མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་པའོ་ཞོང་ལ་ཞིབ་བཤེར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་གོ་པའོ་ཞོང་གིས་དམངས་སྒོར་ས་ཡ་ ༨༠ ལྐོག་ཟ་བྱས་ཡོད་པ་དང་ཁོ་དང་འབྲེལ་ཡོད་དཔོན་རིགས་པའོ་ཞི་ལེ་ཡིས་དམངས་སྒོར་ས་ཡ་ ༢༠ ལྐོག་ཟ་བྱས་ཡོད་འདུག

China's Central Military Commission former Vice Chairman General Guo stands at attention during the playing of the national anthem before a meeting at the Pentagon in Washingtonརྒྱ་ནག་ལྷོ་རྒྱུད་ནང་མོའི་གསར་ཤོག་ (scmp) ཅེས་པའི་སྟེང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་ཆེན་མོ་ཟུར་བ་གོ་པའོ་ཞོང་ (Guo Boxiong) གིས་དམངས་སྒོར་ས་ཡ་ ༨༠ ལྐོག་ཟ་བྱས་པའི་ནག་ཉེས་འོག་མུ་མཐུད་ཞིབ་བཤེར་བྱེད་མུས་ཡིན་ལུགས་འཁོད་འདུག

གོ་པའོ་ཞོང་ད་ལོ་ལོ་ ༧༤ ཡིན་ཞིང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་དང་། རྒྱ་ནགམི་དམངས་བཅིངས་འགྲོལ་དམག་ཟེར་བའི་དམག་སྤྱི་ཆེན་མོ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཉེར་ལྔའི་གྲས་སོགས་ཡིན་པ་དང་། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ཁྲོད་ཁོ་ལ་ན་ནིང་ཕྱི་ཟླ་ ༤ བ་ནས་ཞིབ་བཤེར་བྱེད་མགོ་བཙུགས་ཏེ། ཕྱི་ཟླ་ ༧ པའི་ནང་དམར་ཤོག་ཚོགས་ཁོང་ནས་ཕྱིར་ཕུད་བཏང་སྟེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་ལྟ་ཞིབ་ཁང་གིས་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ཁོ་དང་འབྲེལ་ཡོད་དཔོན་རིགས་དང་ནང་མི་བཅས་ལའང་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། གནས་ཚུལ་འདིའི་ནང་གོ་པའོ་ཞོང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་ད་ལྟའི་བར་ཉེས་དོན་སྣ་ཚོགས་ཐོག་ཞིབ་བཤེར་དང་ཁྲིམས་བཤེར་བྱེད་མུས་ཡིན་ལུགས་བཤད་འདུག

འདས་པའི་བདུན་ཕྲག་གཅིག་རིང་གོ་པའོ་ཞོང་གི་ལྐོག་ཟ་རུལ་སུངས་དང་འབྲེལ་ཡོད་ཆེས་མཐོའི་དཔོན་རིགས་ཁག་ལའང་ཞིབ་བཤེར་བྱེད་མགོ་བཙུགས་པ་ཡོད་པ་དང་། དེའི་གྲས་སུ་ཁོའི་བུ་གོ་ཀྲིན་ཀང་ (Guo Zhenggang) དང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཟུར་བ་པའོ་ཞི་ལེ་ (Bo Xilai) དང་ཁོའི་བཟའ་ཟླ་ཀོའུ་ཁེ་ལི་ (Gu Kailai) བཅས་ཡོད་པ་དང་། པའོ་ཞི་ལེ་ཡིས་གོ་པའོ་ཞོང་དང་ཁོའི་ནང་མིའི་འབྲེལ་ལམ་བརྒྱུད་ནས་དམངས་སྒོར་ས་ཡ་ ༢༠ ལྐོག་ཟ་བྱས་ཡོད་པ་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཞི་ཚེ་ཧུའུ་ (Xu Caihou) ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༣ པའི་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ཐོག་འཛིན་བཟུང་བྱས་པ་དང་། ལོ་དེའི་ཕྱི་ཟླ་ ༦ པར་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་ནའང་། ན་ནིང་ཕྱི་ཟླ་ ༣ པའི་ནང་ཁོ་འབྲས་ནད་ཀྱི་རྐྱེན་པས་ཚེ་ལས་འདས་ཡོད་པ་རེད།

1-tibettimes

རྒྱ་ནག་དམར་ཤོག་གཞུང་འབྲེལ་ཡིག་ཆ་ཞིག་གི་ནང་རྒྱ་ནག་གི་ལྷན་ཁང་ཁག་ཡོངས་ཀྱི་དཔོན་རིགས་མང་ཤོས་གོ་པའོ་ཞོང་ནང་བཞིན་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡོད་ལུགས་འཁོད་འདུག

རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་གོ་པའོ་ཞོང་གི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་དོན་སྐོར་བཀོད་པའི་ནང་། རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ལ་གུ་ཡངས་དང་བཟོད་སྲན་གཏན་ནས་མེད་པའི་དམར་ཤོག་ཚོགས་པའི་རྩ་འཛིན་གསལ་བོར་བསྟན་འདུག

སྔོན་ཆད་ཧུ་ཅིན་ཐོའི་སྲིད་དབང་སྐབས་སུ་གོ་པའོ་ཞོང་ཆེད་གཉེར་དམག་དོན་པ་དང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་བཅས་སུ་བསྐོ་བཞག་བྱས་ཡོད་ནའང་། འདས་པའི་མི་ལོ་བཅུ་ཕྲག་ཅིག་རིང་ཁོ་ལ་རྒྱལ་ཁབ་ཀྱི་ཉེས་དོན་སྣ་ཚོགས་ཐོག་ཉིན་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། ཁོས་སྔོན་ཆད་ལན་ཀྲུ་དམག་ཁུལ་གྱི་དབང་ཤུགས་གཙོ་བོ་བཟུང་ཡོད་ནའང་། ད་ལོར་ལན་ཀྲུ་དམག་ཁུལ་གྱི་སྒྲིག་ཁྲིམས་ལ་བཅོས་བསྒྱུར་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese