མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ལོ་བཅུ”ཞེས་པའི་གློག་བརྙན་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སྐམ་ས་ཆེན་མོའི་བརྙན་འཕྲིན་དང་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་ཧོང་ཀོང་གྲོང་ཁྱེར་གྱི་གློག་བརྙན “ལོ་བཅུ”ཞེས་པ་དེ་བསྟན་མི་ཆོག་ཟེར།

Screen Shot 2016-04-05 at 2.45.11 PM

ཁ་སང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གྲོང་ཁྱེར་གྱི་ “ལོ་བཅུ” ཞེས་པའི་གློག་བརྙན་དེ་ལ་རེས་གཟའ་ཉི་མའི་མཚན་མོར་ཧོང་ཀོང་གྲོང་ཁྱེར་དུ་ཚུགས་པའི་གློག་བརྙན་དུས་སྟོན་ཞིག་གི་ཐོག་གློག་བརྙན་ ༢༠ ལྷག་གི་གྲས་ནས་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་ཡོད་པ་དང་། གནས་ཚུལ་དེ་རྒྱ་ནག་གི་གློག་བརྙན་འཕྲིན་དང་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་བཀག་སྡོམ་བྱས་ཡོད་འདུག

ཧོང་ཀོང་གི་གློག་བརྙན “ལོ་བཅུ” ཞེས་པ་དེའི་འཁྲབ་ཁྲིད་པ་དང་སྒྲིག་བཟོ་མཁན་ནག་ཀ་ལུང་ (Ng Ka-leung) ཟེར་བ་ཞིག་གིས། ང་ཚོའི་རེ་བར་ཧོང་ཀོང་མི་མང་གིས་ང་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། ང་ཚོས་གློག་བརྙན་འདི་ལ་བརྟེན་ནས་ཧོང་ཀོང་གྲོང་ཁྱེར་གྱི་འབྱུང་འགྱུར་ལ་མནོ་བསམ་གཏོང་འདོད་ཡོད་སྐོར་བརྗོད་ཅིང་། ཧོང་ཀོང་གྲོང་ཁྱེར་གྱི་གློག་བརྙན་དུས་སྟོན་ཁང་གི་འགན་འཛིན་ཌི་རི་ཀ་ཡའེ་ (Derek Yee) ཟེར་བ་ཞིག་གིས། གློག་བརྙན་དུས་སྟོན་མགོ་མ་ཚུགས་པའི་སྔོན་ཏག་ཏག་ལ“ལོ་བཅུ”ཞེས་པའི་གློག་བརྙན་དེའི་འཁྲབ་གཞུང་རྩོམ་པ་པོ་ངེད་སར་ཡོང་ནས“ལོ་བཅུ”ཞེས་པའི་གློག་བརྙན་འདིས་ཕ་རོལ་བོར་དོ་ཕོགས་བཟོ་སྲིད་མིན་སྐོར་དྲིས་སོང་། ངས་ཁོ་ལ་ང་ཚོ་ཞེད་སྣང་སྐྱེས་དགོས་ས་དེ་ཞེད་སྣང་སྐྱེས་ས་རང་རེད། དེ་བས་ང་ཚོ་ཞེད་སྣང་སྐྱེས་ནས་ཡོང་རྒྱུ་ཡོད་མ་རེད། ཅེས་ལབ་ཡོད་སྐོར་བརྗོད་འདུག

ལུ་ཀྲིན་ (Lu Zhen) ཟེར་བའི་རྒྱ་རིགས་ཤིག་གིས་རྒྱ་ནག་གི་ཝེ་པོ་ (Weibo) ཞེས་པའི་སྤྱི་ཚོགས་བརྒྱུད་ལམ་དུ་འདི་ནི་རྒྱལ་ཁབ་ཅིག་གིས་ཁ་བྲལ་བར་འཛིན་པའི་ངོ་རྒོལ་རེད། གློག་བརྙན་འཕྲིན་དང་གནས་འཕྲིན་བརྒྱུད་ལམ་ཁག་སྟངས་འཛིན་བྱེད་མཁན་ཚོས་ཧོང་ཀོང་གི་རང་དབང་ལ་རྒྱབ་སྐྱོར་མཚོན་པའི་གློག་བརྙན་འདི་འགོག་སྡོམ་བྱེད་དོན་ག་རེ་ཡིན་ནམ། ཞེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། “ལོ་བཅུ”ཞེས་པའི་གློག་བརྙན་དེ་ནི་ཕྱི་ལོ་ ༢༠༡༥ ལོར་འཁྲབ་ཁྲིད་དང་སྒྲིག་བཟོ་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ནང་རྒྱ་ནག་སྐམ་ས་ཆེན་མོའི་དབང་སྒྱུར་ལམ་ལུགས་འོག་གི་ཧོང་ཀོང་གྲོང་ཁྱེར་གྱི་རང་དབང་གླེང་སློང་བྱས་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༡༩༩༧ ལོར་རྒྱ་གཞུང་གིས་རྒྱལ་ཁབ་གཅིག་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཏོན་ཏེ་ཧོང་ཀོང་གྲོང་ཁྱེར་ལ་ཚད་མཐོའི་རང་སྐྱོང་དང་སྤྱི་མང་གུ་ཡངས་སྲིད་ཇུས་སོགས་ཁག་ཐག་བྱས་ཡོད་ནའང་། གློག་བརྙན་དེའི་ནང་ ༢༠༢༥ ལོའི་བར་ཧོང་ཀོང་གྲོང་ཁྱེར་དེ་བཞིན་རྒྱ་ནག་སྲིད་གཞུང་གི་དབང་སྒྱུར་དམ་དྲག་འོག་ལྷག་པའི་ངང་ཚུལ་བསྟན་ཡོད་པ་དང་། གློག་བརྙན་དེ་ནི་སྒྲུང་རྩོམ་ཐུང་ཐུང་ ༥ ལྷག་གིས་གྲུབ་ཅིང་། དེའི་ནང་གཙོ་བོ་ཧོང་ཀོང་ཡུལ་མི་ཚོའི་སྡོད་གནས་ཀྱི་གནད་དོན་དང་རྒྱ་ནག་སྲིད་གཞུང་གི་དབང་སྒྱུར་སྲིད་ཇུས། དེ་བཞིན་ས་གནས་ཆབ་སྲིད་སོགས་ཀྱི་གནད་དོན་སྐོར་བྲིས་ཡོད་པ་མ་ཟད། གློག་བརྙན་དེའི་ལེ་ཚན་ཞིག་གི་ནང་ཧོང་ཀོང་རང་དབང་གི་འབོད་སྒྲར་གདུང་སེམས་མཉམ་སྐྱེད་མཚོན་ཐབས་སུ་རྒྱ་རིགས་ཤིག་གིས་དབྱིན་ཇིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་བའི་རྣམ་པ་བཀོད་ཡོད་པ་རེད།

e3dc8e1c-a49f-11e5-9340-91203134f877_1280x720

ད་ལོའི་ཕྱི་ཟླ་དང་པོར་ “ལོ་བཅུ” ཞེས་བའི་གློག་བརྙན་དེ་ཧོང་ཀོང་གི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་ཕུལ་གྲས་སུ་དཔྱད་འདེམས་བྱས་པའི་གནས་ཚུལ་ཕྱི་བསྒྲགས་བྱས་པ་དང་། རྒྱ་གཞུང་གིས་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་འཕྲིན་དང་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་ཕྱི་བསྡུ་དང་འགོག་སྡོམ་དགོས་པའི་བཀའ་རྒྱ་བཀྲམ་ཡོད་པ་ལྟར། རེས་གཟའ་ཉི་མའི་མཚོན་མོར་རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་ཧོང་ཀོང་གྲོང་ཁྱེར་གྱི་གློག་བརྙན་འཕྲིན་གྱི་སྐུད་ལམ་ཁག་ཚང་མ་འགོག་སྡོམ་བྱས་པ་དང་། བརྙན་འཕྲིན་བརྒྱུད་ལམ་ནས“ལོ་བཅུ”ཞེས་པའི་ཧོང་ཀོང་གྲོང་ཁྱེར་གྱི་འབྱུང་འགྱུར་མཚོན་པའི་གློག་བརྙན་དེ་དང་དེའི་གནས་ཚུལ་རིགས་ནག་སུབ་བཏང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese