མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོང་ཆུང་དངོས་གྲུབ་མཆོག་དྲན་པའི་ཚོར་འདུ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ།

1111༄༅། མཆོག་ཏུ་བཀུར་འོས་པའི་བདེ་སྲུང་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག གུས་མོས་སེམས་གཏིང་ནས་ཁྱེད་ལ་རྗེས་དྲན་གྱི་ཚིག་འབྲུ་འགའ་ཞུ་འདོད་བྱུང་སོང་།

ཁ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་སྐུ་ངོ་མཆོག་གིས་བར་ལམ་༧གོང་ས་མཆོག་གི་བཀའ་སློབ་དང་ཆོས་སྐྱོང་སྲུང་མའི་བཀའ་ལུང་གཞི་ལྗིད་པོ་དེ་དག་ཕེབས་པར་ཐུགས་འགན་མ་བཟོད་པར་བཟང་སྤྱོད་ཀྱི་ཐོག་ནས་བཀའ་བློན་གྱི་མཚན་གནས་ནས་དགོངས་པ་ཞུས་གནང་མཛད་པའི་གསལ་བསྒྲགས་དེ་ཐོས་མ་ཐག གུས་མོའི་སེམས་ནང་ཤིན་ཏུ་མི་བདེ་བ་ཞིག་དང་སྐྱོ་སྣང་དྲག་པོ་ཞིག་བྱུང་སོང་།

ལྷག་བསམ་དང་ཉམས་མྱོང་མཁྱེན་ཡོན་སོགས་ཀྱིས་ཤིན་ཏུ་ཕྱུག་པའི་དབུ་ཁྲིད་ཁྱེད་ནི་ངེད་ཅག་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་གནང་མཁན་གལ་འགངས་ཤིན་ཏུ་ཆེ་བའི་མི་སྣ་མེད་དུ་མི་རུང་བ་ཞིག་ཡིན་པ་སྨོས་ཅི་དགོས།

དེར་མ་ཟད། ད་བར་སྐུ་ངོ་མཆོག་ནས་མི་ལོ་ཧྲིལ་བོ་བཞི་བཅུ་ལྷག་རིང་བོད་རྒྱལ་ཁབ་དང་མི་རིགས་བཅས་ཀྱི་སླད་དུ་བཙན་བྱོལ་སྤྱི་ཚོགས་ནང་ཧ་ཅང་དཀའ་ངལ་་གཉན་འཕྲང་གི་དུས་རིམ་ཞིག་གི་ནང་དུ། སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་རླབས་ཆེན་གནང་བའི་རིང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སེམས་ནང་དྲོད་སྐྱིད་ཅིག་བཞག་གནང་མཛད་ཡོད་པ་མ་ཟད། མི་མང་གིས་སྐུ་ཉིད་ལ་རེ་བ་དང་ཡིད་ཆེས་ཧ་ཅང་ཟབ་པའི་རྐྱེན་གྱིས་སྐུ་ཉིད་ཀྱིས་ལམ་སྟོན་གང་ཞིག་གནང་ཡང་ཡིད་གཉིས་ཐེ་འཚོམ་མེད་པར་ཤར་སྐྱོད་དང་ལེན་བྱེད།

ཁྱེད་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཡིད་ཆེས་བློ་གཏད་བཅོལ་ཡུལ་དབུ་ཁྲིད་བཟང་པོ་ཞིག་ཡིན་ལ། ཁྱེད་ནི་བོད་ནས་འབྱོར་བའི་སྐྱབས་བཅོལ་བོད་མི་སྤྱི་དང་། ཡང་སྒོས་ཆབ་སྲིད་བཙོན་པ་དང་འབྲེལ་ཡོད་འབྲེལ་ཆགས་ཚོའི་བདེ་སྡུག་ཞུ་ཡུལ་གྱི་སེམས་ཐག་ཉེ་ཤོས་ཀྱི་མི་སྣ་ཞིག་ཡིན།

གུས་མོ་ཐོག་མར་སྐུ་ཉིད་ལ་མཇལ་སྐབས། ཁྱེད་ནི་བབ་རླིང་དང་བརྟན་གསུམ་ལྡན་ཞིང་། བྱམས་བརྩེའི་འཛུམ་བག་དང་བཅས་གུས་མོར་བཀའ་འདྲི་ཞུས་པ་དང་། བཀའ་སློབ་ལམ་སྟོན་མང་པོ་གནང་དེ་དག་གིས། ཚིག་ངན་སྡང་མིག་དང་བཙན་པོ་དབང་ཡོད་དཔོན་ངན་རིང་ལུགས་པའི་འོག་ནས་བྲོས་ཐར་བྱུང་མ་ཐག་པའི་གུས་མོར་ཡང་། འཇིགས་ཞུམ་བྲལ་ཞིང་སེམས་ཁུངས་ལ་དྲོད་སོབ་སོབ་ཀྱི་བློ་སྟོབས་ཤིག་སྦྱིན་སོང་།

སྐུ་ངོ་མཆོག་ཁྱེད་ནི་ངེད་བོད་མི་ཚོས་ནམ་ཡང་བརྗེད་པར་དཀའ་བའི་དབུ་ཁྲིད་བཟང་པོ་ཞིག་ཡིན་ལ། ཁྱེད་ཀྱིས་ཐུགས་ཐག་བཅད་པའི་དོན་བྱ་གང་ཞིག་ཡིན་ཡང་། ང་ཚོས་ཡིད་ཆེས་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་ཞུ་འདོད་བྱུང་སོང་།

ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༢ ལ་ཕུལ།།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༡ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese