མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་གླིང་གསར་འགོད་པ་བོད་ཁུལ་དུ་བསྐྱོད་པར་དམ་དྲག

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནང་དུ་ཡོད་པའི་ཕྱི་གླིང་གསར་འགོད་ལྷན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན་རྒྱ་ནག་གཞུང་གིས་ཕྱི་གླིང་གསར་འགོད་པ་བོད་ཁུལ་དུ་བསྐྱོད་པར་མུ་མཐུད་དམ་དྲག་ཆེ་རུ་བཏང་ཡོད་འདུག

TURKEY-POLITICS-PRESS-TRIAL-MEDIAཁ་སང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་གསར་འགོད་སྲུང་སྐྱོབ་ལྷན་ཚོགས་ (CPJ) ཞེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་པེ་ཅིན་ཏུ་ཡོད་པའི་ཕྱི་གླིང་གསར་འགོད་ལྷན་ཚོགས་ (FCCC) ནས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ན་ནིང་ནས་རྒྱ་ནག་གཞུང་གིས་མུ་མཐུད་ཕྱི་གླིང་གསར་འགོད་པའི་སྟེང་དམ་དྲག་ཆེ་རུ་བཏང་སྟེ། རྒྱ་ནག་གི་ཐོངས་མཆན་ཡོད་པའི་ཕྱི་གླིང་གསར་འགོད་པ་ཚོའང་བོད་ཁུལ་དུ་བསྐྱོད་པར་ངོས་ལེན་བྱེད་ཀྱི་མེད་སྐོར་འཁོད་འདུག

ཞིབ་འཇུག་སྙན་ཐོ་དེའི་ནང་མུ་མཐུད་དུ། སྤྱིར་རྒྱ་ནང་ཕྱི་གླིང་གི་གསར་འགོད་ལྷན་ཚོགས་བོད་ཁུལ་དུ་བསྐྱོད་པའི་ཐད་གུ་ཡངས་ཅུང་ཙམ་ཕྱིན་ཡོད་ནའང་། བོད་ཁུལ་དུ་ཕྱི་གླིང་གི་གནས་འཕྲིན་བརྒྱུད་ལམ་ཁག་གཏན་འགོག་བྱས་ཡོད་སྐོར་དང་། རྒྱ་ནག་གཞུང་གི་བཀོད་འདོམས་དང་སྲིད་ཇུས། ལྟ་རྟོག་ཁོ་ནའི་འོག་ཕྱི་གླིང་གི་གསར་འགོད་པ་བོད་ཁུལ་དུ་བསྐྱོད་དུ་བཅུག་ཀྱང་། ཁོ་ཚོའི་རང་དབང་གི་འགྲུལ་བསྐྱོད་དང་རང་གི་འཚོལ་ཞིབ་ལ་དམ་དྲག་ཆེ་སྐོར་འཁོད་འདུག

གཞན། གསར་འགོད་ལྷན་ཚོགས་དེའི་ཚོགས་མི་ཞིག་གིས། རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་དམ་དྲག་འོག སྤྱིར་བཏང་རྒྱ་ནག་གཞུང་གིས་ང་ལ་བོད་ཁུལ་དུ་འཁྱུག་ཙམ་ལྟ་རུ་བཅུག་པའི་འགྲུལ་བསྐྱོད་དེ་ངས་དོ་གལ་ཆེན་པོར་མཐོང་གི་ཡོད་ནའང་། བོད་ཁུལ་དུ་འགྲུལ་བསྐྱོད་སྐབས་སུ། འགྲུལ་བསྐྱོད་ཀྱི་བཅའ་ཁྲིམས་ནང་མེད་པའི་བོད་ཁུལ་དུ་འགྲོ་འདུག་རང་དབང་དང་འཚོལ་ཞིབ་རང་དབང་མེད་པ་མ་ཟད། ཐ་ན་ངའི་རང་དབང་གི་འགྲོ་འདུག་ལའང་སྟངས་འཛིན་བྱེད་ཀྱི་འདུག དེ་ལྟའི་འགྲུལ་བསྐྱོད་ལ་དོན་སྙིང་ཅི་ཡང་མི་འདུག ངས་རྒྱ་ནག་གི་དཔོན་རིགས་ཚོར་པེ་ཅིན་གྲོང་ཁྱེར་གྱི་གསར་འགོད་ལྷན་ཚོགས་དང་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་མེད་པའི་གནད་དོན་མང་པོ་ཞིག་འདྲི་འདོད་བྱུང་། དེ་ཡང་ཁྱབ་ཆེ་བའི་དྲིལ་བསྒྲགས་ཤིག་ཡིན་ནའང་། ངས་རྒྱ་ནག་སྲིད་གཞུང་གིས་བོད་དང་བོད་ཀྱི་འབྱུང་འགྱུར་ཐད་འཛིན་པའི་དབང་སྒྱུར་སྲིད་ཇུས་ཀྱི་སྣང་ཚུལ་དེ་མཐོང་ཐུབ་ཀྱི་འདུག ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། ཞིབ་འཇུག་སྙན་ཐོ་དེ་ནི་པེ་ཅིན་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་ཕྱི་གླིང་གསར་འགོད་ལྷན་ཚོགས་ (FCCC) ཀྱི་ཁོངས་མི་ ༣༥༡ ཡོད་པའི་གྲས་ནས་ཁོངས་མི་ ༡༧༧ གྱི་ཞིབ་འཇུག་དང་བསམ་ཚུལ་གཞིར་བཟོང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese