མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡའི་ནང་གི་འབྲོག་པའི་རོལ་དབྱངས་སྐོར་སྐྱོད་ལས་འགུལ་བ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་རྒྱལ་ས་སོ་ཨོལ་ཏུ་གནས་སྡོད་བྱེད་མཁན་བོད་ཀྱི་གླུ་བ་ཁ་རག་སྤེན་པས་འདས་བའི་ལོ་ངོ་མང་པོའི་རིང་ལ་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་ཀོ་རི་ཡའི་མི་མང་ཁྲོད་དུ་བོད་ཀྱི་གླུ་གཞས་སྒྱུ་རྩལ་དང་། བོད་པའི་རིག་གཞུང་། བོད་དོན་འཐབ་རྩོད་བཅས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཡོད། ད་ལོ་ཁོང་གིས་ “འབྲོག་པའི་རོལ་དབྱངས་སྐོར་སྐྱོད་” ཞེས་པའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་དང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཞིག་མགོ་བརྩམས་པའི་སྐོར་ལ་བཅར་འདྲི་བྱས་ཡོད།

maxresdefault

དྲི་བ། ཁྱེད་ཀྱིས་ད་བར་ལྷོ་ཀོ་རི་ཡའི་ནང་དུ་བོད་ཀྱི་རོལ་དབྱངས་ལས་འགུལ་ཅི་སྤེལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ནི་རྒྱ་གར་ལ་དྭགས་སུ་བོད་ཀྱི་ས་མ་འབྲོག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་གླུ་གར་ལ་དགའ་བའི་མི་ཞིག་ཡིན། ༢༠༠༤ ལོར་གླུ་གཞས་ཆེད་སྒྲིག་འཁོར་ཐག་དང་པོ་ “མཛེས་ལྡན་སྐྱིད་པོ” ཞེས་པ་བཏོན་པ་ཡིན། གླུ་གཞས་ཆེད་སྒྲིག་འཁོར་ཐག་གཉིས་པ་བཏོན་རྗེས། ཚིག་དབྱངས་གསར་རྩོམ་དང་སྒྲ་འཇུག་བཅས་ཡོངས་རྫོགས་སོ་སོས་བྱེད་འདོད་བྱུང་སོང་། རྗེས་སུ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སྒྱུ་རྩལ་གཙུག་ལག་སློབ་གྲྭས་(Korea National University of Arts)སྒྲུབ་བཞིན་པའི་ཨེ་ཤ་ཡའི་སྒྱུ་རྩལ་བ་གསོ་སྐྱོང་གི་ལས་གཞི་(AMAFeK)བརྒྱུད་ནས་དབྱངས་གསར་རྩོམ་གྱི་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་སོང་པས། ༢༠༠༧ ལོར་ལྷོ་ཀོ་རི་ཡར་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ལོ་ངོ་བཞིའི་རིང་ལ་ཀོ་རི་ཡའི་རྒྱལ་ཡོངས་སྒྱུ་རྩལ་གཙུག་ལག་སློབ་གྲྭས་སློབ་ཡོན་གྱི་མཐུན་འགྱུར་འོག་ཀོ་རི་ཡའི་སྲོལ་རྒྱུན་གླུ་གཞས་ཀྱི་དབྱངས་རྩོམ་སྟངས་ཆེད་སྦྱོང་བྱས་པ་ཡིན། སློབ་མཐར་ཕྱིན་རྗེས་རིག་གཞུང་སྣ་འཛོམས་ཀྱི་རོལ་ཚོགས་མོན་ཌན་ཌི་(Montant)ཞེས་པའི་ནང་དུ་ལོ་གསུམ་རིང་ལ་བྱ་བ་སྒྲུབ་པའི་གོ་སྐབས་ཐོབ་བྱུང་།

ལོ་ངོ་དེ་དག་གི་རིང་ལ། རིག་གཞུང་སྣ་འཛོམས་ཁྱབ་བསྒྲགས་དང་། སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན། ན་གཞོན་སློབ་ཕྲུག་ཚོའི་ཆེད་དུ་རོལ་དབྱངས་ཟབ་སྦྱོང་སོགས་ཀྱི་ལས་གཞི་འདྲ་མིན་ནང་མཉམ་ཞུགས་བྱས་པ་ཡིན། ༢༠༡༤ ལོ་ནས་བཟུང་། རང་དབང་གླུ་བ་དང་འཁྲབ་སྟོན་པ་ཞིག་བྱེད་མགོ་བཙུགས་པ་ཡིན་ལ། གཙོ་བོ་བོད་ཀྱི་གླུ་བ་ཞིག་དང་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས། ཞི་བདེ་དང་བརྩེ་བ། རང་བྱུང་ཁམས་དང་རང་དབང་སོགས་དང་འབྲེལ་བའི་ཐོག་ནས་འཁྲབ་སྟོན་དང་། ཀོ་རི་ཡའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་ཡིད་དུ་འོང་བའི་གླུ་གཞས་ལ་དོ་སྣང་དང་དགའ་མོས་ཡོང་ཆེད་མུ་མཐུད་འབད་པ་བྱས་བ་ཡིན།

ཀོ་རི་ཡའི་རིག་གཞུང་འཁྲབ་སྟོན་པ་མང་པོ་དང་མཉམ་འབྲེལ་ཐོག་ཀོར་བོད་གཉིས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་འཁྲབ་སྟོན་ཐེངས་མང་དང་། ཀོ་རི་ཡའི་ནང་གི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་ནང་དུའང་བོད་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཆ་ཤས་བླངས་པ་ཡིན། ལྷག་པར་ཏུ་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མི་ཉམས་གོང་འཕེལ་གྱི་ལས་ལ་འབད་བཞིན་པའི་རོལ་དབྱངས་དགེ་རྒན་དག་གིས་སྟབས་བདེའི་སློབ་ཁྲིད་བྱེད་ཐབས་བཅས་ཀྱི་ཐད་ལ་ཉམས་ཞིབ་ཀྱང་བྱས་པ་ཡིན། དེ་བཞིན། ད་ཆ་ཀོ་རི་ཡའི་ནང་དུ་ཁ་རག་སྒྲ་སྦྱོར་ཁང་ཞིག་གསར་འཛུགས་ཀྱིས་རོལ་དབྱངས་གསར་རྩོམ་དང་རོལ་དབྱངས་འདུ་འཛོམས་གོ་སྒྲིག་གི་ལས་ཀ་བྱེད་བཞིན་ཡོད།

1-tibettimes༢༠༡༦ ལོར་“འོད་སྣང་ལ་ཕྲེང་བ་”ཞེས་པའི་ཆེད་སྒྲིག་འོད་སྡེར་ཞིག་བཏོན་པ་ཡིན། འདི་ནི་ངའི་ལོ་ངོ་བཅུའི་རིང་གི་དཀའ་ལས་ཀྱི་འབྲས་བུ་ཡིན་ལ། ངའི་བུ་མོ་ཁ་རག་དཔལ་མཛེས་ཀྱི་ཆེད་དུའང་ཡིན། ད་ཆ་གླུ་ལེན་པ་དང་། དབྱངས་རྩོམ་པ། སྒྲ་འཇུག་བྱེད་པ་སོགས་ཀྱི་བྱེད་སྒོ་མཐའ་དག་སོ་སོ་གཅིག་པུས་བསྒྲུབ་ཐུབ་ཀྱི་ཡོད་པས་སྤོབས་པ་སྐྱེ་གི་འདུག་ལ། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་གྱི་ནུས་པ། ནང་མི་ཉེ་འབྲེལ་དང་གྲོགས་པོ་གྲོགས་མོ། ཀོ་རི་ཡ་རྒྱལ་ཡོངས་སྒྱུ་རྩལ་གཙུག་ལག་སློབ་གྲྭའི་མཐུན་འགྱུར་རོགས་རམ་བཅས་ནས་བྱུང་བ་ཞིག་རེད།

ང་ནི་བོད་ཀྱི་གླུ་བ་རྒན་པ་ཞིག་རེད། མ་འོངས་པར་བོད་ཀྱི་སློབ་ཕྲུག་ཚོར་རོལ་དབྱངས་འཆད་ཁྲིད་ཀྱི་རོགས་རམ་དང་ལམ་སྟོན་བྱེད་པའི་འཆར་གཞི་ཡོད། ༢༠༠༨ ནས་ ༢༠༡༣ ལོའི་བར་ལོ་ལྔའི་རིང་རོལ་དབྱངས་བརྒྱུད་རོགས་དངུལ་བསྡུ་བའི་ལས་འགུལ་སྤེལ་བ་ཡིན། རེས་གཟའ་སྤེན་པ་རྟག་པར་ཀོ་རི་ཡའི་མི་སེར་ཚོའི་མདུན་དུ་བོད་ཀྱི་གླུ་གཞས་ལེན་པ་དང་། བཙན་བྱོལ་ནང་གི་ཤེས་ཡོན་དང་འཚོ་བའི་གནས་བབ་སོགས་ངོ་སྤྲོད་བྱས། ལས་འགུལ་འདི་དག་བརྒྱུད་ནས་བསྡུས་བའི་ཞལ་འདེབས་ཀྱིས་བཙན་བྱོལ་ནང་གི་སློབ་ཕྲུག་ཆུང་ཆུང་ཚོར་རོགས་རམ་བྱས་པ་ཡིན། དེར་མ་ཟད་དོ་སྣང་ཅན་གྱི་ཀོ་རི་ཡའི་མི་སེར་ཚོས་བོད་ཀྱི་རིག་གཞུང་དང་ད་ལྟའི་གནས་བབ་ཀྱི་ཐད་སྐད་ཆ་དྲིས་བར་ལན་འདེབས་ཀྱིས་གོ་རྟོགས་སྤེལ་བ་ཡིན། སྐབས་དེའི་ལས་འཆར་གྱི་མིང་ལ་ “ལག་གདང་སྦྲེལ་བའི་ལས་གཞི་” ཟེར་ཞིང་། ད་ལྟ་“བདེ་བ་ལས་འཆར་”ཞེས་མིང་བསྒྱུར་ཡོད། ལས་འགུལ་འདི་བརྒྱུད་ནས་མ་འོངས་བོད་ཀྱི་གཞོན་སྐྱེས་ཚོར་རོལ་དབྱངས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲད་པའི་འཆར་གཞི་ཞིག་ཀྱང་ཡོད།

དྲི་བ། “འབྲོག་པའི་རོལ་དབྱངས་སྐོར་སྐྱོད་”ཞེས་བའི་ལས་འགུལ་དེ་ཅི་ཞིག་རེད། དེ་ག་དུས་མགོ་བཙུགས་པ་དང་། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་མགོ་བཙུགས་པ་ཡིན།

ལན། ཁྱེད་ཀྱིས་ཤེས་གསལ་ལྟར། འབྲོག་པ་ནི་ས་ཆ་གཅིག་ནས་གཅིག་ལ་གནས་སྤོར་ནས་འགྲོ་བ་ལྟར། ངས་ཀྱང་ནང་མི་དང་མཉམ་དུ་ས་ཆ་གཅིག་ནས་གཞན་གཅིག་ལ་རོལ་དབྱངས་སྐོར་སྐྱོད་བྱེད་ཀྱི་ཡོད་པས་མིང་འདི་བཏགས་པ་ཡིན། ད་ལོའི་གསུམ་བཅུའི་དུས་དྲན་ནས་མགོ་བཙུགས་པ་ཡིན་ལ། ཕྱི་ཟླ་གསུམ་པ་ནས་ལྔ་པ་བར་ཏུ་ཀོ་རི་ཡའི་རྒྱལ་ས་གཙོའི་གཞན་གྲོང་ཁྱེར་ཆེ་ཁག་བཞི་དང་། ལྷོ་རྒྱུད་ཀྱི་ཅེ་ཅོས་གླིང་ཕྲན་བཅས་སུ་སྐོར་སྐྱོད་བྱ་འཆར་ཡོད། འདི་ནི་གཙོ་བོ་ “འོད་སྣང་ལ་ཕྲེང་བ་” ཞེས་པའི་འོད་སྡེར་དང་། བོད་ཀྱི་རོལ་དབྱངས། རིག་གཞུང་། བོད་ཀྱི་གནས་བབ་བཅས་ཀྱི་སྐོར་ལ་གོ་རྟོགས་སྤེལ་བའི་ལས་གཞི་ཞིག་ཡིན། ཞོར་དུ་བདེ་བ་ལས་གཞིའི་སྐོར་ངོ་སྤྲོད་ཀྱང་བྱེད་ཀྱིན་ཡོད།

ངས་གླུ་གཞས་འཁྲབ་སྟོན་བྱེད་པ་དང་། ངའི་བཟའ་ཟླས་ལས་འགུལ་གྱི་དགོས་དམིགས་ངོ་སྤྲོད། དེ་བཞིན་གཞས་ཚིག་ནང་དོན་འགྲེལ་བཤད། བུ་མོ་ཁ་རག་དཔལ་མཛེས་ཀྱིས་མ་འོངས་བོད་ཀྱི་སོན་རྩའི་མཚོན་རྟགས་ལྟ་བུ་བྱེད་ཀྱི་ཡོད། ཀོ་རི་ཡའི་ནང་དུ་བོད་ཀྱི་འོད་སྡེར་ཉོ་ཚོང་དང་། བོད་ཀྱི་རོལ་དབྱངས་འཁྲབ་སྟོན་ལ་དངོས་སུ་རོལ་མྱོང་བྱེད་པའི་གོ་སྐབས་དཀོན་པོ་ཡིན་སྟབས། ངས་ཀོ་རི་ཡའི་མི་སེར་མཐོ་དམན་བར་གསུམ་ཚང་མའི་རྣ་ལམ་ཏུ་བོད་ཀྱི་རོལ་དབྱངས་ཀྱི་བག་ཆགས་ཤིག་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱིན་ཡོད།

མདོར་བསྡུས་ཏེ་བཤད་ན། ངའི་ལས་འགུལ་དེ་རོལ་དབྱངས་ཚོགས་ཁང་ནང་གི་ལྟད་མོ་བ་དང་། ཀོ་རི་ཡའི་གླུ་བ་དང་དབྱངས་མཁན། ཁྲོམ་གཞུང་ཉུལ་མཁན་གྱི་ཕ་མ་དང་བུ་ཕྲུག ལྷིང་འཇགས་ལྡན་པའི་དགོན་པ། དྲོ་སྐྱིད་ལྡན་པའི་མགྲོན་ཁང་། ཇ་ཁང་ཆུང་ཆུང་བཅས་སུ་བོད་ཀྱི་རོལ་དབྱངས་ཀྱི་སྙན་འཇེབས་ལྷང་ལྷང་དུ་གྲགས་པར་འབད་པ་བྱེད་ཀྱིན་པའི་ལས་འགུལ་ཞིག་ཡིན།

25878_375868508953_8316645_nདྲི་བ། འབྲོག་པའི་རོལ་དབྱངས་སྐོར་སྐྱོད་ལས་འགུལ་འདི་བརྒྱུད་ནས་ཀོ་རི་ཡའི་མི་མང་ཁྲོད་བོད་དོན་གོ་རྟོགས་ཅི་ཙམ་སྤེལ་ཐུབ་ཀྱི་འདུག

ལན། མི་མང་ག་ཚོད་ཅིག་གིས་ཆ་ཤས་ལེན་གྱི་ཡོད་མེད་གསལ་བོ་བཤད་ཚོད་ཐུག་གི་མེད། འོན་ཀྱང་། ཀོ་རི་ཡའི་མི་མང་པོ་ཞིག་གིས་དོ་སྣང་ཆེན་པོས་རོལ་དབྱངས་སྐོར་སྐྱོད་འདིར་མཉམ་ཞུགས་དང་། བོད་ཀྱི་གླུ་གཞས་དང་རོལ་ཆའི་སྐོར་ལ་དྲི་བ་མང་པོ་འདྲི་བཞིན་འདུག ཉན་མཁན་མང་པོ་ཞིག་བོད་ནང་དུ་འགྲོ་མྱོང་ཡོད་པའམ་རྒྱ་གར་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་དེ་འདྲ་རེད། དེ་མིན་ཐོག་དང་པོར་བོད་ཀྱི་སྐོར་ལ་ཤེས་རྟོགས་ཆེད་ཡོང་མཁན་ཡང་མི་ཉུང་བ་ཞིག་འདུག ངའི་དམིགས་ཡུལ་གཙོ་བོ་ནི་ཀོ་རི་ཡའི་མི་ཞིག་གིས་ཡུལ་དུས་གང་རུང་ཞིག་ཏུ་བོད་ཀྱི་རོལ་དབྱངས་གོ་ན། དེ་ནི་བོད་ཀྱི་རོལ་དབྱངས་ཡིན་པ་ངོས་འཛིན་ཐུབ་པ་ཙམ་འབྱུང་རྒྱུ་དེ་རེད།

ངས་དཔྱིད་ཀའི་མེ་ཏོག་གི་དྲི་བསུང་དང་མཉམ་དུ་བོད་ཀྱི་རོལ་དབྱངས་ཀྱིས་ཞི་བདེ་བསྐྲུན་རྒྱུ་དང་། བོད་དོན་གྱི་སྐོར་ལ་གོ་རྟོགས་འཕེལ་བའི་རེ་བ་བྱེད་ཀྱིན་ཡོད། སྤྱིར་བཏང་རོལ་དབྱངས་སྐོར་སྐྱོད་འདི་གྲ་སྒྲིག་བྱེད་རྒྱུ་ལས་སླ་བོ་མིན་ཡང་། ས་ཆ་མི་འདྲ་བ་ནས་མི་གསར་བ་མང་པོ་ཞིག་ལ་ཐུག་ནས་བོད་ཀྱི་རོལ་དབྱངས་དང་བོད་ཀྱི་གནས་བབ་ངོ་སྤྲོད་བྱེད་རྒྱུ་བྱུང་བ་འདིས་སེམས་ལ་བདེ་བ་སྤྲོད་ཀྱི་འདུག

བཅར་འདྲི་ཞུ་མཁན་ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    ཡི་རང་ཞུ་རྒྱུ་ལས་མ་འདས།

    ལུས་ལ་ཕྱུ་པ་དང་ནི་འོག་འཇུག་བསྣམས།།
    གཟི་དང་བྱུ་རུའི་སྐེ་རྒྱན་མཛེས་པ་ལ།།
    རྒྱལ་བའི་སྐུ་ཚེ་བརྟན་པའི་གླུ་གཞས་ཤིག།
    ཕྱག་གིས་ཁ་བཏཊ་བསྒྲེང་བཞིན་དབྱངས་སུ་གྱེར།།

    སྙན་པོ་ངག་གི་མཆོད་པ་ཡར་མཆོད་དེ།
    བླ་མའི་སྐུ་ཚེ་བརྟན་པར་འབུལ་བ་དང།།
    མཆོད་པ་མར་མཆོད་དྲིན་ཆེན་ཕ་མ་དང་།།
    འགོ་འདྲེན་དཔོན་ཆེན་མཉེས་ཕྱིར་འབུལ་བ་ལཊ།།

    Reply
  2. phuns says:
    ལོ་ 10 སྔོན།

    བོད་ཀྱི་གླུ་གཞས་བ་ཁ་རག་སྤེན་པ་མཆོག་ལ་རྙིང་ཐག་པ་ནས་ཐུགས་རྗེ་ཆེ་བཞེས་ཞུ་འདོད་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese