མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དྲན་པ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

བདེ་སྲུང་ལས་བྱེད་ཟུར་པ་ལྷག་པ་ཚེ་རིང་།

མི་ལོ་ཧྲིལ་པོ་བཞི་བཅུའི་རིང་བོད་བསྟན་སྲིད་དང་མི་རིགས་སྤྱིའི་སླད་དུ་རང་ཟོན་སྤངས་ཏེ་ཞབས་འདེགས་སྒྲུབ་མཁན་དང་། གཞིས་བྱེས་གཉིས་ཀྱི་འབྲེལ་ཟམ་ལྟ་བུར་གྱུར་པའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནས་ཉེ་ལམ་རང་ཐག་རང་གཅོད་ཀྱིས་བཀའ་བློན་གྱི་མཛད་འགན་ནས་ལུགས་མཐུན་དགོངས་པ་ཞུ་འཁྲོལ་བྱུང་བའི་བཀའ་དྲུང་ཡིག་ཚང་གི་གསལ་བསྒྲགས་དྲ་ལམ་ནས་མཐོང་མ་ཐག །ངས་གང་ཉིད་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་དང་བརྩི་བཀུར་ཞུས་པ་ཡིན། དེའི་རྒྱུ་མཚན་ནི། སྐུ་ངོ་མཆོག་གིས་རྒྱུན་དུ་ཐག་གཅོད་ཆུང་ཙག་གི་རིགས་ལའང་དགོངས་པ་ཞིབ་ཕྲ་བཞེས་གནང་གི་ཡོད་སྟབས། ད་རེས་ཀྱི་གནད་དོན་གལ་ཆེ་འདི་ལྟ་བུར་ཕྱོགས་ཡོངས་ནས་དགོངས་བཞེས་ཞིབ་ཕྲ་གནང་སྟེ་ཐག་གཅོད་མཛད་ཡོད་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།

ཕྲན་ལ་མཚོན་ན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གི་སྐུ་འགྲམ་དུ་མི་ལོ་ཧྲིལ་པོ་ཉི་ཤུའི་རིང་སྲི་ཞུ་བསྒྲུབས་མྱོང་སྟབས་སྐུ་ངོ་མཆོག་གི་རྒྱུན་གཏན་བབ་ལྷིང་བརྟན་གསུམ་གྱི་ཕྱག་ལས་མཛད་ཕྱོགས་མཐའ་དག་ལ་མིག་མཐོང་ལག་ཟིན་གྱི་ཆ་རྒྱུས་ཟབ་མོ་ཡོད། སྐུ་ངོ་ཁོང་གིས་ལྷག་བསམ་རྣམ་དག་ངང་ཉིན་རེའི་མཛད་འགན་བཞེས་སྟངས་ཀྱི་ཐོག་ནས་ཉེ་འཁོར་གྱི་ལས་བྱེད་ཆེ་ཕྲ་ཡོངས་ལ་རྒྱུན་པར་སྐུལ་ལྕག་དང་འགན་འཁྲིའི་སེམས་ཚོར་སྦྱིན་པའི་ལེགས་ཆ་ནི་བརྗོད་ཀྱི་མི་ལང་བ་ཞིག་རེད།

ཕྲན་རང་ལ་མཚོན་ན། བོད་ནང་འཚར་ལོངས་བྱུང་སྟེ་རྒྱ་དམར་གྱི་བཙོན་དོང་ནང་སྡུག་སྦྱོང་ཕོག་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་གྲས་ཤིག་ཡིན། བཙན་བྱོལ་དུ་འབྱོར་རྗེས་ནད་མནར་དཀའ་སྡུག་འཕྲད་པའི་སྐབས་སུ། ཕ་མས་བུ་ཕྲུག་སྐྱོང་བ་ལྟར་དུ་གཟིགས་རྟོགས་བཀའ་དྲིན་བསྐྱངས་ཏེ་མཐའ་མ་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་བདེ་སྲུང་ལས་ཁུངས་ནང་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བསྐྲུན་པ་སོགས་བོད་ནས་འབྱོར་བའི་སྲིད་དོན་བཙོན་ཟུར་ཞིག་ལ་གཟིགས་སྐྱོང་གནང་བའི་དཔེ་མཚོན་འཇོག་ཡུལ་ཞིག་ཏུ་བྱས་ཀྱང་མི་ཆོག་པ་མེད།

བདེ་སྲུང་གི་ལས་སྣེར་འཁོད་རྗེས་རིམ་པས་ཕྲན་ལ་བདེ་སྲུང་ལས་ཁུངས་ཀྱི་བོད་གནས་དང་འབྲེལ་བའི་འགན་འཁུར་དང་། སྐུ་ངོ་བཀའ་བློན་མཆོག་གི་སྒེར་དྲུང་གི་ལས་འགན་གནང་བས། དུས་ཡུན་དེའི་རིང་སྐུ་ངོ་མཆོག་ནི་བོད་ནང་གི་གནས་སྟངས་མཁྱེན་རྒྱ་ཟབ་མོ་ཡོད་མཁན་ཞིག་དང་ཐུགས་སྣང་ཅན་ཞིག་ཡིན་པའི་ངེས་ཤེས་བྱུང་ལ། ཐེངས་གྲངས་མང་པོར་བོད་ནང་གི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་ཕྱི་ནང་གི་བསམ་ཚུལ་བརྗེ་ལེན་དང་། འབྲེལ་ཟམ་ལྟ་བུའི་ཕྱག་ལས་རླབས་ཆེ་གནང་ཡོད་པ་སོགས་ནི་རེ་རེ་བཞིན་ཞུ་ཐབས་མེད་པ་ཞིག་རེད།

སྐུ་ངོ་ཁོང་བོད་ནང་དཀའ་ལས་བརྒྱབ་སྟེ་བཙན་བྱོལ་དུ་བསླེབས་པའི་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས་འབྲེལ་ཡོད་སོགས་ལ་དབྱེ་འབྱེད་མེད་པར་རྒྱུན་དུ་གཟིགས་རྟོགས་དང་ལམ་སྟོན། མཐུན་འགྱུར་ཇི་ཡོད་ངེས་པར་གནང་དགོས་ངེས་ཡིན་པའི་དགོངས་ཚུལ་ཤུགས་ཆེར་འཛིན་མཁན་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་ལྷན་ཚོགས་ནང་། དེའི་སྐོར་གླེང་སློང་ཡང་ཡང་གནང་བ་དང་། དེ་བཞིན་སྐུ་ངོ་མཆོག་དྲུང་ཆེའི་ཐུགས་འགན་བཞེས་མུས་སུ་ཨོ་སི་ཊོ་ལི་ཡར་བོད་མི་གཞིས་བསྐྱོད་བྱ་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་བྱུང་སྟེ། གོ་སྐབས་འདི་བཞིན་བོད་ནས་ཕེབས་པའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད་ཚོར་གནང་ཐུབ་པའི་གཞུང་འབྲེལ་གྱི་སྲིད་བྱུས་དེ་ད་ལྟ་བར་ཧྲ་ཐག་གེར་གནས་ཡོད་པ་དེ་ཚོའི་ཐོག་ཏུ་སྐུ་ངོ་བཀའ་བློན་མཆོག་གིས་ནུས་པ་ཤུགས་ཆེ་བཏོན་ཡོད།

ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐད། རྒྱུན་པར་ལས་བྱེད་ཆེ་ཕྲ་ཡོངས་ལ་སྐུ་ཕྱ་སྲུང་སྐྱོབས་ཀྱི་ལས་འགན་ནི་ལུས་དང་གྲིབ་མ་འགྲོགས་པ་བཞིན་ཡིན་པས་དུས་ཚོད་དང་ས་གནས་ཀྱི་དབྱེ་མཚམས་མེད་པར་ངེས་པར་དུ་ཚང་མས་འཁུར་མཉམ་ལེན་དགོས་པའི་བསླབ་བྱ་ནན་པོ་གནང་སྟེ་དོ་ནན་ཞིབ་ཚགས་གནང་མཁན་ཞིག་ཡིན་ཞིང་། སྐུ་ཕྱྭའི་ལས་དོན་ཐད། གཡས་ཁག་གཡོན་དཀྲི་མེད་པར་སྐབས་འཕྲལ་སོ་སོར་བརྡ་དེད་དང་། སྐུ་ཕྱྭར་བདོ་བའི་ལས་ངན་རྩོམ་མཁན་ཡོངས་ལ་མདུན་དུ་མཆོངས་ཏེ་བཤད་ཕོད་པ་དང་བྱེད་ཕོད་པའི་ཐབས་བྱུས་ཐོག་ནས་གདོང་ལེན་ཞུས་ཡོད་པར་བརྟེན། ད་བར་སྐུ་ཕྱྭར་བདོ་བའི་ལས་ངན་རྩོམ་མཁན་ཡོངས་ལས་རྣམ་པར་རྒྱལ་ཏེ་རྐྱེན་ངན་གང་ཡང་བྱུང་མེད་པའི་མཛད་རྗེས་དེའི་ཁྲོད་དུ་སྐུ་ངོ་མཆོག་གི་མཛད་རྗེས་ནི་བསུབ་ཐབས་མེད་པའི་རྡོ་རིང་ལྟར་དུ་གནས་ཡོད།

མཐའ་དོན་ཡིག་ཚོགས་ལ་འཇིགས་ཏེ་རིང་པོར་འབྲི་བར་ངལ་བ་མ་བྱས་ཀྱང་། གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་དེའི་ནང་མི་ལོ་ཉི་ཤུའི་རིང་སྲི་ཞུ་གྲུབ་རིང་། ངས་མཐོང་ཐོས་མྱོང་གསུམ་བྱུང་བའི་གཞུང་ཞབས་སྲི་ཞུ་བ་དང་། རྒྱ་ཆེའི་མང་ཚོགས། ལྷག་པར་གཞིས་ཞུགས་བོད་མི་ཚོས་ཆེ་མཐོང་ཆེ་ཤོས་ཞུ་ཡུལ་བཀའ་བློན་ཞིག་བྱུང་ཡོད་པ་དེ་ནི་འབྲོང་ཆུང་དངོས་གྲུབ་ལགས་ཡིན་ཞིང་། དེ་འདྲའི་བཀའ་བློན་ཞིག་ཕྱིས་སུ་འབྱུང་མིན་ཞུ་དཀའ་ཡང་། སྔོན་ཆད་བྱུང་མེད་པ་ནི་ངེས་གཏན་རེད།

ད་ལན་སྐུ་ངོ་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནས་རང་ཐག་རང་གཅོད་ཀྱིས་བཀའ་བློན་གྱི་མཛད་འཁུར་ནས་བཟང་སྤྱོད་ཐོག་ནས་དགོངས་ཞུ་གནང་བར་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་བཞིན་ཡོད།། །།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. བཀྲ་ཤིས་ཆོས་འཕེལ། says:
    ལོ་ 10 སྔོན།

    བྱས་རྗེ་ཅན་གྱི་བདེ་སྲུང་བཀའ་བློན་དང་། །
    ལྷག་བསམ་ཅན་གྱི་ཟླ་བ་ཚེ་རིང་སོགས། །
    ཆོས་ཀྱི་ཆོལ་ཁའི་ཁོངས་གཏོགས་ཡིན་མོད་ཀྱང་། །
    རླབས་ཆེན་གཞན་ཕན་ཆོལ་གསུམ་ཆེད་དུ་བསྒྲུབས། །

    Reply
  2. Tenzin says:
    ལོ་ 10 སྔོན།

    དེ་འདྲའི་སྲུང་མའི་ཤུགས་དྲགས་

    Reply
  3. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    བཀུར་འོས་བཀའ་བློན་ཁོང་གི་མཛད་རྗེས་དང་ལྷག་བསམ་ལ་སྨྱུག་ཐོག་པ་ཚོས་རིམ་གྱིས་གླེང་ཡོང་དུས་ད་དུང་ཁོང་ཉིད་མུ་མཐུད་གཞུང་ཞབས་ལ་ཞུགས་ན་ཅི་མ་རུང་སྙམ། ཡིན་ནའང་ཁོང་གི་རང་སྣང་གང་དྲན་མིན་པར་རང་ཐག་རང་གཅོད་ཀྱིས་ངང་ལུགས་མཐུན་དགོངས་ཞུ་དེས་ཀུན་ལ་བསམ་གཞིག་ཞིག་རེ་སྟེར་བ་དང་ཡི་རངས་ཀྱི་གནས་སུ་མཆིས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese