མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་ལམ་ལུགས་ནི་ཐའེ་ཝན་མཚོ་འགག་གི་འབྱུང་འགྱུར་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ཚའེ་ཡེན་ཝན་གྱིས་དམངས་གཙོའི་ལམ་ལུགས་ནི་ཐའེ་ཝན་མཚོ་འགག་གི་འབྱུང་འགྱུར་ཡིན་ཕྱིན། ཐའེ་ཝན་མི་མང་གི་མངོན་འདོད་དང་དམངས་གཙོའི་ལམ་ལུགས་ལ་བརྟེན་ནས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་དགོས་ཟེར།

37758106_-_15_03_2016_-_taiwan-premier_རྒྱ་ནག་ལྷོ་རྒྱུད་ནངས་མོའི་ཚགས་པར་ཁང་ (scmp) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་གྱིས་དམངས་གཙོའི་ལམ་ལུགས་ནི་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་དང་འབྲེལ་བའི་ཐའེ་ཝན་མཚོ་འགག་གི་འབྱུང་འགྱུར་ཡིན་སྐོར་བརྗོད་ཡོད་པ་དང་། ཁོང་མོའི་གཏམ་བརྗོད་དེ་ཡང་ཕྱི་ཚེས་ ༢༠ ཉིན་ནས་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ཡུལ་མི་ ༤༥ རྒྱ་ནང་དུ་བཀག་བསྐྱིལ་ཞིབ་བཤེར་བྱེད་བཞིན་པའི་རྩོད་རྙོག་དང་འབྲེལ་བའི་ཐད་ནས་བཤད་པ་ཞིག་ཡིན་འདུག

ལྕམ་ཚའེ་ཡེན་ཝན་གྱིས། ངས་དེ་སྔོན་ཐེངས་འགར་ཐའེ་ཝན་སྲིད་གཞུང་གསར་བས་མ་འོངས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཡུན་གནས་དང་ཞི་བདེ་བརྟན་ལྷིང་ཡོང་ཐབས་སུ་གང་ནུས་ཅི་འཇོན་ལ་བརྩོན་ངེས་ཡིན་ཞེས་བཤད་ཡོད་ལ། ངས་རང་ཉིད་ཀྱི་ཁག་ཐག་འདི་རྒྱུན་འཁྱོངས་བྱ་ངེས་ཡིན། འདས་པའི་མི་ལོ་ ༨ རྗེས་ཀྱི་འཕོ་འགྱུར་ནི་ཐའེ་ཝན་མི་མང་གི་མངོན་འདོད་དང་དམངས་གཙོའི་ལམ་ལུགས་ལ་བརྟེན་ནས་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་མཐོར་འདེགས་གཏོང་རྒྱུ་དེ་ཡིན། དམངས་གཙོའི་ལམ་ལུགས་ཁོ་ནར་བརྟེན་ནས་ད་གཟོད་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་དང་། ཕྱོགས་གཉིས་བར་གྱི་དངོས་ཡོད་གནས་སྟངས་ཐད་མིང་དོན་མཚུངས་པའི་གྲུབ་འབྲས་འཐོན་ཐུབ། ཅེས་བརྗོད་འདུག

ཡང་ཁོང་མོས་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་གོ་མན་ཏང་ཚོགས་པ་ནས་སྲིད་དབང་རྩིས་ལེན་བྱས་རྗེས། ཐའེ་ཝན་མཚོ་འགག་གི་སྲིད་ཇུས་བཅོས་བསྒྱུར་གཏང་སྲིད་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ན་ནིང་ཕྱི་ཟླ་དང་པོའི་ནང་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་འོས་བསྡུའི་སྔོན་འགྲོའི་སྐབས་སུ། ལྕམ་ཚའེ་ཡེན་ཝན་གྱིས་གོ་མན་ཏང་ཚོགས་པས་གྲོས་ཚོགས་ཀྱི་ལྟ་ཞིབ་མ་བརྒྱུད་པར་ལྐོག་ལྐོག་སུད་སུད་ཀྱི་སྒོ་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་ལམ་བཟུང་བའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཁིན་ཡ་ཉེན་རྟོག་ཁང་གིས་དེ་སྔོན་གློག་འཕྲིན་སྐུལ་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་དོགས་ཡོད་མི་སྣ་ ༦༧ འཇུ་བཟུང་བྱས་པ་དེ་སྒེར་གྱི་འབྲེལ་ལམ་བརྒྱུད་ནས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པ་དང་། པེ་ཅིན་གཞུང་གིས་དོགས་ཡོད་མི་སྣ་དེ་ཚོའི་གྲས་ཀྱི་ཐའེ་ཝན་ཡུལ་མི་ ༤༥ ཕྱིར་ཐའེ་ཝན་ནང་འགྲོ་རུ་མ་བཅུག་པར་ཁོ་ཚོ་རྒྱ་ནག་གི་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱེད་པའི་ཚོགས་པ་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་བཀག་བསྐྱིལ་དང་ཞིབ་བཤེར་བྱེད་བཞིན་པར་ཐའེ་པེ་གཞུང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཉེ་ལམ་མ་ལེ་ཤེ་ཡ་གཞུང་གིས་ཀྱང་གློག་འཕྲིན་སྐུད་ལམ་དུ་མྱུལ་ཞིབ་དང་གསང་བ་རྐུ་འཁྱེར་བྱས་པའི་ཐའེ་ཝན་གྱི་དོགས་ཡོད་མི་སྣ་ ༢༠ འཇུ་བཟུང་བྱས་རྗེས། ཕྱིར་ཐའེ་ཝན་མཚོ་འགག་ལ་རྩིས་སྤྲད་བྱས་པ་དེར་པེ་ཅིན་གཞུང་གིས་དེ་ནི་རྒྱ་ནག་སྐམ་ས་ཆེན་མོར་བཟོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༡༩༤༩ ལོའི་དུས་ཟིང་སྐབས་སུ་དེང་གི་ཐའེ་ཝན་མཚོ་འགག་འདི་བཞིན་རྒྱ་ནག་སྐམ་ས་ཆེན་མོ་དང་བྲལ་ཏེ་ད་ལྟའི་བར་རང་སྲིད་རང་སྐྱོང་གི་ཚུལ་དུ་འཚོ་ཞིང་གཞིས་ནའང་། པེ་ཅིན་གཞུང་གིས་ད་དུང་ཡང་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་སྐམ་ས་ཆེན་མོའི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་ཡིན་ལུགས་ནན་བཤད་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཐའེ་ཝན་སྲིད་འཛིན་འོས་བསྡུའི་སྐབས་སུ་གོ་མན་ཏང་ཚོགས་པར་རྒྱལ་ཁ་ཐོབ་པ་དང་། སྲིད་འཛིན་མ་ཡེན་ཅོ་ཡིས་ཐའེ་རྒྱ་གཉིས་བར་འགྲོ་འོང་འགྲིམ་འགྲུལ་དང་ཉོ་འཚོང་ཁེ་ལས་ཐད་གསང་བའི་སྒོ་ནས་རྒྱ་ནག་གཞུང་ལ་འབྲེལ་ལམ་བཟུང་བར་བརྟེན་ནས། ཕྱོགས་གཉིས་བར་ད་ལྟའི་བར་རེ་གསལ་རེ་མོག་གི་འབྲེལ་ལམ་ཞིག་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese