མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡས་བསླངས་པའི་ལྷོ་ཀོ་རི་ཡའི་དངངས་འཚབ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་དེ་ལྷོ་ཀོ་རི་ཡའི་ཤི་གསོན་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ངེས་པར་ཤེས་དགོས་ཟེར།

Screen Shot 2016-04-19 at 5.13.18 PM

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་ཕྱི་འབྲེལ་སྤྱི་ཁྱབ་བློན་ཆེན་ཞེན་བྷོམ་ཆུལ་ (Shin Beomchul) ཟེར་བ་ཞིག་གིས། བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་སྐྲུན་བྱས་ཏེ་ལྷོ་ཀོ་རི་ཡར་ཚུར་རྒོལ་བྱེད་སྲིད་པའི་ཉེན་ཁ་འགོག་སྲུང་གྲ་སྒྲིག་དགོས་ཤིང་། གནད་དོན་དེ་ལྷོ་ཀོ་རི་ཡའི་ཤི་གསོན་དང་འབྲེལ་བ་ཡོད་པ་རྒྱ་ནག་གཞུང་གིས་ངེས་པར་ཤེས་དགོས་པ་མ་ཟད། པེ་ཅིན་གཞུང་གིས་ཨ་རིའི་རྡུལ་ཕྲན་བཟོ་སྐྲུན་སྔོན་འགོག་གི་སྒྲིག་འཛུགས་གསར་བའི་ཐད་གྲོས་མོལ་དགོས་སྐོར་བཤད་འདུག

ཞེན་བྷོམ་ཆུལ་གྱིས་རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ལྟེ་གནས་ཁང་ལ་བརྗོད་རྒྱུར། རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་འཇིགས་སྐུལ་ཐད་ཀྱི་ལྷོ་ཀོ་རི་ཡའི་དངངས་འཚབ་ལ་ངེས་ཤེས་བསྐྱེད་པའི་རེ་བ་ཡོད། བྱང་ཀོ་རི་ཡའི་འཇིགས་སྐུལ་དེ་ནི་རྒྱུན་ལྡན་ཞིག་མ་ཡིན་པར་དེ་རྡུལ་ཕྲན་མཚོན་ཆའི་འཇིགས་སྐུལ་ཞིག་རེད། དེ་ཉེན་ཚབས་ཆེན་པོ་རེད། དེང་སྐབས་ང་ཚོ་ཤི་གསོན་གྱི་གནས་སྟངས་ཤིག་གི་འོག་འཚོ་བཞིན་ཡོད། ང་ཚོས་ཕན་ཚུན་བར་ཐེབས་པའི་གོ་ནོར་གྱི་རྩོད་རྙོག་སེལ་དགོས། ཡིན་ནའང་གཞི་རྩའི་གནད་དོན་གཙོ་བོ་ང་ཚོའི་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུ་དེ་རེད་ཅེས་སོགས་བརྗོད་འདུག

ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཁེམ་ཧོང་ཙེན་ (Kim Hyoung-zhin) ཟེར་བ་ཞིག་གིས། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ལག་བསྟར་བྱས་ཏེ། བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་མཚམས་འཇོག་གི་གནོན་ཤུགས་སྤྲོད་དགོས། བལྟས་ཚོད་ཀྱིས་བྱང་ཀོ་རི་ཡ་སྲིད་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་ལ་མ་བལྟས་པར་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་མཚམས་འཇོག་འཆར་མེད་པ་འདྲ། གལ་ཏེ་གནད་དོན་འདི་རྙོག་འཛིང་ཆགས་པ་ཡིན་ན། བྱང་ཀོ་རི་ཡ་སྲིད་གཞུང་གིས་རྡུལ་ཕྲན་བཟོ་སྐྲུན་མཚམས་མ་བཞག་པར་དུ་འཇིག་རྟེན་འདིར་འཚོ་ཐབས་མེད་པ་ཤེས་དགོས། ང་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་འགོག་སྲུང་གི་སྒྲིག་འཛུགས་ (THAAD) གསར་བའི་ཐད་གྲོས་མོལ་བྱེད་དགོས་མོད། ཡིད་སྐྱོ་བ་ཞིག་ལ་པེ་ཅིན་གཞུང་གིས་ང་ཚོའི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་འདོད་མེད་པ་དང་གནས་ཚུལ་འདིར་ཉན་འདོད་མེད་པ་རེད་ཅེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། བྱང་ཀོ་རི་ཡས་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་ཐེངས་བཞི་བ་བྱས་རྗེས། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་འགོག་སྲུང་གི་སྒྲིག་འཛུགས་གསར་བ་ཞིག་གཏན་འབེབས་བྱས་ཏེ། ལས་གཞི་དེའི་ཐད་འཛམ་གླིང་རྒྱལ་ཁབ་ཁག་ཚང་མ་མཉམ་རུབ་ཀྱིས་གྲོས་བསྡུར་བྱ་འཆར་ཡོད་ནའང་། རྒྱ་ནག་གཞུང་གིས་ལས་དོན་དེར་ངོས་ལེན་བྱེད་ཀྱི་མེད་འདུག

གཞན། ཨ་རིའི་ (ABC) གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཕར་ཀི་ཇུན་ཧེ་ (Park Geun-hye) ཡིས་བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་ཐེངས་བཞི་བའི་སྐབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་དང་དེའི་གནོན་ཤུགས་ལ་མ་བལྟས་པར་མུ་མཐུད་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་ཐེངས་ལྔ་བ་བྱ་འཆར་ཡོད་སྐོར་བརྗོད་ཡོད་འདུག

སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟའི་ལས་གཞི་དེ་ན་ནིང་ཕྱི་ཟླ་ ༥ བའི་ནང་འགོ་བཙུགས་ཡོད་པ་དང་། དེ་ཡང་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ (Kim) གྱིས་རང་ཉིད་རང་རྒྱལ་གྱི་དབུ་ཁྲིད་དབང་ཤུགས་ཅན་ཞིག་གི་སྣང་བརྙན་བསྐྲུན་ཐབས་ཤིག་དང་རང་ཉིད་ཀྱི་དབང་སྒྱུར་སྲིད་དབང་སྲ་བརྟན་ཡོང་ཐབས་ཤིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese