མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་༧གོང་ས་ཏཱ་ལའི་བླ་མའི་བྱམས་བརྩེ་ཞི་བདེའི་བསླབ་བྱ་འཁྱེར་ཏེ་ཕྱིར་ཨ་ཧྥི་གྷ་ནེ་སི་ཐན་ནང་ལོག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་ཉམས་མྱོང་རྗེ་ལེན་གྱི་ཚོགས་འདུ་ཞིག་ཚོགས་པའི་སྟེང་། ༧གོང་ས་མཆོག་གིས་འཛམ་གླིང་སྟེང་གི་རྙོག་དྲ་མང་པོ་ང་ཚོ་མིས་བཟོས་པ་ཡིན་སྟབས། དཀོན་མཆོག་ལ་གསོལ་འདེབས་བྱས་པས་མི་ཡོང་སྟབས་ང་ཚོ་མིས་སེལ་ཐབས་བྱེད་གསུངས།

IMG_1123

དེ་རིང་སྔོ་དྲོའི་ཆུ་ཚོད་ ༩།༠༠ བའི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་གི་རྒྱལ་བའི་ཕོ་བྲང་དུ། ཨ་རིའི་ཞི་བདེ་ལྷན་ཚོགས་ (USIP) དང་དགའ་ལྡན་ཕོ་བྲང་གཉིས་ཐུན་མོང་གི་གོ་སྒྲིག་འོག འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་དབུ་ཁྲིད་ཚོའི་ཉམས་མྱོང་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུས་རྒྱ་གར་གྱི་དྲང་སྲོང་བ་ཆེན་མོ་ཌི་ཝན་སི་ཡ་ཌི་ཙེ་ནུལ་ཨ་བྷི་ཌེན་ (Dewan Syed Zainul Abedin) མཆོག་དང་། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ ༡༦ ནས་ཕེབས་པའི་ཨ་རིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་ ༤༠ ཙམ་བཅས་འཛོམས་འདུག

ཚོགས་འདུ་དབུ་འཛུགས་སྟེང་༧གོང་ས་མཆོག་གིས་དེང་གི་འཛམ་གླིང་སྟེང་འབྱུང་བཞིན་པའི་རྩོད་རྙོག་འདུམ་འགྲིག་དང་དམག་འཁྲུག་ཞི་འཇགས་ཡོང་བའི་སྐོར་གསུངས་དོན། དེང་སྐབས་འཛམ་གླིང་སྒང་ལ་རྙོག་དྲ་དང་འཁྲུག་རྩོད་མང་པོ་འབྱུང་གི་ཡོད་པ་དང་། དེ་ཡང་གཅིག་ནས་ཆོས་ལུགས་རིག་གནས་ཀྱི་ཐོག་ནས་རྙོག་དྲ་བྱུང་སྟེ། མི་སེར་སྟོང་ཕྲག་མང་པོ་དམར་གསོད་ཐེབས་ཀྱི་ཡོད་པ་དང་། སྤྱིར་བཏང་རྒྱལ་ཁབ་དང་མི་རིགས་སོ་སོའི་བར་ཆོས་ལུགས་ལྟ་གྲུབ་ཐུན་མིན་གྱི་རྙོག་དྲ་རེ་ཟུང་འབྱུང་གི་ཡོད་ཀྱང་། དེ་ལ་བརྟེན་ཏེ་མི་ཡིས་མི་དམར་གསོད་གཏོང་གི་ཡོད་པ་དེ་ནི་དཔེ་མི་སྲད་པའི་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཀྱི་ཡོད་ཅིང་། རྙོག་དྲ་འདི་རིགས་དཀོན་མཆོག་ལ་གསོལ་འདེབས་དང་སྨོན་ལམ་བརྒྱབ་ནས་སེལ་ཐབས་མེད་པ་དང་། དེ་ང་རང་ཚོ་རང་གིས་ལག་ལེན་བསྟར་དགོས་པ་དང་། དཀའ་རྙོག་འདི་རིགས་ང་ཚོ་མིས་བཟོས་པ་ཡིན་སྟབས། ང་ཚོ་མིས་ཐབས་ཤེས་བཏང་ནས་སེལ་ཐབས་བྱེད་དགོས་ཤིང་། དེ་ཡང་དམིགས་བསལ་གཞོན་སྐྱེས་ཚོའི་སེམས་ནང་བསླེབ་དགོས་པ་དང་། དེང་གི་དུས་རབས་ཉེར་བཞི་བ་འདི་གྲོས་མོལ་གྱི་དུས་རབས་ཤིག་ལ་བསྒྱུར་ཏེ་འཛམ་གླིང་སྟེང་ཞི་བདེ་དང་ལྷིང་འཇགས་ཡོང་བའི་ཐབས་ཤེས་གཏོང་དགོས་པ་དང་། གཙོ་བོ་མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་གྲོས་མོལ་ལ་བརྟེན་ནས་ཞི་བདེ་འདུམ་འགྲིག་ཡོང་དགོས་པ་དང་། སྤྱིར་འཛམ་གླིང་སྟེང་གི་ཆོས་ལུགས་གྲུབ་མཐའ་ཁག་ཚང་མའི་ནང་བྱམས་བརྩེ་གཙོ་བོར་གསུང་གི་ཡོད་སྟབས། ཆོས་ལུགས་གྲུབ་མཐའ་གང་ལ་དད་ཅིང་གུས་ནའང་། དེ་ཚོ་ཚང་མས་བྱམས་བརྩེ་སྐོར་གསུང་བ་ཤ་སྟག་ཡིན་ཞིང་། བྱམས་བརྩེ་དེ་ཡར་རྒྱས་གཏང་བའི་ཐབས་ལམ་གཙོ་བོ་ང་ཚོས་བཟོད་བསྲན་ཉམས་ལེན་དང་བསླབ་ཁྲིམས་ཉམས་ལེན་བྱེད་རྒྱུ་བཅས་ནི་ཆོས་ལུགས་གྲུབ་མཐའ་ཚང་མའི་ནང་གསུང་གི་ཡོད་ཅིང་། རྩ་བའི་བྱམས་བརྩེ་ཟེར་བ་དེ་ཆོས་ལུགས་ཡོད་མེད་ལ་ཁྱད་མེད་པར། དེ་ང་ཚོ་ཚང་མས་ལག་ལེན་བསྟར་ཐུབ་པ་ཞིག་ཡིན་པ་དང་། དེ་གཞི་རྩར་བཞག་སྟེ་ང་ཚོ་ཚང་མས་དེང་གི་འཛམ་གླིང་སྟེང་གི་རྙོག་དྲ་འདི་རིགས་སེལ་བའི་ཐབས་ལམ་འཚོལ་དགོས་ཀྱི་ཡོད་ཅེས་སོགས་གསུངས་སོང་།

ཨ་རིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མ་རེ་ཡམ་ (Mariam) ལགས་ཀྱིས་གསར་འགོད་པར་བརྗོད་དོན། ཁོང་མོ་ཨ་ཧྥི་གྷ་ནེ་སི་ཐན་ནས་ཡིན་ཞིང་། ཨ་ཧྥི་གྷ་ནེ་སི་ཐན་ནང་འཁྲུག་ཟིང་འབྱུང་མུས་ཡིན་པ་དང་། དེ་ནི་གཙོ་བོ་རྒྱལ་ནང་གི་ཆོས་ལུགས་དང་འཇིགས་སྐུལ་དྲག་སྤྱོད་སོགས་ཡིན་ཞིང་། དེ་རིང་འདི་གར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཁོང་གི་མི་ཚེ་ཉམས་མྱོང་གི་བསླབ་བྱ་སྟེ། གཙོ་བོ་བྱམས་བརྩེ་ལ་བརྟེན་ནས་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་བར་གྱི་འཁྲུག་རྩོད་འདུམ་འགྲིག་དང་། འབྱུང་འགྱུར་མི་མང་གིས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་ཐབས་བཅས་ཀྱི་སྐོར་ནས་བསླབ་བྱ་མང་པོ་ཐོབ་ཡོད་པ་དང་། སྤྱིར་རྒྱ་གར་ནང་ཆོས་ལུགས་གྲུབ་མཐའ་མང་པོ་ཡོད་ནའང་འདི་གར་མི་མང་གི་འཚོ་གནས་ཞི་བདེ་ལྷིང་འཇགས་ཡིན་པ་དང་། ཨ་ཧྥི་གྷ་ནེ་སི་ཐན་ནང་ཁ་ཆེ་མི་རིགས་གཅིག་དང་ཁ་ཆེ་ཆོས་ལུགས་གཅིག་མ་གཏོགས་གཞན་མེད་ནའང་། ཨ་ཧྥི་གྷ་ནེ་སི་ཐན་ནང་ད་དུང་མུ་མཐུད་ཟིང་འཁྲུག་འབྱུང་མུས་ཡིན་སྟབས། ངས་༧གོང་ས་ཏཱ་ལའི་བླ་མའི་བྱམས་བརྩེ་ཞི་བདེའི་བསླབ་བྱ་འཁྱེར་ཏེ་ཕྱིར་ཨ་ཧྥི་གྷ་ནེ་སི་ཐན་ནང་ལོག་རྒྱུ་ཡིན་ཞེས་སོགས་བརྗོད་སོང་།

IMG_1109

ཨ་རིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་དབུ་ཁྲིད་ཚོའི་ཉམས་མྱོང་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླིང་འདིའི་དགོས་དམིགས་གཙོ་བོ་དེང་སྐབས་འཛམ་གླིང་སྟེང་གི་འཁྲུག་རྩོད་མང་ཤོས་དེ་གཞོན་སྐྱེས་ཚོའི་ཁྲོད་དུ་ཡོང་གི་ཡོད་པ་དང་། ལྷག་པར་དུ་སེ་རི་ཡ་དང་ཨེ་རག ཨ་ཧྥི་གྷ་ནེ་སི་ཐན་དང་པ་ཀི་སི་ཐན། ནེ་གྷི་རེ་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འབྱུང་བཞིན་པའི་ཆོས་ལུགས་གྲུབ་མཐའ་དང་འཇིགས་སྐུལ་དྲག་སྤྱོད་སོགས་ཀྱི་འཁྲུག་རྩོད་ཁྲོད་དུ་གཞོན་སྐྱེས་བརྒྱ་ཆ་ ༨༠ ལ་ཤི་རྨས་ཐེབས་ཡོད་པ་དང་། གཞོན་སྐྱེས་དེ་ཚོ་ལོ་ན་ ༢༢ ལ་མ་སོན་པ་ཤ་སྟག་ཡིན་སྟབས། ཨ་རིའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་དབུ་ཁྲིད་མང་པོས་བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་སོ་སོའི་ཉམས་མྱོང་དང་བསམ་ཚུལ་བརྗེ་ལེན་བརྒྱུད། འབྱུང་འགྱུར་འཛམ་གླིང་སྟེང་དུས་ཟིང་ཆེ་བའི་རྒྱལ་ཁབ་ཁག་ནང་གི་མི་ཤི་ཁྲག་སྦྱོར་གྱི་རྩོད་རྙོག་དང་དམག་འཁྲུག་ཞི་འཇགས་དང་ཞི་བདེ་ཡོང་ཐབས་སྐོར་ཡིན་པ་དང་། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་སྟེང་དཀྱིལ་ཤར་ཡུལ་གྲུ་དང་ཨ་ཧྥི་རེ་ཁ། ལྷོ་ཤར་ཨེ་ཤེ་ཡ་བཅས་ནས་ཕེབས་པའི་གཞོན་སྐྱེས་དབུ་ཁྲིད་ལོ་ན་ ༢༠ ནས་ ༣༠ སོན་པ་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་དང་། ཁོ་ཚོས་སོ་སོའི་རྒྱལ་ནང་གི་ཕོ་མོ་དབྱེ་འབྱེད་དང་ཆོས་ལུགས་གྲུབ་མཐའ་འཐེན་འཁྱེར། ཤོག་ཁག་ཕན་ཚུན་བར་གྱི་འཁྲུག་རྩོད་སོགས་འདུམ་འགྲིག་དང་མ་འོངས་ཞི་བདེ་བརྟན་ལྷིང་ཡོང་ཐབས། ལྷག་པར་དུ་ཡུལ་དུས་ཀྱི་ཟིང་འཁྲུག་དང་འགྲོ་བ་མིའི་ཐོབ་ཐང་། ཡུལ་བྱོལ་སྐྱབས་བཅོལ་བཅས་ཀྱི་དཀའ་རྙོག་ཐད་རོགས་སྐྱོར་གྱི་ལས་འཆར་རབ་དང་རིམ་པ་སྤེལ་མུས་ཡིན་འདུག

གཞན། ཨ་རིའི་ཞི་བདེ་ལྷན་ཚོགས་ཞེས་པའི་རང་དབང་གི་ཚོགས་པ་འདི་ནི་ཕྱི་ལོ་ ༡༩༨༤ ལོར་ཨ་རིའི་རྒྱལ་དམངས་ལྷན་ཚོགས་ཀྱི་ངོས་ནས་གསར་འཛུགས་བྱས་པ་དང་། ད་ལྟའི་བར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནས་ཚོགས་མི་ ༣༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese