མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་དཀའ་སྡུག་དང་རྒྱ་ནག་གི་སྤྲོ་སྐྱིད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་བསྟུད་མར་ཚད་རིམ་ ༦.༤ དང་ ༧.༣ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཁ་སང་བར་ཡུལ་མི་ ༥༠ ལྷག་འདས་གྲོངས་དང་ཡུལ་མི་ ༢༢༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

293315_268753253158063_388007259_nཁ་སང་ཉི་ཧོང་དུས་བབ་ (japan times) དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་སྤེན་པའི་ཞོགས་པའི་ཐོ་རངས་ཁར་ཉི་ཧོང་གི་ལྷོ་ནུབ་རྒྱུད་ཀྱི་ཀེའུ་ཤཱུ་གླིང་ཕྲན་ (Kyushu) གྱི་ཀུ་མ་མོ་ཊོ་གྲོང་ཁྱེར་ (Kumamoto) དང་ཨེ་ཊ་ (Oita) མཚོ་ཁུལ་དུ་སྔ་རྗེས་སུ་བསྟུད་མར་ཚད་རིམ་ ༦.༤ དང་ ༧.༣ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཁ་སང་བར་ཡུལ་མི་ ༥༠ ལྷག་འདས་གྲོངས་དང་ཡུལ་མི་ ༢༢༠༠ རྨས་སྐྱོན་ཕོག་ཡོད་པ་དང་། ས་ཡོམ་བྱུང་སའི་ས་ཁུལ་དེ་དག་གི་མི་ཚང་ ༡༠༠, ༠༠༠ གློག་མེད་པའི་དཀའ་ངལ་དང་། མི་ཚང་ ༤༠༠,༠༠༠ འཐུང་ཆུ་མེད་པའི་དཀའ་ཁག་ལ་འཕྲད་ཡོད་པ་མ་ཟད། ཡུལ་མི་ ༢༤༠,༠༠༠ ལྷག་བདེ་འཇགས་ས་ཁུལ་གཞན་ལ་གནས་སྤོར་དགོས་བྱུང་ཡོད་འདུག

རེས་གཟའ་ཉི་མའི་ཉིན་ནས་ཉི་ཧོང་གི་ཉེན་རྟོག་པ་དང་མེ་གསོད་རུ་ཁག ཛ་དྲག་མྱུར་སྐྱོབ་རུ་ཁག་བཅས་མཉམ་འབྲེལ་ཐོག་མྱུར་སྐྱོབ་དམག་མི་ ༢༠,༠༠༠ ལྷག་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་ཡུལ་མི་ཚོ་མྱུར་སྐྱོབ་བཞིན་ཡོད་ཅིང་། ད་དུང་ཡུལ་མི་བརྒྱ་ཕྲག་མང་པོ་རྡིབ་སྐྱོན་བྱུང་བའི་ཁང་རྩེག་འོག་ཤོར་བ་དང་བོར་བརླག་བྱུང་ཡོད་འདུག

རེས་ཟླ་བའི་ཉིན་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གིས་ཨེ་ཁུ་ཌོར་དང་ཉི་ཧོང་གཉིས་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེན་ཕོག་སྟེ་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། ཡུལ་མི་མང་པོར་རྨས་སྐྱོན་དང་། སྡོད་ཁང་དང་གཞུང་ལམ་སོགས་ཞིག་རལ་དང་རྡིབ་སྐྱོན་བྱུང་བའི་དཀའ་སྡུག་འོག་གནས་བཞིན་ཡོད་སྟབས། ཁོང་ཉིད་ཀྱིས་དབྱིན་ཡིག་གི་ལམ་ནས་ཨེ་ཁུ་ཌོར་གྱི་སྲིད་འཛིན་ར་ཧྥིལ་ཁོ་རེ་ (Rafael Correa) དང་ཉི་ཧོང་གི་སྲིད་བློན་ཤཱིན་ཙོ་ཨ་བྷི་ (Shinzo Abe) རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། “ངས་རང་བཞིན་གྱི་འབྱུང་བའི་གོད་ཆག་ལ་བརྟེན་ནས་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་རྒྱག་གི་ཡོད། དེ་དག་གི་ཤུལ་ལུས་ནང་མི་རྣམས་ཀྱི་གཙོས་པའི་གོད་ཆག་གི་གནོད་འཚེ་ཕོག་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་ཞུ་རྒྱུ་ཡིན་”ཞེས་དང་། ཡང་ཁོང་ཉིད་ཀྱིས”ང་རང་ཤེས་རབ་སྙིང་པོ་རྒྱུན་འདོན་བྱེད་མཁན་གྱི་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས། ཉི་ཧོང་གི་ནང་པ་རྣམས་ཀྱིས་ད་ལྟ་དང་མ་འོངས་པར་ཤེས་རབ་སྙིང་པོ་མང་ཙམ་འདོན་རྒྱུ་གལ་ཆེན་པོར་མཐོང་གིན་འདུག དེ་བཏོན་ན་རྩ་ཆེའི་ཚེ་སྲོག་ཤོར་བ་རྣམས་ལ་ཕན་ཐོགས་པ་མ་ཟད། མ་འོངས་པར་གོད་ཆག་དེའི་རིགས་སྔོན་འགོག་ལ་ཡང་ཕན་ཐོགས་ཡོད། ང་ཚོས་འདི་ག་དྷ་རམ་ས་ལར་ཀུན་སློང་དེ་བཟུང་ནས་ཤེས་རབ་སྙིང་པོ་འབུམ་གཅིག་བགྲང་བཞིན་ཡོད་”ཅེས་གསུངས་འདུག

tibettimes-2གཞན། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཝེ་པོ་ (weibo) དང་སྐད་ཕྲིན་ (Wechat) སོགས་སུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཧྲན་ཞེ་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར་གྱི་རྒྱ་རིགས་ཟ་ཁང་ཞིག་གི་མདུན་དོས་སུ་འཕྲེད་དར་རིང་པོ་ཞིག་སྦྱར་ཏེ། ཉི་ཧོང་ལ་ས་འགུལ་བརྒྱབ་པར་རྟེན་འབྲེལ་ཆེད། དོ་ནུབ་གསོལ་མགྲོན་ཁང་འདིའི་ནང་ཕེབས་མཁན་སྐུ་མགྲོན་ཡོངས་ལ་ཝུ་ཆང་རིན་མེད་གཏོང་རྒྱུ་ཡིན་ཞེས་སོགས་བཀོད་དེ། དགོང་མོ་དེར་ཟས་དང་ཝུ་ཆང་སོགས་རིན་མེད་བཏང་སྟེ་ཉི་ཧོང་གི་ས་ཡོམ་གོད་ཆག་ལ་དགའ་མགུའི་སྤྲོ་ཚོགས་བསྡུས་ཡོད་འདུག་པར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱུང་ཡོད། ན་ནིང་སི་ཁྲོན་ཞིང་ཆེན་དུ་བྱུང་བའི་ས་འགུལ་གོད་ཆག་སྐབས་སུ། ཉི་ཧོང་མི་མང་གིས་སི་ཁྲོན་རྒྱ་རིགས་ཡུལ་མི་ཚོར་རོགས་དངུལ་བསྡུ་རུབ་དང་སེམས་གསོའི་ཞུ་འཕྲིན་སོགས་སྤྲེངས་ཡོད་པ་རེད།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣

མཆན། 4

  1. ཁ་ཕྱོགས་མེད། says:
    ལོ་ 9 སྔོན།

    གསར་འགོད་པ་ལགས་སྐྱོན་བརྗོད་དང་སློབ་སྟོན་སོགས་གང་ཡང་མིན། བོད་ཀྱི་བབ་དུས་གསར་འགྱུར་ནི་ང་མཚོན་ན་དགའ་སའི་གསར་འགྱུར་དྲ་ཚུགས་ཤིག་ཡིན་དེར་བརྟེན་འདིར་བསམ་ཚུལ་བརྗོད་པ་ཙམ་ཡིན། འོན་ཀྱང་ཁྱེད་གསར་འགོད་པའི་གསར་འདི་གང་ནས་བླངས་ན་དེར་སླར་ཡང་བསྐྱར་ཞིབ་ཅིག་བྱེད་རོགས། དམིགས་བསལ་ཤི་གྲངས་དང་བོར་བརླག་སོང་བའི་མིའི་གྲངས་ཀ་སོགས་ཀྱི་སྐོར་ཡིན། ཉི་ཧོང་གི་ས་གནས་ས་ཐོག་ན་དེ་འདྲའི་གནས་ཚུལ་མེད་པས་ཡིན། འདིར་དེའི་སྐོར་གྱི་དེ་རིང་གི་གསར་འགྱུར་ནི་ཁ་སང་ཆར་བ་བབས་པའི་རྐྱེན་གྱིས་བོར་བརླག་སོང་བའི་མི་དེ་གཉིས་བཙལ་མཚམས་བཞག་པ་དེ་རིང་སླར་ཡང་འགོ་བརྩམས་ཡོད་ཚུལ་བརྗོད་ཀྱིན་འདུག

    Reply
  2. ཁ་ཕྱོགས་མེད། says:
    ལོ་ 9 སྔོན།

    གསར་འགོད་པ་ལགས་གཤམ་དུ་ཉི་ཧོང་རྒྱལ་ཡོངས་བརྙན་འཕྲིན་ཁང་ NHK ཡིས་བཀོད་པའི་དེ་རིང་གི་གསར་འགྱུར་བཏང་ཡོད་དེར་གཟིགས་རོགས།
    གསར་ཁང་འདིའི་གསར་འགོད་པ་བཅུ་གྲངས་ཤིག་ས་གནས་ས་ཐོག་ཏུ་རྒྱུན་སྡོད་བྱས་ནས་དུས་ལྟར་གནས་ཚུལ་རྣམས་ས་གནམ་གཉིས་ནས་བླངས་ཏེ་ཉི་ཧོང་ནང་དུ་ཉི་སྐད་དང་ཕྱི་རྒྱལ་ཁག་ཏུ་དབྱིན་སྐད་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་སོགས་དུས་ཐོག་ཏུ་གཏོང་བཞིན་འདུག
    ཡང་གཅིག་བརྗོད་ན་ཉི་ཧོང་གི་གསར་འགྱུར་ཅིག་ཡིན་ཕྱིན་ NHK ལས་ལྷག་ཤེས་མཁན་ཞིག་ཧ་ལམ་ཡོད་པ་མ་རེད་རྒྱུ་མཚན་NHK དཔལ་འབྱོར་གྱི ཡོང་ཁོངས་ཉི་ཧོང་མང་ཚོགས་ཡིན་སྟབས་གཞན་ལ་བསྟུན་མ་དགོས་པར་རང་དབང་གིས་གཉེར་གྱིན་ཡོད་པའི་རེད།
    BBC སོགས་གསར་ཁང་མང་བོས་ཉི་ཧོང་གི་གསར་འགྱུར་ཡིན་ན་NHK བཤུས་པ་མང་པས་དེར་གཟིགས་པ་འཚལ།

    Japan

    Japan6 hours ago
    90,000 Kumamoto quake evacuees still in shelter

    Around 90,000 people are still taking shelter in Kumamoto and nearby regions of southwestern Japan. Some have lost their homes. Others fear further jolts in the series of strong quakes that have been hitting their cities and towns for a week.

    They are staying in public facilities, private cars, and tents. Light meals and water are delivered to them.

    The prefectural government says so far that about 5,000 houses and buildings have been found flattened or partly damaged in Kumamoto. Officials suspect another 4,000 may be damaged.

    On Thursday, a dozen or so temblors shook Kumamoto and neighboring Oita prefectures, raising the total number of quakes that hit the region to more than 770 during the past week.

    Authorities say the quakes killed 48 people and led to the death of 10 others, including evacuees. More than 1,000 people were injured. Rescue workers are searching for 2 missing people.

    The Meteorological Agency is urging people to remain on the alert for possible strong quakes in the region as well as landslides at hillsides that have been loosened by jolts and rain.
    40 Stories
    Last 24 Hours
    90,000 Kumamoto quake evacuees still in shelter
    Quakes shift ground 80 km east-west
    Kyushu Shinkansen to run in quake-hit section
    Seismic activity in Kumamoto unlikely to subside
    Brazilians in Japan aid quake survivors
    Volunteer center opens in hardest-hit town
    Group to donate partitions to quake-hit areas
    Search in Kumamoto suspended due to rain
    Abe sends offering to Yasukuni Shrine
    Earlier Stories
    Vote on TPP approval bill to be put off
    Seismic activity constant since April 14 quake
    Putin says he will meet Abe in Sochi on May 6
    Damaged Kumamoto Castle opened to media
    Abe urges quick use of ferries for evacuees
    Mitsubishi Motors admits fasifying fuel data
    Aftermath of Kumamoto earthquakes
    Govt. begins emergency inspections in Kumamoto
    2 older reactors meet new requirements
    > View All

    Reply
  3. ན་བུན། says:
    ལོ་ 9 སྔོན།

    གསར་འགྱུར་ཡོང་ཁུངས་གོང་དུ་བྲིས་བཞག་ཡོད་པ་དེ་ལ་གཟིགས་རོགས། དེ་མིན་ནེའུ་ཡོག་དུས་བབ་དྲ་ཚིགས་སྟེང་གཟིགས་རོགས། རེ་རེ་བྱས་ནས་སྤྲོད་ཁོམ་མེད་ཀི་དགོངས་དག

    ནོར་འཆུག་ཡོད་ན་སློབ་སྟོན་གནང་རོགས།

    Reply
  4. ཁ་ཕྱོགས་མེད། says:
    ལོ་ 9 སྔོན།

    གསར་འགོད་པ་ལགས་གསར་འགྱུར་འདིའི་ཡོང་ཁུངས་གང་ཡིན། གང་ལགས་ཞེ་ན་ཉི་ཧོང་གི་NHKགཙོ་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་ན་དེ་རིང་བར་དུ་ས་འགུལ་ཁྲོད་ཤི་བའི་གྲངས་༤༨ དང་མི་གཉིས་བོར་བརླག་སོང་ནས་ད་དུང་ལག་སོན་བྱུང་མེད་སྐོར་བརྗོད་ཀྱིན་འདུག་པ་ལས་དུས་བབ་གསར་འགོད་པའི་བྲིས་པ་ལྟར་མི་བརྒྱ་ཕྲག་མང་བོ་ཁང་རྡིབ་འོག་ཤོར་བ་སོགས་ཉི་ཧོང་ན་གང་ཡང་མེད་པས་གསར་འགྱུར་འདིའི་ཡོང་ཁུངས་བརྟག་པར་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese