མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གཞུང་སྲུང་སྐྱོབ་པར་ཁ་བྲལ་གྱི་ཉེས་མིང་གཡོཊ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་ལུགས་ཀྱི་ཉེས་མིང་གཡོགས་འདུག

༡༡༡ཕྱི་ཚེས་ ༣༡ ཉིན་ནེའུ་ཡོག་དུས་བབ་ཀྱི་རྒྱ་ཡིག་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ལེན་པ་བོད་རིགས་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཡུལ་ཤུལ་གྱི་བཀག་ཉར་ཁང་ཞིག་ཏུ་ཡུན་རིང་བཀག་ཉར་བྱས་ནས་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཉེན་རྟོག་པ་ཞིག་གིས་ཁོང་གི་ཁྱིམ་མི་ཚོར་ཁོང་དངོས་སུ་འཛིན་བཟུང་བྱས་པའི་བརྡ་ཡིག་ཅིག་སྤྲད་ཡོད་པ་དང་། བརྡ་ཡིག་དེའི་ནང་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་ཡོད་སྐོར་བརྗོད་ཡོད་འདུག

ཁོང་གི་ཁྱིམ་མི་ཚོས་ས་གནས་རང་ནས་ཁོང་ལ་ཁྲིམས་རྩོད་པ་རག་ཐབས་མེད་ལ། སྲིད་གཞུང་གིས་ཁོང་ལ་ག་དུས་ཁྲིམས་བཤེར་བྱ་རྒྱུ་ཡིན་མིན་གྱི་ཉི་མའང་བསྒྲགས་མེད་སྐོར་བརྗོད་འདུག་ལ། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་གཡོགས་པའི་བོད་ཀྱི་བཙོན་པ་མང་པོ་ཞིག་ལ་ཁྲིམས་རྩོད་པ་གླ་རུ་མ་བཅུག་པར་གསང་བའི་ཐོག་ནས་ཁྲིམས་ཐག་གཅོད་བཞིན་ཡོད་སྟབས། གལ་སྲིད་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་ཚུལ་གྱི་ཉེས་མིང་འོག་ཁྲིམས་ཆད་ལག་བསྟར་བྱས་པ་ཡིན་ན། ཁོང་ལ་དུས་ཡུན་ལོ་ངོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཆད་གཅོད་སྲིད་པའི་ཉེན་ཁ་ཡོད་འདུག

ནེའུ་ཡོག་དུས་བབ་ཐོག་བཀོད་པའི་གནས་ཚུལ་ནང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝེ་པའོ་ཐོག་ཏུ་བོད་མི་ཚོས་སོ་སོའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ལ། རྒྱ་གཞུང་གི་མགོ་ཁྲིད་ཚོས་དེ་ལ་རྒྱབ་སྐྱོར་མཐུན་སྦྱོར་བསྐྲུན་དགོས་སྐོར་བརྗོད་ནས་བོད་ལ་རང་སྐྱོང་གི་བདག་དབང་ཆེན་པོ་དགོས་ལུགས་བརྗོད་ཡོད་པ་ལས་བོད་རང་བཙན་སྐོར་ནས་ཅི་གང་བྲིས་མེད་པ་མ་ཟད། ཁོང་གིས་བོད་རང་བཙན་རྩོད་པར་ངོ་རྒོལ་ཡོད་ཅེས་བརྗོད་ལུགས་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་ནག་ནང་ཡོད་པའི་ཨ་རིའི་ཉིག་ཡོག་དུས་བབ་ཡན་ལག་ཁང་གི་བརྙན་ལེན་པ་(Jonah M. Kessel)ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་བོད་མིའི་སྐད་ཡིག་གི་བདག་དབང་རྩོད་ལེན་ཆེད་པེ་ཅིན་དུ་ཞུ་གཏུག་བྱེད་པར་ཕྱིན་པའི་སྐོར་གྱི་བརྙན་ཐུང་སྐར་མ་ ༩ ལྷག་ཅན་ཞིག་བཟོས་ཡོད་པ་མ་ཟད། ཡན་ལག་ཁང་དེའི་འགན་འཛིན་ཧང་ཨན་ཝེ་ལགས་ཀྱིས་༼བོད་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ།༽ཞེས་པའི་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་འོག བོད་ཀྱི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་བཅས་ལ་ཚད་ངེས་ཅན་གྱིས་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་ནས་སྐྱེ་རྒུ་མདོར་ཡོད་པའི་གྲྭ་བཙུན་དང་། པེ་ཅིན་དུ་གནས་སྡོད་བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་སུ་གནད་དོན་འདྲི་ཞིབ་བྱས་པའི་དཔྱད་རྩོམ་རིང་པོ་ཞིག་ནེའུ་ཡོག་དུས་བབ་ཐོག་བཀོད་ཡོད་པ་རེད།

བརྙན་ཐུང་དེའི་ནང་བཀྲ་ཤིས་དབང་ཕྱུག་ལགས་པེ་ཅིན་དུ་ཕྱིན་ནས་ཟླ་གཉིས་ལྷག་རིང་རྒྱ་ནག་དབུས་མི་མང་ཁྲིམས་ཁང་དུ་གནད་དོན་ཞུ་གཏུག་ཆེད། ཁྲིམས་རྩོད་ཞབས་ཞུ་ཁང་བཅུ་གྲངས་ཤིག་ལ་འབྲེལ་གཏུག་བྱས་ཡོད་ཀྱང་། ཁྲིམས་རྩོད་པ་མང་ཆེ་བས་རྒྱ་གཞུང་གི་སློབ་གསོའི་སྲིད་བྱུས་དེས་བོད་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་དེ་དང་ལེན་བྱས་མེད་ལུགས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་བཙན་གནོན་དམ་དྲག་འོག་གི་བོད་ཀྱི་གནས་སྟངས་དངོས་དང་ཁྲིམས་ལུགས་ནང་གསལ་ལྟར་ཞུ་གཏུག་བྱེད་ས་མེད་སྐོར་སོགས་ངོ་སྤྲོད་གནང་འདུག

ཡང་བརྙན་ཐུང་ནང་། ཁོང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ལ་འབྲེལ་བ་བྱས་ཏེ། བོད་ཁུལ་ཡོངས་ཀྱི་སློབ་ཆུང་ནས་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་བསླབ་ཚན་མང་པོ་དེའི་ནང་བོད་ཡིག་བསླབ་ཚན་གཅིག་མ་གཏོགས་མེད་ལ། དེ་ནི་བོད་མི་རིགས་ཀྱི་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས་ཤིག་ཡིན་སྟབས། གནད་དོན་དེ་གོང་རིམ་ལ་ཞུ་གཏུག་བྱེད་འཆར་ཡོད་པ་དང་། དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་དེ་གཏོང་ཐུབ་མིན་འདྲི་སྐབས། ཁ་པར་ལེན་མཁན་བུད་མེད་ཅིག་གིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དཔེར་ན་གློག་འཕྲིན་དང་ཡས་ཏུང་ཚོང་གཉེར་ཁང་སོགས་ཀྱིས་རྒྱ་ཡིག་ཁོ་ན་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། ག་རེ་བྱས་སོང་། དེས་བོད་རིགས་ཚོར་སྟབས་བདེ་མེད་པ་ཞིག་བཟོ་ཡི་འདུག་བསམ་གྱི་ཡོད་དམ་ཞེས་བརྗོད་འདུག་ལ། གནས་ཚུལ་དེ་ཐོ་འགོད་ཀྱིས་འབྲེལ་ཡོད་ལ་སྐད་ཆ་འདྲི་རྒྱུ་ཡིན་ལུགས་བཤད་དེ་གསར་འགྱུར་གཏོང་རོགས་བྱས་མེད་སྐོར་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་ལགས་གིས་ཨ་རིའི་ཉིག་ཡོག་དུས་བབ་ལ་ཞུ་གཏུག་གི་བརྒྱུད་རིམ་དང་དགོས་དམིགས་སོགས་ངོ་སྤྲོད་བྱས་པའི་བརྙན་ཐུང་། http://www.nytimes.com/video/world/100000004063185/china-tibet-activist-cn.html?action=click&gtype=vhs&version=vhs-heading&module=vhs&region=video-area

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese