མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་བོད་མི་ཚོར་འགུལ་ཀྱོག་རྒྱག་གི་མ་འཇུག་ཨཱ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་སྤྱི་ཁྱབ་དམག་དཔོན་སྐུ་ཞབས་ཤུ་ཁོ་ལང་གིས་བལ་ཡུལ་དམག་སྤྱིར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཕྱི་འབྲེལ་དམག་ཇུས་ཐོག་མཉམ་རུབ་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཉིན་ཤས་གོང་བལ་ཡུལ་གྱི་སྲིད་འཛིན་སྐུ་ཞབས་ཀེ་པི་ཤར་མ་ཨོ་ལི་ KP Sharma Oli མཆོག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཕན་ཚུན་བར་ཕུགས་རྒྱང་རིང་པོར་དམིགས་པའི་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད་པའི་བསམ་ཚུལ་ཤུགས་ཆེན་བཏོན་ཡོད་འདུག

བལ་ཡུལ་སྲིད་འཛིན་གྱི་བདུན་ཕྲག་གཅིག་རིང་གི་རྒྱ་ནག་ནང་ལ་འཚམས་གཟིགས་གྲུབ་སྟེ་ཕྱིར་ལོག་མ་ཐག་བལ་ཡུལ་དམག་སྤྱི་སྐུ་ཞབས་ར་ཇིན་དཱ་ར་ Rajendra Chhettri རྒྱ་ནག་ཏུ་བསྐྱོད་དེ། རྒྱ་ནག་གི་དམག་དོན་སྤྱི་ཁྱབ་ཤུ་ཁོ་ལང་ Xu Qiliang ཟེར་བ་དང་། རྒྱ་ནག་བཅིང་འགྲོལ་དམག་མིའི་དམག་སྤྱི་ཧྥང་ Fang རྣམ་གཉིས་དང་ལྷན་ཐུག་འཕྲད་བྱས་ཡོད་འདུག

སྐབས་དེར་རྒྱ་ནག་དམག་དོན་སྤྱི་ཁྱབ་ཀྱིས་བལ་ཡུལ་དམག་སྤྱིར་མངའ་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ཐོག་མཉམ་ལས་འཐབ་ཇུས་ནུས་པ་ཆེ་རུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། བལ་ཡུལ་ནང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དམ་དྲག་ཚགས་ཚུད་བྱུང་བར་བསྔགས་བརྗོད་བྱས་ཤིང་། རྗེས་ཕྱོགས་ཀྱང་མུ་མཐུད་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་དང་གནས་ཚུལ་བརྗེ་ལེན། ཕན་ཚུན་རོགས་ཕན།  སྲུང་སྐྱོབ། རྐྱེན་ངན་གྲོལ་འདོམས་སོགས་ཀྱི་ཐད་མཉམ་རུབ་བྱ་དགོས་པའི་རེ་འདུན་བཏོན་ཡོད་འདུག

བལ་ཡུལ་དམག་སྤྱི་དང་རྒྱ་ནག་བཅིང་འགྲོལ་དམག་མིའི་དམག་སྤྱི་ཧྥང་གཉིས་ཐུག་འཕྲད་སྐབས། དམག་སྤྱི་ཧྥང་གིས་བལ་ཡུལ་ནང་བོད་རང་བཙན་ལས་འགུལ་སྤེལ་མཁན་ཚོར་བལ་ཡུལ་དམག་མིས་བཀག་འགོག་བྱ་རྒྱུའི་རོགས་རམ་བྱེད་དགོས་པ་དང་། བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི་ཆིངས་དོན་གཅིག་དང་གཞུང་ལམ་གཅིག་གི་འཐབ་ཇུས་ཤིག་ཡིན་པ་མ་ཟད། ཕྱོགས་གཉིས་ཀའི་དམག་དོན་འབྲེལ་ལམ་ཡང་འཐབ་ཇུས་དེའི་ཆ་ཤས་ཤིག་ཡིན་སྐོར་སོགས་བརྗོད་ཡོད་འདུག

བལ་ཡུལ་དམག་སྤྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་ཤར་སྐྱོད་བྱ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་པ་དང་། བལ་ཡུལ་ནང་རྒྱ་ནག་ལ་གྱེན་ལོགས་བྱེད་མཁན་རིགས་ལ་བཀག་སྡོམ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་སྐོར། དེ་བཞིན། ཉེ་ལམ་བལ་ཡུལ་ནང་ས་ཡོམ་གོད་ཆག་བྱུང་སྐབས་རྒྱ་ནག་གི་དམག་མིས་རོགས་སྐྱོར་གནང་བར་བསྔགས་བརྗོད། བལ་ཡུལ་དམག་མིས་དུས་རྟག་ཏུ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དམག་མི་དང་གཞུང་ཕན་ཚུན་གཉིས་བར་འབྲེལ་ལམ་སྲ་བརྟན་གཏོང་རྒྱུར་གྲ་སྒྲིག་ཡོད་སྐོར་སོགས་བརྗོད་འདུག

ཐེངས་འདིར་རྒྱ་བལ་དམག་སྤྱི་རྣམ་གཉིས་ཐུག་འཕྲད་དང་བསྟུན་ཏེ། རྒྱ་ནག་གི་དམག་མིས་རྒྱ་སྒོར་ས་ཡ་ ༣༠ བལ་ཡུལ་དམག་མིར་མཁོ་སྤྲོད་བྱ་རྒྱུའི་ཆིངས་ཡིག་ཅིག་བཞག་ཡོད་ཅིང་། དེ་ནི་རྒྱ་ནག་གི་དམག་མིས་བལ་ཡུལ་དམག་མིར་དམག་སྦྱོང་སྤྲོད་རྒྱུ་དང་ཛ་དྲག་ཞབས་ཞུ། ཁ་པར་དང་སྨན་ཁང་བཀོལ་སྤྱོད་སོགས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་འདུག

རབ་རྒྱས་ཀྱིས་བསྡུས།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༥ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 1

  1. ཐོས་པ་དགའ། says:
    ལོ་ 10 སྔོན།

    བལ་ཡུལ་ནང་གི་བོད་པ་དེ་ཚོའི་ནང་ན་སྐད་ཆ་ཕར་བསྐྱེལ་ཚུར་བསྐྱེལ་བྱེད་མཁན་མང་དྲག་ནས་ནམ་ཡིན་ཡང་བོད་པའི་ལས་དོན་ཆེ་ཕྲ་ཆུང་གསུམ་ལེགས་འགྲུབ་ཡོང་འཇུག་གི་མ་རེད། ད་རེ་རེ་བཞིན་དུ་མིང་འདོན་བྱེད་དགོས་པ་འདྲ་བོ་འདུག
    འོན་ཀྱང་བརྒྱུད་ལམ་འདི་ནས་སྟབས་མི་བདེ། ངས་བརྒྱུད་ལམ་གཞན་ཞིག་ནས་མི་ངན་ཁ་ཤས་ཐེར་འདོན་བྱེད་དགོས་བསམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese