མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྲུང་བཀའ་བློན་དགོངས་ཞུའི་དོན་གནད་ལ་ལྟ་པ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་གྲོགས་པོ་ཞིག་གིས་ཞོགས་པ་བདེ་སྲུང་བཀའ་བློན་དགོངས་པ་ཞུས་ཚུལ་ཟེར་གྱི་འདུག་པས་དེ་བདེན་པ་ཡིན་ནམ་ཞེས་སྐད་ཆ་དྲིས་བྱུང་། ངས་གནས་ཚུལ་དེ་གོ་ཐོས་མ་བྱུང་བས་ལམ་སེང་འབྲེལ་ཡོད་ལས་བྱེད་གཅིག་ལ་ཁ་པར་བཏང་ནས་སྐད་ཆ་བྲིས་པར་བདེན་པ་རེད་ཟེར། དེ་རྗེས་གྲོགས་པོ་འགའ་ཤས་དང་དེའི་སྐོར་སྐད་ཆ་བྱུང་། ཉིན་རྒྱབ་ཚུ་ཚོད་ ༢ པའི་རྗེས་ནས་རིམ་བཞིན་བརྒྱུད་ལམ་ཁག་ནས་གཞུང་འབྲེལ་གསལ་བསྒྲགས་དང་། གསར་འགོད་པ་ཁག་གཅིག་གིས་བཀའ་བློན་མཆོག་གི་ལས་ཤག་ལ་ཆེད་བཅར་ཞུས་ཏེ་བཀའ་འདྲི་གནང་བར་ཁོང་ཉིད་ནས་དགོངས་པ་ཞུ་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་གསུངས་པའི་བརྙན་པར་བརྒྱུད་ལམ་ཁག་ནས་གཅིག་མཇུག་གཉིས་མཐུད་ཀྱིས་ཐོན་སོང་། སྤྱིར་མང་གཙོའི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་ནི་མང་གཙོའི་ཀ་བ་བཞི་པར་ངོས་འཛིན་གདེང་འཇོག་གནང་གི་ཡོད་ཀྱང་བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་འགའ་ཤས་ཀྱིས་གནས་ཚུལ་ལ་བལྟས་ནས་གང་ཟག་ལ་བསྒྱུར་བཅོས་གཏོང་རྒྱུ་ལས་ལྡོག་ཏེ་གང་ཟག་ལ་བལྟས་ནས་གནས་ཚུལ་ལ་བསྒྱུར་བཅོས་གཏོང་བའི་གཤིས་ལུགས་ངན་པ་ཞིག་རྒྱུན་འཇགས་སུ་ཡོད་པ་བཞིན། བདེ་སྲུང་བཀའ་བློན་དགོངས་པ་ཞུས་པའི་གནས་ཚུལ་གྱི་ཁ་ཕྱོགས་ལའང་ཕར་འཐེན་ཚུར་འཐེན་བྱེད་མགོ་ཚུགས་སོང་། འདི་ལོའི་འོས་བསྡུའི་ལས་རིམ་ཁྲོད་ཀྱི་གོམས་གཤིས་ངན་པ་དེ་ད་དུང་དག་སེལ་མཚམས་འཇོག་བྱུང་མེད་པས་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུའང་དེ་མཚུངས་བཤད་ཡམ་སྤེལ་མགོ་ཚུགས།

དགོངས་ཤོག་ཕུལ་བའི་རྒྱུད་རིམ།

སྐུ་ངོ་བཀའ་བློན་མཆོག་གློ་བུར་དགོངས་སྙན་ཕུལ་བའི་རྒྱུད་རིམ་ལ་བལྟས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་འཕྲོད་བསྟེན་ལྷན་ཁང་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨན་བཅོས་ལྟ་སྐྱོང་ཐད་འཐུས་ཤོར་ཆེན་པོ་ཕྱིར་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་ཆག་འགྲོ་གི་ཡོད་པ་སོགས་ཀྱི་ཐད་བཀའ་སློབ་ལྕི་ནན་ཕེབས་པ་དང་། དེ་ནས་འཕྲོས་ཏེ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ནང་སྐུ་ངོ་སྤྱི་འཐུས་རྣམ་པའི་ཆ་ཤས་བཞེས་སྟངས་དང་། བཀའ་ཤག་ལྷན་རྒྱས་ནང་བཀའ་བསྡུར་ཇི་བྱུང་། འཕྲོད་བསྟེན་ལྷན་ཁང་ནས་༸གོང་ས་མཆོག་ལ་དགོངས་སེལ་སྙན་ཞུ་འབུལ་སྟངས། དེའི་མཇུག་དེ་མ་ཐག་ཏུ་གཞུང་བསྟེན་ལྷ་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། ཚེ་རིང་མཆེད་ལྔ་སྐུ་གསོལ་སྐབས་བཀའ་ལུང་རྔམ་བརྗིད་ལྗིད་ཅན་ཕེབས་པ་སོགས་ཀྱི་རྒྱུད་རིམ་ཆ་ཚང་ལ་དགོངས་པ་གཟབ་ནན་ཡང་ནན་ཏུ་བཞེས་ཏེ་སྤྱི་དོན་ཐད་ལྷ་བླའི་གཟིགས་ཚུལ་འདི་ལྟ་བུ་ཡོད་མུས་ཐོག་ད་དུང་སྤྱི་མ་སྤོམ་བཤད་བྱས་ཏེ་སྡོད་ཐབས་མི་འདུག་དགོངས་ཏེ་བློ་ཐག་རྦད་བཅད་ཀྱིས་སྐུ་ངོ་སྲིད་སྐྱོང་མཆོག་གི་སྐུ་མདུན་དུ་བཅར། ཡང་སྐྱར་བཀའ་བློན་ཞིག་རྩ་དགོངས་ཞུ་བར་ཕེབས་པ་དེས་སྐུ་ངོ་སྲིད་སྐྱོང་མཆོག་ཐུགས་ཚབས་ཆེན་པོ་བྱུང་སྟེ་ཛ་དྲག་ཐོག་བཀའ་ཤག་ལྷན་རྒྱས་ཚུགས་པ་དང་། སྐུ་ངོ་བཀའ་བློན་མཆོག་གི་དགོངས་ཤོག་ཕྱིར་འཐེན་ཡོང་བའི་རེ་བ་ཞུས་ཀྱང་སྐུ་ངོ་བཀའ་བློན་མཆོག་ནས་སེམས་ཐག་གཙང་བཅད་ཟིན་པ་ཡིན་སྐོར་ཞུས་པས། ཚོགས་ཐོག་དེ་རང་ནས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དགོངས་འཁྲོལ་ཐོག་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཀྱིས་བདེ་སྲུང་བཀའ་བློན་གཅིག་ལྕོགས་གནང་རྒྱུའི་ཐག་གཅོད་དང་འབྲེལ་གཞུང་འབྲེལ་གསལ་བསྒྲགས་བསྐྱངས་འདུག སྐུ་ངོ་བདེ་སྲུང་བཀའ་བློན་ནི་དོན་གནད་ཅིག་གི་ཐོག་ཐག་གཅོད་གནང་རྒྱུར་གཟབ་ནན་ཆེ་བ་དང་ཐག་གཅོད་བྱས་ཟིན་པའི་ཐད་འགྱུར་བ་རྩ་བ་ནས་མི་གཏོང་མཁན་ཞིག་ཡིན་པར་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ནང་ཡོངས་སུ་གྲགས་པ་བཞིན་ད་རེས་ཁོང་གི་ཐག་གཅོད་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་མེད་པ་རེད།

དགོངས་ཞུའི་རྒྱབ་ལྗོངས་རྒྱུ་རྐྱེན་ཇི་ཡིན།

ཕྱི་ལོ་ ༢༠༡༦ ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་རྒྱུད་རིམ་ནང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ནས་གྲོས་ཚོགས་སུ་སྔོན་ཚུད་ནས་འོས་མི་རྣམ་པ་དང་རྒྱབ་སྐྱོར་བ་རྣམས་ནས་སྐྱབས་བཅོལ་བའི་གནས་བབས་ངོས་འཛིན་ཐོག་ཡུལ་མིའི་མཐོང་སྣང་མི་མཛེས་པ་མི་ཡོང་བའི་ཐད་ཡིད་གཟབ་བྱ་དགོས་པའི་སྔོན་བརྡ་ཐོག་མར་བཏང་ཡོད་པ་དེ་ནི་མྱོང་ཅན་རྒད་པོའི་འབེལ་གཏམ་རང་བྱུང་ཡོད། སྲིད་སྐྱོང་དངོས་གཞིའི་འོས་མི་གཉིས་ཀྱི་བགྲོ་གླེང་འགོ་ཚུགས་ཁྲོད་ཕྱོགས་སོ་སོའི་རྒྱབ་སྐྱོར་བ་སོགས་ཀྱིས་རྐྱེན་བྱས་ཏེ་གླེང་གཞི་ཆེན་པོར་གྱུར། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་བར་ཐག་རིང་པོ་དེས་ཆེད་དུ་སྤྱི་ཚོགས་འཁྲུགས་སའི་གཞི་རྟེན་ལྟ་བུར་གྱུར་ཏེ་བཟང་སྤྱོད་ལས་འདས་པའི་གོང་བུ་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་འགྲོ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་བྱུང་བར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གནད་ཡོད་སྐུ་བགྲེས་མང་པོར་ཐུགས་ཚབས་དགོངས་བབས་མ་བྱུང་བ་དང་། ལྷ་མི་ཀུན་སྤྱོད་གཅིག་པའི་རྟེན་འབྲེལ་འོག་གཞུང་རྟེན་ལྷ་སྲུང་རྣམས་ཀྱང་ཐུགས་ཁྲེལ་ཏེ་༸རྒྱལ་བའི་ལྷ་དགོངས་འཁྲུགས་གཞིར་གྱུར་པའི་ལས་ཚབས་ཆེ་བ་བསགས་ན་སྐུ་ཕྱྭའི་འགན་ལེན་མི་བཟོད་པའི་རྡོ་རྗེའི་བཀའ་ལུང་བརྗིད་ནན་ཕེབས་པར་བརྟེན་བཀའ་སྤྱི་ལྷན་རྒྱས་ནས་དེའི་ཐད་དགོངས་པ་གཟབ་བཞེས་གནང་རྒྱུ་ནི་གནད་ཀྱི་དོན་པོ་རེད།

སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ནས་མི་ལོ་བཞི་བཅུ་ཙམ་རིང་བདེ་སྲུང་ལས་ཁུངས་སུ་ཕྱག་ལས་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་ཁག་ཏུ་སྐུའི་གསང་བ་གསུམ་གྱི་མཛད་པ་རླབས་པོ་ཆེ་རྒྱས་བཞིན་པའི་གལ་ཆེའི་དུས་ཡུན་ནང་སྐུ་ཕྱྭའི་ལས་འགན་རྐང་བཞེས་གནང་བའི་ཉམས་མྱོང་འོག་གཟུགས་ཅན་དང་གཟུགས་མེད་གཉིས་ཀའི་ཕྱར་གྲུ་མཉམ་འདེགས་མེད་ཐབས་མེད་པའི་རྒྱུས་མངའ་ཡོད་པས། ད་རེས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་སྐུ་ཕྱྭར་འགན་བཟོད་ཐབས་མེད་པའི་བཀའ་ཕེབས་པ་དེ་ནི་གོས་ཐུང་གི་སྐེད་རགས་དཔྱི་མགོའི་འོག་ནས་འཆིང་མཁན་གྱི་དེང་རབས་ཕོ་གསར་མོ་གསར་ཚོ་དང་། ཁ་ཕྱི་བལྟས་ཀྱི་ཤགས་འགྱེད་པ་ལ་དགའ་བའི་རྟོག་གེ་མགོ་མཁྲེགས་ཅན་ཚོའི་སེམས་ནང་དངངས་ཚབས་དེ་ཙམ་མེད་ངེས་ཀྱང་། སྐུ་ཕྱྭའི་སྲི་ཞུ་བ་རྒད་པོ་མྱོང་ཅན་ཁོང་ལྟ་བུ་ཞིག་གི་ངོས་ནས་ཐུགས་ཚབས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི་གདོན་མི་ཟ་བ་རེད། དེར་བརྟེན་བཀའ་བློན་མཆོག་ནས་དགོངས་པ་གཟབ་ནན་བཞེས་ཏེ་ལུགས་མཐུན་བཟང་སྤྱོད་ཀྱི་ཐོག་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་གནང་ཡོད་པ་རེད་འདུག།།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. བློ་བརྟན། says:
    ལོ་ 10 སྔོན།

    དགོངས་པ་ཞུས་ན་བཟང་སྤྱོད་ཨེ་ཡིན། བཟང་སྤྱོད་ཡིན་ན་དགོངས་པ་ཞུ་དགོས་པའི་ཕྱིར།་་་་་་་་་ང་གྲྭ་པ་མིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese