲ་དག་ལ་ནམ་ཡང་བཀག་འགོག་བྱེད་རྒྱུ་མེད། “མང་མོས་” (གྲངས་མང་) རྣམས་ཀྱིས་ངེས་པར་དུ་ཁོང་ཚོའི་(གྲངས་ཉུང་བའི་) བསམ་ཚུལ་རྣམས་ཤེས་ཐབས་བྱེད་དགོས་པ་དང་། ཁོང་ཚོར་གོ་སྐབས་བསྐྲུན་ནས་ཁོང་ཚོའི་གཏམ་བརྗོད་ཀྱི་རང་དབང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། ད་དུང་ཁོང་ཚོས་(གྲངས་མང་ངམ་མང་མོས་ཀྱི་)བསམ་ཚུལ་དང་ལངས་ཕྱོགས་དེ་དག་ལ་མོས་མཐུན་མི་བྱེད་ནའང་། ཁོང་ཚོ་རྒྱལ་ཁབ་ཀྱི་(ཆབ་སྲིད་)བགྲོ་གླེང་ནས་ནམ་ཡང་ཕྱིར་འཕུད་དམ་བཀག་འགོག་བྱེད་མི་ཉན། འདི་ནི་དོན་དམ་གྱི་མང་གཙོའི་ལམ་སྲོལ་ལྡན་པའི་སྤྱི་ཚོགས་ཤིག་གི་མཛེས་སྡུག་རེད་ལ། འདི་ནི་ང་ཚོའི་བོད་མིའི་(མང་གཙོའི་)ལམ་སྲོལ་དེ་རྒྱ་ནག་གི་(གཅིག་སྡུད་)ལམ་སྲོལ་ལས་ཐ་དད་ཅིག་ཡིན་པར་ངོས་འཛིན་དགོས་པ་དང་། འདི་ནི་ང་ཚོ་བོད་མི་རྣམས་ཀྱིས་ངེས་པར་དུ་སྤོབས་པ་བྱེད་དགོས་ས་དེ་རེད།

མ་རྩོམ་འབྲེལ་ཐག http://www.tibetanpoliticalreview.com/articles/tibetandemocracyandthefreedommovement

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese