མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགན་འཁྲི་དོན་འཁྱོལ་མ་བྱུང་བའི་མི་སྣ་ ༡༥༧ ལ་ཐག་གཅོད་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

འགན་འཁྲི་གཉིས་དོན་འཁྱོལ་མ་བྱུང་བའི་ཉེས་མིང་འོག་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་མི་སྣ་ ༡༥༧ ལ་འདྲི་གཅོད་ཐག་གཅོད་བྱས་ཡོད་འདུག

དེ་རིང་རྒྱ་ནག་བོད་ལྗོངས་དྲ་བའི་ནང་གནས་ཚུལ་ཐོན་པ་ལྟར་ན། འདས་ལོར་མཚོ་སྔོན་ཞིང་ཆེན་གྱིས་འགན་འཁྲི་གཉིས་དོན་འཁྱོལ་མ་བྱུང་བའི་མགོ་ཁྲིད་ལས་བྱེད་མི་སྣ་ ༡༥༧ ལ་འདྲི་གཅོད་ནན་མོ་བྱས་ཏེ་ཐག་གཅོད་བྱས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གཉིས་ཀྱིས་༼ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲི་རྩད་གཅོད་ཐད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས༽དང་། ༼ཁྲིམས་བཤེར་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཅིག་ཟུང་བཤེར་གྱི་ཚོད་ལྟའི་བྱེད་ཐབས༽གཉིས་གཏན་ལ་ཕབ་སྟེ། ཞིབ་བཤེར་ཚན་ཆུང་ཆེད་འཛུགས་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་གི་མགོ་ཁྲིད་ཚན་ཆུང་ ༦༣ ལ་ཞིབ་བཤེར་བྱས་རྗེས། རྗེས་ལུས་ཅན་གྱི་ལས་ཁུངས་ ༩ ལ་དུས་ཆད་གླེང་མོལ་བྱ་རྒྱུ་ཡིན་འདུག

གནས་ཚུལ་བསྒྲགས་པའི་ནང་། གཏན་འབེབས་བྱས་པའི་བྱེད་ཐབས་དེ་གཉིས་ཀྱིས་འགན་འཁྲི་གཙོ་བོའི་ཐད་ཀྱི་གནས་ཚུལ་ ༡༤ དང་། ལྟ་སྐུལ་འགན་འཁྲིའི་གནས་ཚུལ་ ༡༢ དང་། གྱོད་གཅིག་ཟུང་བཤེར་གྱི་གནས་ཚུལ་ ༡༠ བཅས་ལ་རྩད་གཅོད་གསལ་བོ་བྱེད་པར་ཐག་བཅད་ཅིང་། ཐུན་མོང་གི་འགན་འཁྲི་དང་རང་སྒེར་གྱི་འགན་འཁྲི། མགོ་ཁྲིད་གཙོ་བོའི་འགན་འཁྲི་དང་མགོ་ཁྲིད་གཞོན་པའི་འགན་འཁྲི་བཅས་གསལ་བོར་ཕྱེ་ཡོད་པ་མ་ཟད། ཉེས་འཛོལ་དང་ཤུགས་རྐྱེན་ཆེ་ཆུང་ལ་གཞིགས་ཏེ་སྐྱོན་བརྗོད་བྱེད་པ་དང་། བསླབ་འདོམས་སྐུལ་ལྕག་གཏོང་བ། རྩ་འཛུགས་ལེགས་སྒྲིག་དང་གོ་གནས་དབྱུང་བ། ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པ་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ། འགན་འཁྲི་རྩད་གཅོད་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། ཅེས་བཀོད་འདུག

ཡང་གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། ༼༢༠༡༦ ལོའི་མགོ་ལོག་ཁུལ་གྱི་རིམ་པ་དང་པོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་ཞིབ་བྱ་བ་ལག་བསྟར་བྱེད་ལུགས༽ལྟར་མགོ་ལོག་ཁུལ་གྱིས་སྐོར་ཞིབ་ཚན་ཆུང་གཉིས་བཙུགས་ཏེ། རྨ་སྟོད་རྫོང་དང་དགའ་བདེ་རྫོང་གཉིས་སུ་སྐོར་ཞིབ་བྱ་བ་མགོ་བརྩམས་ཡོད་པ་དང་། སྐོར་ཞིབ་བྱ་བའི་གཙོ་གནད་དེ་ཏང་གི་སྒྲིག་སྲོལ་དྲུག་བརྩི་སྲུང་བྱས་ཡོད་མེད་སྐོར་ཡིན་ལ། ཐེངས་འདིའི་སྐོར་ཞིབ་བྱ་བ་ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ནས་ཟླ་ ༥ པའི་ཟླ་དཀྱིལ་དུ་མཇུག་རྫོགས་འཆར་ཡོད་འདུག གཞན་ཡང་། མཚོ་ནུབ་ཁུལ་སྲིད་གཞུང་ནས༼ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་བརྡ་སྦྱོར༽དངོས་སུ་སྤེལ་ཏེ། ཏ་ཐུང་རྫོང་དང་གྲོ་ཚང་ས་ཁུལ་དུ་རྣམ་པ་བཞིའི་སྒོ་ནས་ཏང་ནན་གྱིས་སྐྱོང་བའི་ཚོད་ལྟའི་བྱ་བ་བསྒྲུབ་རྒྱུ་དང་། གཞི་རིམ་ཁག་ཏུ་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡོང་བའི་ཐབས་ལམ་ཕན་འབྲས་ལྡན་པ་ཞིག་འཚོལ་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese