མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་གསར་རྙིང་གཉིས་ཀྱི་བོད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་དེབ་ཐར་ “དུས་རབས་གསར་རྙིང་གཉིས་ཀྱི་བོད” ཅེས་པ་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་དབུ་འབྱེད་གནང་སོང་།

tibettimes-2དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ས་སྐྱའི་ཆོས་གཞིས་སྤེལ་ལེགས་བླ་བྲང་སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ཀྱིས་བརྩམས་པའི་༼ དུས་རབས་གསར་རྙིང་གཉིས་ཀྱི་བོད༽ ཅེས་པའི་ལོ་རྒྱུས་དེབ་ཐེར་སྟོད་སྨད་གཉིས་དབུ་འབྱེད་གནང་སོང་ལ། དཔེ་དེབ་དབུ་འབྱེད་སྟེང་བོད་མི་མང་སྤྱི་འཐུས་དང་གཞུང་གི་ལས་བྱེད་ཁག་ཅིག དེ་བཞིན་སྤྱི་ཚོགས་ནང་གི་དོ་སྣང་ཅན་སྐོར་ཞིག་བཅས་འཛོམས་སོང་།

བོད་ཀྱི་དཔེ་མཛད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་རྩོམ་པ་པོ་སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་ཐེངས་འདིར་དཔེ་འབྱེད་གནང་བའི་ལོ་རྒྱུས་དེབ་དེ་ངོ་སྤྲོད་མདོ་བསྡུས་ཤིག་གནང་རྗེས། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་གནང་དོན། དེ་རིང་འདིར་དཔེ་མཛོད་དྲུང་ཆེས་གསུངས་བ་ལྟར། མགོན་པོ་རྡོ་རྗེ་ཁོང་བོད་པའི་ལོ་རྒྱུས་ཐོག་གི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་རེད། དཔེར་ན། ཁོང་གི་ནང་མིའི་མིང་ལ་སེར་སྲུང་སྔགས་པ་མི་རབས་བཅུ་གཅིག་ཡོད་པའི་ནང་མི་དང་། དེ་བཞིན། ཁོ་རང་ལ་བླ་ཆེན་མང་པོ་ཞིག་ནས་དབང་ལུང་མན་ངག་ཐོབ་མཁན་ཞིག་རེད། མགོན་པོ་རྡོ་རྗེ་ལགས་དགུང་ལོ་བཅུ་བདུན་ནས་བཅུ་དགུའི་རིང་ས་སྐྱའི་ལྷ་ཁང་ཆེན་མོའི་ནང་ཁོང་གིས་སློབ་སྦྱོང་གནང་ཡོད་པ་དང་། རྗེས་སུ་ཁོང་གི་རྩ་བའི་བླ་མ་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་ཡིན་པ་ཡོངས་གྲགས་ཡིན་སྟབས། ཆོས་བརྒྱུད་ཁག་གི་ཐད་ནས་ཀྱང་ཁོང་གནད་འགག་ཅན་གྱི་མི་སྣ་ཞིག་ཆགས་ཡོད། དེ་བཞིན། ༧གོང་ས་མཆོག་གིས་མི་རབས་རྒན་པ་ཚོས་སོ་སོའི་མི་ཚེ་ལོ་རྒྱུས་ཡིག་ཐོག་ཕབ་ཐུབ་ན་ཡག་པོ་འདུག་ཅེས་དུས་རྒྱུན་བཀའ་ཕེབས་ཀྱི་ཡོད་པ་རེད། བཀའ་ཕེབས་པ་བཞིན་མི་རབས་རྒན་པ་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་སོ་སོའི་མི་ཚེ་ལོ་རྒྱུས་ལྗགས་རྩོམ་གནང་གི་ཡོད་པ་རེད། དེ་ཚང་མར་བསྔགས་བརྗོད་ཞུ་བཞིན་ཡོད། གང་ཡིན་ཟེར་ན་མི་རབས་རྒན་པ་ཚོ་རིམ་གྱིས་མེད་པ་ཆགས་ཡོང་སྐབས། མི་རབས་གསར་བ་ཚོར་གནའ་སྔ་མོའི་བོད་དེ་ག་འདྲ་ཞིག་ཡོད་པ་རེད་ཅེས་དོ་སྣང་གནང་མཁན་ཡོད་ན། དེབ་ནང་ནས་བསླབ་བྱ་ལེན་རྒྱུ་ཡོད་པའི་སྟེང་ལ། ལྗགས་རྩོམ་གནང་བའི་དེབ་དེ་དག་གལ་ཆེན་པོ་རེད། མགོན་པོ་རྡོ་རྗེ་ཁོང་གི་དེབ་གཉིས་ལས་གཅིག་ལ་ཤོག་ལྷེ་ ༥༠༦ དང་། གཅིག་ལ་ཤོག་ལྷེ་ ༥༧༡ ཡོད་པའི་དེབ་གཉིས་ལ། དུས་རབས་གསར་རྙིང་གཉིས་ཀྱི་བོད་ཅེས། དུས་རབས་རྙིང་པ་དང་དུས་རབས་གསར་བ་གཉིས་ཀྱི་ལོ་རྒྱུས་ཚད་དང་ལྡན་པ་གཅིག་པུ་ཙམ་མ་ཟད། གཏིང་ཟབ་པོ་དང་དྲ་རྒྱས་པོའི་ཐོག་ནས་བརྩམས་གནང་ཡོད་པ་དེ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། སྤྱི་ཟུར་མགོན་པོ་རྡོ་རྗེ་མཆོག་གི་དེབ་པར་བསྐྲུན་ཞུས་ཚར་བ་དང་། ཁོང་འདི་གར་ཕེབས་པའི་འཆར་གཞི་དང་དེ་ནས་གཟིམ་ཆུང་མཇལ་ཁ་བཅར་རྒྱུའི་འཆར་གཞི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ པའི་སྟེང་ཁོང་སྐུ་གྲོངས་ཡོད་པ་དང་། ཉིན་གུང་ཆུ་ཚོད་དང་པོའི་བར་ཐུགས་དམ་ལ་བཞུགས་ཡོད་སྐོར་སོགས་སོགས་བརྗོད་སོང་།

ལོ་རྒྱུས་དཔེ་དེབ་དབུ་འབྱེད་ཀྱི་གསལ་བསྒྲགས་ནང་།  “དུས་རབས་གསར་རྙིང་གཉིས་བོད”ཅེས་པའི་ལོ་རྒྱུས་ཀྱི་དེབ་འདི་ནི་ས་སྐྱའི་སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ཀྱིས་བརྩམས་ཤིང་། འཛམ་གླིང་གི་ལོ་རྒྱུས་བརྩམས་ཆོས་མང་པོའི་ཁྲོད་ནས་ཀུན་གྱིས་ཡིད་ཆེས་ཆེ་ཤོས་སུ་བརྩི་བའི་གནད་དོན་གཅིག་ནི་ལོ་རྒྱུས་དེའི་བྱུང་རིམ་ནང་རྩོམ་པ་པོ་རང་ཉིད་དངོས་སུ་ཡོད་པ་དེ་ཡིན། ད་ལམ་གྱི“དུས་རབས་གསར་རྙིང་གཉིས་ཀྱི་བོད”ཅེས་པའི་ལོ་རྒྱུས་རྩོམ་པ་པོ་ས་སྐྱའི་སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ལ་མཚོན་ན། བོད་ཀྱི་བདག་དབང་བོད་མིར་ཡོད་པའི་གནས་སྐབས་དང་། བདག་དབང་རྒྱ་ནག་ལ་ཤོར་བའི་གནས་སྐབས་གཉིས་ཀའི་བྱུང་བའི་ཁྲོད་ཀྱི་མི་སྣ་ཞིག་ཆགས་ཡོད་སྟབས། དུས་རབས་ཉི་ཤུའི་སྨད་ཆའི་ལོ་རྒྱུས་རྣམས་དངོས་མཐོང་དངོས་མྱོང་གི་བྱུང་བ་ཞིག་ཏུ་གྱུར་ཡོད་པས། ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་ངོས་འཛིན་བྱེད་ཆོག་སྐོར་འཁོད་འདུག

སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་ཀྱིས་བརྩམས་པའི“དུས་རབས་གསར་རྙིང་གཉིས་ཀྱི་བོད”ཅེས་པའི་ལོ་རྒྱུས་དེབ་ཐར་སྟོད་སྨད་གཉིས་གྱི་དེབ་པོའི་ནང་ས་བཅད་ ༦ དང་ཤོག་གྲངས་ ༥༧༡ ཡོད་པ་དང་། དེབ་གཉིས་པའི་ནང་ས་བཅད་ ༤ དང་ཤོག་གྲངས་༥༠༦ ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 3

  1. ཨ་ལ says:
    ལོ་ 2 སྔོན།

    དེབ་འདི་དྲང་མོ་བཤད་ན་ལོ་རྒྱུས་ཀྱི་དེབ་ཞིག་མ་རེད་བསམ། ནང་བསྟན་བོད་ལྗོངས་སུ་ཅི་ལྟར་ཆགས་པའི་ལྷ་འདྲེའི་སྒྲུང་ཞིག་ཡིན་པར་ཐབས། གཅིག་ནས་དྲང་མོ་དྲང་བདེན་ད་ལྟ་དངོས་ཡོད་ཀྱི་རྡོ་རིང་ཡང་ན་ལོ་རྒྱུས་ཡིག་ཚགས་སོགས་གཙུགས་སུ་མ་བཟུང་པར། ཏག་ཏག་ནང་བསྟན་ལ་བོད་ཁུལ་དུ་མཛད་རྗེས་ག་འདྲ་ཞིག་ཐེབས་ཡོད་པའི་ལྕེ་འདེགས་ཙམ་གྱི་སྒྲུང་དེབ་ཞིག་རེད་འདུག། སྙིང་བོ་ཅུང་མི་འདུག

    Reply
  2. ན་བུན། says:
    ལོ་ 10 སྔོན།

    སྐུ་ཉིད་ཀྱིས་གསལ་འདེབས་གནང་བར་བཀའ་དྲིན་ཆེ།

    Reply
  3. ཀླུ་སྨྱོན། says:
    ལོ་ 10 སྔོན།

    འདི་ཀློག་མ་བདེ་བ་ཧ་ལས་པ་ཞིག་འདུག གསེར་གསུམ་སྔགས་པ་ནི་སེར་སྲུང་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese