མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ལི་གསར་འབྱོར་བོད་མིའི་གྲོང་སྡེ་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྦིར་གསར་འབྱོར་བོད་མིའི་གྲོང་སྡེ་གསར་པ་དབུ་འབྱེད་དང་སྦྲགས་ནང་སྲིད་བཀའ་བློན་མཆོག་ནས་སྡོད་ཁང་གསར་པའི་ནང་འདུག་མཁན་ཚོས་ཁང་པར་བདག་པོ་ཡག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ནམ་ཞིག་ལ་ཁང་པ་དེ་མ་དགོས་པ་ཡིན་ན་ཕྱིར་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དགོས་སྐོར་གསུངས་སོང་།

2དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་སྦིར་གསར་འབྱོར་བོད་མིའི་གྲོང་སྡེ་གསར་པའི་སྤང་ཐང་དུ། ལི་ལི་གྲོང་སྡེ་གསར་པ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག རི་མགོ་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་གཙོས་སྤྱི་འཐུས་རྣམ་པ་དང་། སྦིར་ཁུལ་གྱི་གཞིས་ཆགས་ཁག་གསུམ་གྱི་ས་གནས་མགོ་འཛིན་དང་ལས་བྱེད། ཉེ་འཁོར་དགོན་པ་ཁག་གི་སྐུ་ཚབ་དང་ས་འཐུས་རྣམ་པ། གཞན་ཡང་། སྦིར་གསར་འབྱོར་ཚོགས་པའི་ཚོགས་གཙོ་ཚོགས་ཟུར་དང་ས་གནས་སེར་སྐྱ་མི་མང་བཅས་མི་གྲངས་ ༣༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གྲོང་སྡེ་གསར་པའི་སྒོ་བྱང་གི་ཡོལ་བ་ཕྱེས་ཤིང་སྒོ་ཆེན་གྱི་དར་སྐུད་གཏུབས་ཏེ་དབུ་འབྱེད་གནང་བ་དང་སྦྲགས། ཁྱིམ་མིའི་གྲངས་འབོར་ལྟར་སྡོད་ཁང་གི་ཆེ་ཆུང་རིམ་པ་བཞི་རུ་དབྱེ་ནས་འཛུགས་སྐྲུན་གནང་ཡོད་པ་རྣམས་ལ་དངོས་སུ་གཟིགས་ཞིབ་གནང་གྲུབ་རྗེས། ཚང་མ་བཞུགས་གྲལ་དུ་ཕེབས་ཏེ་སྐུ་མགྲོན་གཙོ་བོ་རྣམས་ནས་གྲོང་སྡེ་གསར་པའི་འཛུགས་སྐྲུན་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་སོང་བ་མ་ཟད། གྲོང་སྡེ་གསར་པའི་སྡེ་ཚན་བཞི་ཡི་ཁང་པའི་ལྡེ་མིག་རྣམས་གསར་འབྱོར་ཚོགས་པའི་ཚོགས་གཙོ་ལགས་ལ་གནང་སོང་། གཞན་ཡང་། མཛད་སྒོ་དང་སྟབས་བསྟུན་སྲིད་སྐྱོང་མཆོག་ནས་གྲོང་སྡེ་གསར་པའི་ཨར་ལས་འཆར་འགོད་པ་དང་ཨར་ལས་བཟོ་སྐྲུན་པ་རྒྱ་གར་བ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསོལ་རས་གནང་སོང་ལ། དེ་བཞིན་རི་མགོ་མཆོག་སྤྲུལ་རིན་པོ་ཆེ་དང་གསར་འབྱོར་ཚོགས་པའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུའི་ཞལ་ཐང་སོགས་ལེགས་འབུལ་ཞུས་སོང་།

མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་མཆོག་ནས་གྲོང་སྡེ་གསར་པ་འཛུགས་སྐྲུན་གྱི་ལས་གཞི་ངོ་སྤྲོད་གནང་བ་དང་འབྲེལ་གྲོང་སྡེ་གསར་པའི་ནང་སྡོད་མཁན་ཚོར་འབོད་སྐུལ་ཁག་ཅིག་གནང་དོན། ཁང་པ་འདི་ཚོ་བདག་པོ་ཡག་པོ་རྒྱག་རོགས། དེ་སྔོན་རོགས་ཚོགས་ཁོང་རང་ཚོ་འདིར་ཕེབས་པའི་སྐབས་ལའང་གསུངས་ཡོད་པ་རེད། གཅིག་ནས་གྲོང་སྡེ་འདིའི་མིང་ལ་ལི་ལི་ཞེས་འདོགས་དགོས་དོན་དེ་རོགས་ཚོགས་ཀྱི་དངུལ་ཡོང་སའི་གཞི་ཆེ་ཤོས་ཀྱི་སྦྱིན་བདག་གི་མཚན་ལ་ལི་ལི་ཟེར་གྱི་ཡོད་སྟབས། ང་ཚོས་ཁོང་ལ་དགའ་བསྟོད་ཀྱི་རྣམ་པ་མཚོན་ཆེད་གྲོང་སྡེའི་མིང་ལ་ལི་ལི་ཞེས་བཏགས་པ་ཞིག་ཆགས་ཡོད་པ་རེད། དེ་ནས་རོགས་ཚོགས་ཡོང་སྐབས་ཁྱེད་རྣམ་པ་ཚང་མར་སྡོང་ཁང་སྙིང་རྗེ་བོ་དང་གཙང་མ་བྱས་ནས་ཉར་རོགས་ཞེས་ཞེ་དྲགས་ཞུས་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༡༠ པའི་ཁོང་རྣམ་པ་འདིར་ཆིབས་བསྒྱུར་གནང་གི་རེད། དེ་དུས་ཁོང་ཚོ་ཡིན་ནའང་དངུལ་བཏང་བ་ཡིན་ཏེ་གཏོང་ས་ནོར་མི་འདུག་འགྲིག་འདུག་ཅེས། དེ་སྔོན་ཚོར་བ་བྱུང་བ་ནང་བཞིན་ཞིག་ཁྱེད་རྣམ་པས་ངེས་པར་དུ་ཁོང་ཚོར་བསྐྲུན་ཐུབ་པ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། གང་ཡིན་ཟེར་ན། རོགས་ཚོགས་དེ་འདི་གཅིག་པུ་མ་རེད་ང་རང་ཚོའི་རོགས་ཚོགས་ཆེན་པོ་ཞིག་རེད། རོགས་ཚོགས་ཚོས་ང་ཚོས་ལས་གཞི་ཡག་པོ་འགྲུབ་ཐུབ་ན་མུ་མཐུད་ང་ཚོར་རོགས་པ་བྱེད་པར་སེམས་ཤུགས་མང་བ་འཕར་གྱི་འདུག ང་ཚོས་རང་བཞིན་གྱིས་ལས་ཀ་བྱེད་སྟངས་མ་འགྲིག་པ་དང་། ཡང་ན་ཁོང་རྣམ་པས་དངུལ་བཏང་བཞག་པ་དེ་ཚོ་བེད་མེད་དུ་ཕྱིན་སོང་བསམ་པ་ཞིག་བྱུང་ན། མ་འོངས་པར་གནོད་སྐྱོན་ཡོང་སྲིད་པ་རེད། དེར་བརྟེན་ཕྱི་ཟླ་ ༡༠ པའི་ནང་ཁོང་ཚོ་ཕེབས་སྐབས་ཁྱེད་རྣམ་པས་དངོས་གནས་དྲང་གནས་འགྲིག་སོང་ཨཱ་བསམ་པའི་ཚོར་བ་ཞིག་ངེས་པར་དུ་བསྐྲུན་ཐུབ་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ནས་ད་ལྟ་བར་དུ་དཀའ་ངལ་ཡོད་སྐབས་ཁྱེད་རང་ཚོས་ཚོགས་པ་བཙུགས་ཏེ་རྡོག་གཅིག་ཏུ་སྒྲིལ་ནས་ཡག་པོ་བྱུང་བ་རེད། ད་དོན་དག་འགྲུབ་ཚར་བའི་རྗེས་ལ་ད་དུང་ཁྱེད་རང་ཚོས་དགའ་སྤོབས་ཆེན་པོ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ནང་ཁུལ་འཆམ་པོ་བྱས་ན་ཁྱེད་རང་ཚོ་སྐྱིད་པོ་ཡོད་པ་རེད། ནང་ཁུལ་འགྲིག་དང་མ་འགྲིག་བྱས་བསྡད་ན་སྐྱིད་པོ་མེད་པ་ཆགས་འགྲོ་བ་ཡིན་སྟབས། ད་ལྟ་ཁྱེད་རང་ཚོ་ག་འདྲ་ཡོད་པ་ཡིན་ནའང་ནང་ཁུལ་འཆམ་པོ་བྱོས། དེ་ནས་ལི་ལི་གྲོང་སྡེ་འདི་སྡེ་དགེ་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་ཡོད་པའི་སྡེ་ཚན་ཞིག་ཆགས་ཀྱི་ཡོད་སྟབས། འགྲོ་སྟངས་འགྲོ་ལུགས་གང་ཅིའི་ཐོག་ནས་དེ་ལ་བརྩི་བཀུར་གནང་གི་རེད་དེ། ངས་དེ་རིང་འགན་ཡོད་པའི་ཐོག་ནས་རྣམ་པ་ཚོར་ཞུ་དགོས་པ་གལ་ཆེན་པོ་གཅིག་དེ་ཡིན། མ་གཞི་འབྲེལ་ཡོད་ལས་བྱེད་ཚོས་ཁྱེད་རང་ཚོར་མངགས་ཡོད་པ་རེད་ལ། འགྲེལ་བཤད་བརྒྱབ་ཡོད་པ་རེད་དེ། ཁང་པའི་ནང་སྡོད་མཁན་ཞིག་ལ་ཁང་པ་མི་དགོས་པའི་ཉིན་མོ་དེར་ངེས་པར་དུ་ཁང་པ་གཞུང་ལ་ཚུར་འབུལ་དགོས་པ་རེད། གང་ཡིན་ཟེར་ན། ད་ལྟའི་སྐབས་ལ་ཁྱེད་རང་གི་ཡིན་པ་ནང་བཞིན་གྱི་གནས་སྟངས་ཡོད་པ་དེས་བོད་མི་གཞན་ཞིག་ལ་ཕན་འགྲོ་ངེས་རེད། དེར་བརྟེན་མ་འོངས་པར་ཁྱེད་རང་ཚོ་ཡག་པོ་ཆགས། འདི་ལས་དྲགས་ཀྱི་འགྲོ་ས་དེ་འདྲ་རག་ན་བཀྲ་ཤིས་བདེ་ལེགས་རེད། ཉིན་མོ་དེར་ངེས་པར་དུ་ཁང་པ་ཚུར་གཞུང་ལ་གནང་དགོས་པ་རེད། སོ་སོ་ལྷག་པའི་སྐབས་ལ་ཡིན་དང་ཡིན་ཁང་པ་རྣམས་ཁྱེད་རང་ཚོར་ཕུལ་ཡོད་པ་རེད། ཁྱེད་རང་ཚོའི་ཆེད་དུའང་རེད་ལ། བེད་སྤྱོད་ག་འདྲ་གཏོང་མིན་ཡང་ཁྱེད་རང་ཚོར་རག་ལས་བ་རེད། ཅེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་ཕ་མ་ལྟར་བོད་ནས་ཡོང་བའི་གསར་འབྱོར་བ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་གཟིགས་རྟོག་གནང་བཞིན་ཡོད་པའི་སྐོར་གསུང་བཤད་གནང་སྐབས། བོད་ནས་གསར་དུ་འབྱོར་མཁན་ཚོར་ག་དུས་ཡིན་ནའང་ང་རང་དང་ཕྱག་རོགས་བཀའ་བློན་རྣམ་པ། དེ་བཞིན་འཛིན་སྐྱོང་ནས་ཡིན་ནའང་རྣམ་པ་ཚོར་གཟིགས་རྟོག་གནང་དགོས་པའི་འགན་ཕ་མ་དེ་མ་སོང་ན་བཀའ་ཤག་ལ་ཡོད་པ་དང་། བཀའ་ཤག་གི་ཐོག་ནས་བྱེད་དགོས་པ་རེད་བསམ་པའི་ཐོག་ནས་དེ་རིང་ངས་དཔེ་མཚོན་དུ་ཞུས་པའི་ཆབ་སྲིད་བཙོན་ཟུར་དང་ཤེས་རབ་དགའ་ཚལ་གླིང་། དེ་བཞིན་དྷ་རམ་ས་ལ་སོགས་ས་གནས་ཁག་ལ་ཟབ་སྦྱོང་སྤྲོད་པ་དང་ལག་ཤེས་བསླབ་རྒྱུ་དེ་ཚོར་འབད་བརྩོན་བྱས་དང་བྱེད་མུས་ཡིན། ཞེས་དང་།

ཡང་ཁོང་གིས། རྒྱ་གར་གཞུང་དང་རྒྱ་གར་མི་མང་ལས་ང་ཚོར་བཀའ་དྲིན་ཆེ་བ་སུ་གང་ཡོད་པ་མ་རེད། རྒྱ་གར་ལས་ལྷག་རྒྱལ་ཁབ་གཞན་སུ་གཅིག་གིས་ཀྱང་ང་ཚོར་གནང་ཡོད་པ་མ་རེད། ང་ཚོ་རྒྱ་གར་དུ་བསྡད་དེ་རྒྱ་གར་ཡུལ་མི་དང་མཉམ་དུ་ཁྱིམ་མཚེས་བྱས་ནས་སྡོད་སྐབས་མཚམས་རེར་རང་བཞིན་གྱིས་མཐུན་མ་མཐུན་ཡོང་གི་ཡོད་ལ། རྒྱ་གར་གྱི་ཡུལ་མིས་ང་ཚོར་ཚུར་བཀའ་གཏོང་བའི་ཚབ་ལ་ང་ཚོས་ཕར་བཀའ་གཏོང་བའི་གནས་ཚུལ་དེ་འདྲའང་ཡོང་གི་ཡོད་པ་རེད། དེ་འདྲ་རྩ་བ་ནས་གནང་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག རྒྱ་གར་གཞུང་མང་ལས་ལྷག་པའི་བོད་མིའི་སྒྲིག་འཛུགས་དང་བོད་མིར་བཀའ་དྲིན་ཆེ་བའི་ལུང་པ་སུ་གང་ཡོད་པ་མ་རེད། དེར་བརྟེན་རྒྱ་གར་གཞུང་དེ་ཕར་ཞོག སོ་སོའི་ཐག་ཉེ་སར་ཡོད་པའི་མི་མང་ལ་གུས་ཞབས་དང་བརྩི་བཀུར་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་ལ། ཁོང་ཚོ་མཉམ་དུ་མཐུན་པོ་བྱེད་དགོས་པ་དེའང་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ས་ཆའི་བདག་པོ་དངོས་གནས་དེ་ཁོང་རང་ཚོ་རེད། ང་ཚོར་སོ་སོའི་བོད་མིའི་སྒྲིག་འཛུགས་ཡོད་པ་རེད་དེ། རྒྱ་གར་གཞུང་གི་སྒྲིག་འཛུགས་འོག་ལ་གནས་བསྡད་ཡོད་པ་རེད། རྒྱ་གར་གཞུང་གི་ཁྲིམས་དང་སྒྲིག་གཞི་དེ་འཁུར་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེ་མ་འཁུར་བར་ཁྲིམས་འགལ་བྱས་འདུག་ཅེས་རྙོག་དྲ་འདྲ་བསླངས་བ་ཡིན་ན། བོད་མི་ཨ་ཅང་ཅང་བོད་སྤྱི་པའི་རྩ་དོན་ལ་ཕུགས་ནས་གནོད་པའི་ཉེན་ཁ་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་ཡིན་ནའང་ཐུགས་ཕམ་སྲིད་པ་ཞིག་ཡིན་སྟབས། རྒྱ་གར་གྱི་ཁྲིམས་འཁུར་དགོས་པ་དེ་གལ་ཆེན་པོ་དང་། རྒྱ་གར་གྱི་ཡུལ་མི་མཉམ་དུ་མཐུན་སྒྲིལ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ངེས་པར་དུ་རྣམ་པ་ཚོས་ཐུགས་ལ་ཉར་རོགས། ཞེས་སོགས་གསུངས་སོང་། དེ་ནས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་རྗེས། སྡེ་དགེའི་བྲོ་ཆེན་སོགས་སྒོར་བྲོ་དང་རྐྱང་གཞས་སོགས་གཟིགས་འབུལ་ཞུས་ཏེ་སྔ་དྲོའི་མཛད་སྒོ་གྲོལ་སོང་།

གསར་འབྱོར་ཚོགས་པའི་ཚོགས་ཟུར་སྐལ་བཟང་ཤེས་རབ་ལགས་ཀྱིས་ཚོགས་པ་དེ་ག་དུས་བཙུགས་ཡོད་པ་དང་། ཚོགས་མི་རྣམས་ལ་སྡོད་ཁང་བགོ་བཤའ་རྒྱག་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་སྐབས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་སྐབས་རང་དབང་ལུང་པའི་ནང་ཡོད་མཁན་ཚོ་རང་དགར་མི་སྡོད་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ངོ་རྒོལ་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་བཟོས་ཏེ། མི་མང་པོ་མཉམ་དུ་འཛོམས་པ་བརྒྱུད་ཚོགས་པ་དེ་གསར་དུ་བཙུགས་ཞིང་། ཚོགས་ཁོངས་སུ་བོད་ཆོལ་ཁ་གསུམ་ནས་མི་གྲངས་ ༢༡༥ ཙམ་ཡོད་པ་དང་། ཚོགས་མི་གཅིག་གཉིས་ཙམ་མ་གཏོགས་ཚང་མར་སྡོད་ཁང་ཐོབ་ཡོད་ལ། དེ་ཡང་མི་གྲངས་མང་ཉུང་ལྟར་ཕྱེས་ནས་རྒྱན་འཕངས་ཏེ་དྲང་པོ་དྲང་བཞག་དང་དཔེ་མི་སྲིད་པའི་ཡག་པོ་བྱུང་ཡོད་སྐོར་བརྗོད་བྱུང་།

5གསར་འགོད་པས་སྡོད་ཁང་ཆེ་ཤོས་ཐོབ་ཡོད་པའི་ཁྱིམ་མི་བཅུ་ཅན་གྱི་ཚེ་འགྲུབ་ལགས་ལ་བོད་ནས་ག་དུས་ཡོང་བ་དང་། ད་ལྟ་སྡོད་ཁང་གསར་པ་རག་དུས་ཚོར་སྣང་ག་འདྲ་འདུག་དྲིས་པར་ཁོང་གིས། ང་ཕ་ཡུལ་ནས་ཕྱི་ལོ་ ༡༩༩༣ ལོར་ཡོང་བ་དང་། ནང་མི་ཚོ་ཕྱི་ལོ་ ༢༠༠༤ ལོར་བསླེབས་པ་རེད། རྒྱ་གར་ནང་འགྲོ་ས་ཅི་གང་མེད་དུས་དགོན་པ་རང་དུ་ལས་ཀ་འདྲ་བྱས་ནས་བསྡད་པ་ཡིན། ད་ལྟ་ང་ལ་འཁྲུ་ཁང་གཙང་སྤྱོད་གཉིས་བཅས་བསྡོམས་ན་ཁང་མིག་ ༦ ཅན་ཞིག་ཐོབ་ཡོད་པ་རེད། སྔོན་མ་ཡིན་ན་ང་ལ་ཁང་པ་གང་ཡང་ཡོད་པ་མ་རེད། ད་ལྟ་ང་རང་གི་སེམས་ནང་དཔེ་མི་སྲིད་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་ཟེར།

6ཡང་ཁྱིམ་མི་བཞི་ཅན་གྱི་ཚེ་བཀྲ་ལགས་ཀྱིས་སྡོད་ཁང་གསར་པ་རག་པ་དེས་མ་འོངས་པར་ཕན་ཐོགས་ཅི་ཡོད་སྐོར་བརྗོད་དོན། ང་ཕྱི་ལོ་ ༡༩༩༣ ལོར་བོད་ནས་རྒྱ་གར་ནང་བསླེབས་པ་དང་། འཛུལ་ཞུགས་བྱེད་སའི་གཞིས་ཆགས་མང་པོ་ཞིག་ལ་བཅར་ཏེ་སྙན་ཞུ་བརྒྱབ་ཀྱང་གང་ཡང་རག་ཡོད་པ་མ་རེད། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་དང་རོགས་རམ་འོག ད་ལྟ་ང་ཚོར་དགའ་བའི་ཉིན་མོ་ཟེར་ན་འདྲ། སྐྱིད་པའི་ཉིན་མོ་ཟེར་ནའང་འདྲ། དངོས་གནས་གཞིས་ཆགས་ཚོ་དང་གཅིག་པ་གཅིག་རྐྱང་གིས་གཞི་ཆགས་སའི་ཁང་པ་དང་ལྟ་ས་ཉལ་ས་ཡོད་པ་རེད། ཁང་པ་ཡོད་པ་ཟེར་དུས་དོན་དག་ཁང་རིན་སྤྲོད་མི་དགོས་པ་དེ་རེད། གསར་འབྱོར་ཚོར་གཙོ་བོ་ཁང་རིན་གྱི་ཐོག་ནས་དཀའ་ངལ་ཞེ་དྲགས་འཕྲད་བསྡད་ཡོད་པ་རེད། ང་ཚོ་གཅིག་པུ་མ་རེད་རྒྱ་གར་ལྷོ་ཕྱོགས་དང་སིམ་ལ། དྷ་རམ་ས་ལ། དེ་བཞིན་བསམ་ཡས་གླིང་སོགས་གང་དུ་བལྟས་པ་ཡིན་ནའང་ཁང་གླ་སྤྲད་ཚར་རྗེས། སོ་སོའི་ཟའི་སོང་དང་ཕྲུ་གུའི་སློབ་ཡོན་སོགས་ཀྱི་ཐད་དཀའ་ངལ་ཞེ་དྲགས་འཕྲད་ཀྱི་ཡོད་པ་རེད། ཁང་པ་འདི་ལ་བརྟེན་ནས་མ་འོངས་པར་ང་ཚོས་ཧ་ལམ་གཞིས་ཆགས་ཚོ་དང་མཉམ་དུ་གོམ་པ་སྤོ་ཐུབ་པ་ཞིག་དང་། བུ་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་ཁོང་ཚོ་ཡིན་ནའང་ཤེས་ཡོན་སོགས་གང་ཅིའི་ཐད་ནས་གོམ་པ་འདྲ་འདྲ་སྤོ་ཐུབ་པའི་གོ་སྐབས་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

4མཇུག་ཏུ་ཁང་མིག་གཉིས་ཅན་ཐོབ་པའི་ཨ་ཅག་ནོར་མཚོ་ལགས་སུ་རང་བདག་གི་སྡོད་ཁང་ཐོབ་དུས་ཚོར་སྣང་ག་འདྲ་འདུག་དྲིས་པར་མོས། ང་བོད་ནས་རྒྱ་གར་ལ་རྩེབས་པ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་གྱིས་ཁང་པ་ཡག་པོ་ཐོབ་སོང་། ནང་ལ་མ་ཎི་བགྲངས་ནས་མཚམས་ལ་བསྡད་ནའང་ཆུ་སོགས་ཅ་ལག་ཚང་མ་ནང་དུ་འདུག ཕྱི་ལ་འགྲོ་དགོས་ན་ཡང་སྒོ་འགྲམ་བར་དུ་རླངས་འཁོར་གྱི་ལམ་ཀ་ཡོད་པ་རེད། ད་འཚོ་བ་དཔེ་སྐྱིད་པོ་བྱུང་སོང་། སྔོན་མ་ལོ་གཅིག་ཅན་གྱི་ཕྲུ་གུ་ཆུང་ཆུང་ཞིག་རྒྱབ་ལ་ཁུར། ལོ་བཞི་ཅན་གྱི་ཕྲུ་གུ་ཆུང་ཆུང་ཞིག་ལག་པས་ཁྲིད་དེ་སྡོད་ས་མ་རག་པར་དགོན་པའི་བ་མོ་འཚོས་ནས་བསྡད་པ་རེད། ཕྱིས་སུ་ངའི་ཕྲུ་གུ་གཅིག་ཕྱི་རྒྱལ་དུ་ཕྱིན་པ་དང་། ཕྲུ་གུ་གཅིག་གིས་རྒྱ་གར་གཞུང་གི་ཡིག་ཚད་ནང་ཨང་དང་པོ་རག་ནས་སློབ་ཆེན་དུ་འགྲོ་བཞིན་ཡོད་པ་རེད། ད་ལོ་ང་ཚོར་སྡོད་སའི་ཁང་པ་ཡག་པོ་རག་ནས་དཔེ་སྐྱིད་པོ་བྱུང་སོང་། ཞེས་ཟེར།

1སྦིར་གསར་འབྱོར་བོད་མིའི་སྡོད་ཁང་གསར་རྒྱག་གི་ལས་གཞི་དེ་ཕྱི་ལོ་ ༢༠༡༡ ལོར་ས་གནས་གསར་འབྱོར་བ་ཚོས་སྲིད་སྐྱོང་མཆོག་ལ་ཁོང་ཚོར་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཡོད་ལ། ཆེས་མ་མཐའ་ཡང་རྐང་པ་འཛུགས་སའི་ས་ཆ་ཞིག་དགོས་ཀྱི་ཡོད་སྐོར་ཞུས་པ་ལྟར། ཕྱི་ལོ་ ༢༠༡༤ ལོར་བོད་མིའི་སྒྲིག་འཛུགས་ནས་སྦིར་གཞིས་ཆགས་ནང་ས་ཆ་ཉོས་ཡོད་པ་དང་། ཨེ་ཊ་ལི་ཡི་ལི་ལི་རོགས་ཚོགས་དང་སྒྲོལ་མ་རོགས་ཚོགས་སོགས་ཀྱི་མཉམ་རུབ་མཐུན་འགྱུར་འོག་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༨༠༠ མ་ཟིན་ཙམ་བཏང་ནས་གསར་རྒྱག་གནང་ཡོད་འདུག སྤྱིར་སྦིར་གསར་འབྱོར་ཚོགས་པའི་ནང་གསར་འབྱོར་བ་ ༢༠༠ ལྷག་ཡོད་པ་དང་། སྡོད་ཁང་་བགོ་བཤའ་རྒྱག་སྐབས་ཐོག་མར་ཁྱིམ་མིའི་གྲངས་འབོར་གྱི་ཐོག་ནས་དབྱེ་བ་བཞི་རུ་ཕྱེས་རྗེས་རྒྱན་བརྒྱབ་ཡོད་པ་དང་། གཙང་སྤྱོད་འཁྲུ་ཁང་ཕུད་པའི་ཁྱིམ་མི་གཅིག་ཅན་ལ་ཁང་མིག་གཅིག་དང་། ཁྱིམ་མི་ ༢ ནས་ ༤ ཅན་ལ་ཁང་མིག་ ༢། ཁྱིམ་མི་ ༥ ནས་ ༨ ཅན་ལ་ཁང་མིག་ ༣། ཁྱིམ་མི་ ༡༠ དང་ ༡༠ ལས་བརྒལ་བ་རྣམས་ལ་ཁང་མིག་ ༤ བཅས་ཡོད་པའི་ཁྱོན་བསྡོམས་སྡོད་ཁང་ ༧༤ གསར་དུ་བརྒྱབ་ཡོད་པ་དང་། སྡོད་ཁང་སོ་སོའི་ནང་གློག་འཐེན་ཚར་རྗེས་ཁྱིམ་ཚང་ ༧༤ དེ་གང་མགྱོགས་ཀྱིས་ཁང་པ་གསར་པའི་ནང་སྤོར་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. ཤར་མདའ། says:
    ལོ་ 10 སྔོན།

    གང་ལྟར་གསར་འབྱོར་བ་ཚོ་སྡོད་གནས་གནང་པ་ཧ་ཀྱང་ཡག་པོ་འདུག་ཆོལ་ཁ་གསུམ་གང་གི་མི་ཡིན་རུང་གཅིག་པ་རེད་གསར་འབྱོར་བ་ཡིན་པ་དང་དཀའ་ངལ་ཡོད་པ་གཅིག་མཚུངས་རེད། ད་དུང་འདི་འདྲ་ལས་གཞི་སྤེལ་ཐུབ་ན་ཧ་ཀྱང་དགེ་མཚན་འདུག་རྡ་སར་གསར་འབྱོར་ཚོ་སྡོད་གནས་མེད་པར་མི་ལྔ་དྲུག་ནང་མི་དྲུག་བདུན་ཡོད་མཁན་ཚོ་ཁང་མིག་གཉིས་ཀྱི་ནང་འདུག་གི་ཡོད་སོགས་མཐོང་ན་ངོ་མ་དཀའ་ངལ་ལ་རོགས་པ་བྱེད་མཁན་ཞིག་ཡོད་ན་བྱེད་རན་རེད་དྲན་ནི་ཞིག་རེད། གོང་གི་མིང་དེ་ལི་ལི་ཟེར་མ་དེ་གང་འདྲ་བྱས་ནས་བཏག་པ་ཞིག་རེད་གཏན་འཇག་མིང་ལ་ཆག་པ་ཡིན་ན་ཡག་པོ་ཞིག་མཐོང་མ་སོང་རྒྱུ་མཚན་ཅི་ཕྱིར་བཏག་པ་ཞིག་རེད་ཤེས་མཁན་ཡོད་ན་གསུང་རོགས་གནང་།

    Reply
  2. རབ་བཟང་། says:
    ལོ་ 10 སྔོན།

    ལི་ལི་སྲིད་སྐྱོང་གཞིས་ཆགས་ལེགས་གྲུབ་ཟིན་པ་དཔེ་ཡག་པོ་བྱུང་འདུག དངོས་འབྲེལ་ཁང་མེད་ཚོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚོར་འདུག རྡོ་ལེབ་སྟེང་ཁོང་རང་གི་མིང་ཡག་པོ་བཀོད་ཡོད་སྟབས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པའི་རྣམ་པ་འདུག གང་ལྟར་རླབས་ཆེན་གྱི་བྱ་བ་རེད།

    Reply
  3. ལྷ་སྒང་ཆོས་གྲགས། says:
    ལོ་ 10 སྔོན།

    གསར་འགོད་པས་འབྲེལ་ཡོད་ཁྱིམ་བདག་ཚོར་སྐད་ཆ་དྲིས་པའི་སྐབས་སུ། ཁྱིམ་བདག་ཚོས་ད་འཚོ་བ་སྐྱིད་པོ་ཞེ་དྲགས་འདུག དཔེ་སྐྱིད་པོ་འདུག དགའ་བའི་ཉི་མ་དང་སྐྱིད་པའི་ཉི་མ་ཤར་སོང་ཞེས་སོགས་ཐོས་སྐབས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་གསར་རྙིང་བསྡུར་བ་ཞེས་པའི་མི་དམངས་ལ་བཅར་འདྲི་བྱས་པའི་ལེ་ཚན་དེ་ཚོའང་དྲན་གསོས་བཅུག་སོང་།

    Reply
  4. kanglamedok says:
    ལོ་ 10 སྔོན།

    ཁང་པ་འདི་དག་སྦེར་རྒྱག་དགོས་དོན་གང་ཡིན་ནམ། སྲིད་སྐྱོང་། ནང་སྲིད་བཀའ་བློན་སོགས་ཀྱི་ཕ་ཡུལ་གཅིག་པ་མང་པས་འུ་ཡིན།

    Reply
  5. བཀྲ་ཤིས། says:
    ལོ་ 10 སྔོན།

    གོང་གི་ལས་གཞི་དེ་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན། ནང་སྲིད་དྲུང་ཆེ་བཅས་ཀྱིས་དམིགས་བསལ་ཤུགས་རྒྱབ་ཡོད་ཅིང་། ཤུགས་རྒྱབ་ས་ཡང་ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། རྒྱབ་ལྗོངས་ཀྱི་གནས་ཚུལ་གང་འདྲ་ཡིན་རུང་གང་ལྟར་གསར་འབྱོར་བ་ཚོར་ལྟ་རྟོག་བྱས་པ་དེ་ཡག་པོ་རེད། རོགས་ཚོགས་ཀྱི་དངུལ་མང་ཤོས་བོད་ནས་ཡོང་བ་ཚོའི་ཆེད་དུ་གནང་གི་ཡོད་པས་དེ་དོན་ལ་འཁྱོལ་བ་རེད།
    དེ་ནས་གསར་འབྱོར་མང་ཤོས་དྷ་རམ་ས་ལར་ཡོད་པ་དང་ཁོང་ཚོས་ཁང་གླ་སྤྲད་ནས་ལོ་ནས་ལོ་བསྟུད་དེ་འཚོ་བ་བསྐྱལ་ཡོད་པས། ད་དྷ་རམ་ས་ལར་ཡང་དེ་ལྟའི་ལས་གཞི་ཞིག་སྤེལ་ཐུབ་ན་ཡག་པོ་འདུག
    ཡང་གངས་སྐྱིད་ཀྱི་གཤམ་འོག་ལས་བྱེད་གང་མང་ཞིག་ལ་ལས་ཤག་མི་འདུག་ཅིང་ཁང་གླ་ཡང་ཧ་ཅང་དམའ་པོ་འདུག་པས། བཀའ་བློན་དང་སྤྱི་འཐུས། དྲུང་ཆེ་རྣམ་པ་སོགས་མཛད་གཙོ་ཚོའི་ལས་ཤག་བརྒྱབ་ཚར་རྗེས་དམའ་རིམ་ལས་བྱེད་ཚོའི་བདེ་སྡུག་བརྗེད་པ་འདྲ་པོ་འདུག་པས། དེ་ཡང་དྲང་པོ་དྲང་བཞག་མིན་པ་མ་ཟད་ལས་བྱེད་རྒྱུན་གནས་ཐུབ་རྒྱུར་འབྲེལ་བ་ཆེན་པོ་ཡོད་སྟབས་ངེས་པར་དགོངས་པ་བཞེས་དགོས་འདུག་དྲན།
    བསམ་ཚུལ་འདི་ནི་སྤྱི་ལ་ཕན་ན་བསམ་པ་ཡིན་ཞིང་། ང་རང་ཨ་རིར་ཡོད་ལ་སྒེར་གྱི་ཁང་པ་ཡང་ཡོད་པས་ང་ལ་གཅིག་ཐོབ་ན་བསམ་པ་གཏན་ནས་མིན།

    Reply
    • Mangtso says:
      ལོ་ 10 སྔོན།

      ད་སྐད་རྒྱག་པ་གཅིག་པུར་ཕན་ལེ་མེད་དོན་ངོ་མ་འཆར་གཞི་ལྡན་པའི་ངང་ཀླད་པ་དཀྲུགས་ཁོ་རེད། ཧ་ཧ་ཧ་ཆོལ་ཁ་གསུམ་ལ་རྒྱུ་དངུལ་དམར་རེད། དངུལ་དམར་ལ་རྒྱ་བརྗེས་ན་ད་གཟིགས་མོ་ཆེ་ལེ་ད་་་་་།།། སྐྱགས་བསུ་མཆིས་ངའི་སྐྱབས་མགོན་བླ་མ།།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese