མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྒྲིག་གཞི་གསར་བར་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕོ་བྲང་པོས་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་དེས་ཕྱོགས་གཉིས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་དང་མི་སྒེར་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་བཀག་རྒྱ་ཐེབས་སྲིད་སྐོར་བརྗོད་འདུག

30China-web-master768

ཁ་སང་ཨ་རིའི་ནེའུ་ཡོག་དུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱ་ནག་ནང་གི་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་སྒྲིག་གཞི་གསར་པ་ཞིག་ལ་ལག་བསྟར་མོས་མཐུན་བྱུང་ཡོད་པར། ཨ་རིའི་གཞུང་གི་མགོ་འཁྲིད་དང་ཁེ་ལས་པ་ཚོས་སྐྱོན་བརྗོད་བྱས་འདུག

ཨ་རིའི་ཕོ་བྲང་དཀར་པོའི་བསྒྲགས་གཏམ་ནང་། རྒྱ་ནག་གི་སྒྲིག་གཞི་གསར་བ་དེས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏང་སྲིད་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་གཏན་འབེབས་ལག་བསྟར་བྱས་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་སྒྲིག་གཞི་ལ་འཕོ་འགྱུར་གང་ཡང་བཏང་མེད་པ་མ་ཟད། ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་རྟོགས་ཞིབ་ཚོགས་པ་ཁག་ ༧༠༠༠ ཙམ་ལ་སྟངས་འཛིན་བྱེད་མུས་ཡིན་སྐོར་བརྗོད་འདུག

བསྒྲགས་གཏམ་ནང་མུ་མཐུད་དུ་བསྟན་དོན། རྒྱ་ནང་ནི་གཞུང་འབྲེལ་མིན་པའི་ཕྱི་རྒྱལ་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་སྒྲིག་གཞི་གསར་བ་དེས་རྒྱ་ནག་ནང་གི་གཞུང་འབྲེལ་མིན་པའི་སྤྱི་མང་ཁེ་ལས་ཀྱི་ཁོར་ཡུག་ཇེ་ཆུང་དུ་གཏང་སྲིད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་གཞུང་འབྲེལ་མིན་པའི་ཁེ་ལས་ཚོགས་ཁག་དང་མི་སྒེར་ཕན་ཚུན་བར་གྱི་འབྲེལ་འདྲིས་ལའང་བཀག་རྒྱ་ཐེབས་སྲིད་པའི་ཐད་ཨ་རིའི་གཞུང་ལ་བློ་འཚབ་ཡོད་པ་དང་། སྤྱི་མང་ཁེ་ལས་ཀྱི་ཕན་ནུས་ལ་ངེས་ཤེས་བསྐྱེད་རྒྱུ་ནི་སྤྱི་ཚོགས་བརྟན་ལྷིང་དང་ཡར་རྒྱས་ཀྱི་གནད་ཀ་ཞིག་ཡིན་སྟབས། ཨ་རིའི་གཞུང་གིས་རྒྱ་ནང་གི་སྤྱི་མང་ཁེ་ལས་ཀྱི་བྱེད་སྒོ་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་ལ། ང་ཚོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། ཁེ་དབང་དོན་གཉེར་བ་དང་གསར་འགོད་པ། དེ་བཞིན། ཁེ་ལས་ཚོགས་ཁག་དང་ཆེད་ལས་ཡར་རྒྱས་སོགས་སྤྱི་མང་ཁེ་ལས་དོན་གཉེར་བ་ཚོར་བརྩི་སྲུང་དགོས་པ་མ་ཟད། རྒྱ་ནག་ནང་གི་གཞུང་འབྲེལ་མིན་པའི་ཕྱི་རྒྱལ་རྟོགས་ཞིབ་ཚོགས་ཁག་གི་བདེ་འཇགས་ལའང་སྲུང་སྐྱོབ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁི་རེ་ (John Kerry) ལགས་ཀྱིས་སྒེར་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གི་སྒྲིག་གཞི་གསར་བར་བརྟེན་ནས། ང་ཚོའི་རྒྱལ་ཁབ་གཉིས་བར་གྱི་གནད་ཡོད་མི་སྣའི་འབྲེལ་ལམ་དང་། རྒྱ་ནག་ནང་གི་སྤྱི་མང་ཁེ་ལས་འཕེལ་རྒྱས་བཅས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པར་སེམས་ཁྲལ་ཡོད་པ་དང་། སྒྲིག་གཞི་གསར་བ་དེའི་ནང་སྔོན་ཆད་ཀྱི་སྒྲིག་གཞི་ཁག་གཞིར་བཞག་བྱས་ཡོད་པ་མ་ཟད། སྔར་ལས་ལྷག་པར་ཕྱི་གླིང་གི་ཁོར་ཡུག་ཞབས་ཞུ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན། རྒྱ་ནག་དང་མཉམ་འབྲེལ་ཚོགས་ཁག་བཅས་ལ་དོ་ཕོག་སློང་སྲིད་པ་དང་། རྒྱ་རིགས་དང་བླངས་ལས་འགུལ་བ་ཚོའི་སེམས་ཤུགས་ཀྱང་གཅོག་སྲིད་པར་གདོན་མི་ཟ། ཞེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཕྱི་རྒྱལ་ཚོགས་པ་ཁག་གི་ལས་དོན་སྤེལ་ཕྱོགས་ཐད་ཀྱི་སྒྲིག་གཞི་གསར་བ་དེ་ཉེ་ཆར་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གཏན་འབེབས་བྱས་ཏེ། ཟླ་སྔོན་མའི་ཕྱི་ཚེས་ ༢ ཉིན་དངོས་སུ་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་དང་། སྒྲིག་གཞི་དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་ནང་གི་ཕྱི་རྒྱལ་ཚོགས་པ་ཁག་གིས་དུས་རྒྱུན་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་མཉམ་འབྲེལ་དང་རྒྱ་ནག་ཉེན་རྟོག་ཁང་དུ་ཐོ་འགོད་བརྒྱུད། ཁོ་ཚོས་རྒྱ་ནང་དུ་ལས་དོན་སྤེལ་ཕྱོགས་དང་ཁེ་ལས་གཉེར་སྟངས་ཐད་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་རྒྱུ་སོགས་ཡིན་པ་དང་། རྒྱ་ནང་གི་ཕྱི་རྒྱལ་ཚོགས་པ་ཁག་གི་མགོ་ཁྲིད་ཚོས་རྒྱ་ནག་ས་གནས་སྒྲིག་འཛུགས་ཁག་གིས་ཕྱི་གླིང་བའི་བདེ་འཇགས་དང་ཁོ་ཚོའི་ལས་དོན་ལ་དོ་ཁུར་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་སྒྲིག་གཞི་གསར་བ་དེ་རྒྱ་ནག་ནང་གི་ཕྱི་རྒྱལ་ཚོགས་པ་ཁག་ལ་དམིགས་ནས་བཟོས་པ་ཞིག་ཡིན་མིན་གང་ལྟར་ཡང་། ཕྱི་རྒྱལ་གྱི་ཤེས་ཡོན་དང་འཕྲོད་བསྟེན་ཚོགས་ཁག་གིས་རྒྱ་ནག་གི་འབྲེལ་ཡོད་བཅའ་ཁྲིམས་ཁག་བརྩི་སྲུང་དགོས་ལུགས་འཁོད་ཡོད་ནའང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། སྒྲིག་གཞི་འདི་དེ་སྔའི་སྒྲིག་གཞི་དང་བསྡུར་ན་གུ་ཡངས་ཡོད་ལུགས་ལོག་འགྲེལ་བྱས་ཡོད་པ་དང་། རྒྱ་ནག་ནང་རྟེན་གཞི་བྱེད་པའི་ཨ་རིའི་ཁེ་ལས་ཚན་པས་རྒྱ་ནག་གི་སྒྲིག་གཞི་གསར་བ་དེ་ལ་མི་འདོད་པའི་སྐྱོན་བརྗོད་དང་། རྒྱ་ནག་གི་སྒྲིག་གཞི་གསར་བ་དེས་ཕྱི་རྒྱལ་ཚོགས་པ་ཁག་དང་ཁེ་ལས་སྡེ་ཁག་ལ་གནོད་སྐྱོན་ཆེན་པོ་བཟོ་སྲིད་སྐོར་དང་། སྤྱིར་བཏང་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཁེ་ལས་སྡེ་ཁག་ཚོས་རྒྱ་ནག་ལ་ཁེ་ཕན་འབོར་ཆེན་འཐོབ་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཚོགས་སྡེ་ཁག་གིས་རྒྱ་ནག་སྤྱི་ཚོགས་བདེ་འཇགས་ལ་འཇིག་ཉེན་སློང་གི་ཡོད་པའི་ནག་ཉེས་བཙུགས་ཡོད་ཚུལ་བརྗོད་འདུག

གཞན། ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་ནང་ལས་དོན་སྤེལ་ཕྱོགས་ཀྱི་རྩོད་རྙོག་དེ་ནི་རྒྱ་ནང་གི་ཕོ་མོ་འདྲ་མཉམ་དང་ཁོར་ཡུག་སྲུང་སྐྱོབ། ཁྲིམས་མཐུན་རོགས་རམ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་འདུག

 གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོབ་བྱུང་།

སྐར་མ ༢༨ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༡ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༣ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist