མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པ་དྷ་རམ་ས་ལར་ཐོངས་མཆན་སྤྲད་པ་ནོར་འཁྲུལ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

“འཛམ་གླིང་ཡུ་གུར་ལྷན་ཚོགས”ཀྱི་ཚོགས་གཙོ་ཌོལ་ཀུན་ཨེ་ས་ནི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་སྟབས། ཁོང་རྒྱ་གར་བྱང་ཕྱོགས་དྷ་རམ་སར་འཚོགས་འཆར་ཡོད་པའི་བགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་མི་ཆོག་ཟེར།

336A201D00000578-3552819-image-m-5_1461282982686དེ་རིང་རྒྱ་གར་གྱི་ (indiatoday) ཞེས་པའི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་སྡོད་ཡུ་གུར་མི་རིགས་ཀྱི་ཚོགས་པ“འཛམ་གླིང་ཡུ་གུར་ལྷན་ཚོགས” (WUC) ཀྱི་ཚོགས་གཙོ་ཌོལ་ཀུན་ཨེ་ས་ (Dolkun Isa) ཟེར་བ་དེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་དང་། འཛམ་གླིང་རྒྱལ་ཁབ་ཚང་མར་ཁོ་ལ་ཁྲིམས་བཤེར་བྱེད་པའི་འགན་འཁུར་ཡོད་ལུགས་སྟབས། ཁོང་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ནང་རྟེན་གཞི་བྱེད་པའི་ (Initiatives for China) ཞེས་པའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་ཉིན་གསུམ་རིང་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པའི་སྟེང་མགྲོན་འབོད་བྱས་པ་ལྟར། རྒྱ་གར་གཞུང་གིས་ཁོང་ལ་ཐོངས་མཆན་སྤྲད་ཡོད་སྟབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གཞུང་གིས་རྒྱ་ནག་གི་འཇིགས་སྐུལ་དྲག་སྤྱོད་པར་ཐོངས་མཆན་སྤྲད་པའི་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ངས་གནས་ཚུལ་འདི་རྟོགས་ཐབས་མི་འདུག ཌོལ་ཀུན་ཨེ་ས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ (Interpol) ཀྱི་ཉེན་བརྡ་དམར་པོའི་སྟེང་བཀོད་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་རེད། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ཁོ་ལ་ཁྲིམས་བཤེར་བྱེད་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁུར་ཞིག་ཡིན་ལུགས་སོགས་བཤད་འདུག

རྒྱ་གར་རྒྱལ་སྲུང་ལྷན་ཁང་གི་སློབ་སྟོན་པ་ཨ་ཅེ་ཊ་ཌོ་བལ་ (Ajit Doval) ཟེར་བ་ཞིག་གིས་རེས་གཟའ་ཕུར་བའི་ཉིན་རྒྱ་དཀར་ནག་གཉིས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པ་འགོག་རྒོལ་དང་། དེ་མིན་ཐུན་མོང་གི་དམག་དོན་དཀའ་རྙོག་གཞན་གྱི་ཐད་ལ་མཐའ་མཚམས་གྲོས་མོལ་ཐེངས་བཅུ་དགུ་པའི་སྐབས་སུ་གླེང་སློང་བྱེད་རྒྱུ་ཡིན་སྐོར་དང་། ཉི་མ་དེར་ཁོང་གིས་པེ་ཅིན་གྲོང་ཁྱེར་གྱི་ཀྲུང་ནན་ཧྭེ་ (Zhongnanhai) ལྟེ་གནས་ཁང་དུ་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་ (Li Keqiang) ལ་ཐུག་འཕྲད་སྐབས་སུ། ཟླ་རྗེས་མར་རྒྱ་གར་གྱི་སྲིད་འཛིན་ཕ་ར་ནབ་མག་ཧིར་རྗེ་ (Pranab Mukherjee) ལགས་རྒྱ་ནག་ནང་གཟིགས་སྐོར་དུ་ཡོང་འཆར་ཡོད་པ་དང་། དེ་ཡང་ཁོང་རྒྱ་གར་སྲིད་འཛིན་གྱི་མིང་ཐོག་ནས་རྒྱ་ནག་ནང་གཟིགས་སྐོར་བྱ་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གནས་ཚུལ་འདིའི་ནང་། “འཛམ་གླིང་ཡུ་གུར་ལྷན་ཚོགས”ཞེས་པ་དེ་ཕྱི་སྡོད་ཡུ་གུར་བ་ཁག་གིས་བཙུགས་པ་དང་། ཚོགས་པ་དེའི་ནང་ཕྱི་སྡོད་རྒྱ་རིགས་ཡོད་པ་དང་། ཨ་རིའི་ནང་རྟེན་གཞི་བྱེད་པའི་ (Initiatives for China) ཞེས་པའི་སྒྲིག་འཛུགས་དེ་ནི་དམངས་གཙོ་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་ཞིང་ཚོགས་དེའི་ཚོགས་གཙོ་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡར་ལང་བྱེད་མཁན་རྒྱ་རིགས་སློག་ཕྲུག་ཚོའི་གྲས་ཀྱི་ཡང་ཅེན་ལེ་ (Yang Jianli) ཟེར་བ་ཞིག་ཡིན་ཞིང་། བགྲོ་གླེང་ཚོགས་འདུ་འདིའི་དགོས་དམིགས་གཙོ་བོ་ཡུ་གུར་བ་དང་བོད་མི། དེ་བཞིན་ཕྱི་སྡོད་རྒྱ་རིགས་ཡུལ་བྱོལ་སོགས་ལྷན་འཛོམས་ཐོག་རྒྱ་ནང་གི་དམངས་གཙོའི་འགྱུར་ལྡོག་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་སྐོར་སོགས་འཁོད་འདུག

གནས་ཚུལ་འདིའི་མུ་མཐུད་དུ། “འཛམ་གླིང་ཡུ་གུར་ལྷན་ཚོགས” ཀྱི་ཚོགས་གཙོ་ཌོལ་ཀུན་ཨེ་ས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་མཉམ་ཞུགས་བྱ་མིན་གཏན་འཁེལ་མེད་ནའང་། རྒྱ་གར་གཞུང་གིས་ཁོང་ལ་ཐོངས་མཆན་སྤྲད་ཡོད་ཀྱང་། པེ་ཅིན་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཨེ་ས་འཛིན་བཟུང་དགོས་པའི་འབོད་སྐུལ་བསྒྲགས་ཡོད་པ་མ་ཟད། ཁོས་ཤིན་ཅང་ས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་མང་པོ་རྩ་འཛུགས་བྱས་པའི་ཁ་ཉེས་བཏང་ཡོད་པ་དང་། ཨེ་ས་འཇིགས་སྐུལ་དྲག་སྤྱོད་པའི་མིང་ཐོའི་ནང་བཏོན་རྗེས། ཕྱི་ལོ་ ༢༠༠༩ ལོར་ཁོང་ལྷོ་ཀོ་རི་ཡར་འགྲོ་བར་བཀག་སྡོམ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཨེ་ས་ཡིས་ཕྱི་ལོ་ ༡༩༩༠ ལོར་ཤིན་ཅང་གི་ཊོག་སུ་ (Toksu) རྫོང་དུ་འགལ་རྫས་ཀྱི་དོན་རྐྱེན་བསླངས་ཡོད་སྟབས། རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལྷན་ཁང་གིས་ཁོ་འཛིན་བཟུང་བྱེད་འདོད་ཡོད་ལུགས་བཤད་ཅིང་། ཕྱི་ལོ་ ༡༩༩༧ ལོར་ཨེ་ས་རྒྱ་ནག་ནས་འཇར་མན་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་གྱི་ཟིང་འཁྲུག་དེ་ “འཛམ་གླིང་ཡུ་གུར་ལྷན་ཚོགས” ཀྱིས་རྒྱུད་སྐུལ་བཏང་བ་ཡིན་ལུགས་བཤད་ཡོད་ནའང་། ལྷན་ཚོགས་དེས་རྒྱ་ནག་གི་ཉེས་འཛུགས་དང་ལེན་མ་བྱས་པར་ཁོ་ཚོས་ཡུ་གུར་གྲངས་ཉུང་མི་རིགས་ལ་འཕྲད་བཞིན་པའི་རྒྱ་ནག་གི་དྲག་གནོན་ལ་གཏོང་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

སྐར་མ ༣༡ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese