མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

<<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པའི་དཔེ་དེབ་ཅིག་ཐོན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རིག་པའི་མཁས་པ་སྐུ་ཞབས་ཁི་ལོ་ཌི་ཨར་ཕེ་ལགས་ཀྱིས་བརྩམས་པའི་ཉེ་རབས་བོད་རྒྱའི་འབྲེལ་གཏུག་སྐོར་གྱི་ཉམས་ཞིབ་དཔེ་དེབ་ཅིག་བོད་བསྒྱུར་བྱས་ཏེ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་འགྲེམ་བྱས་ཡོད་པ་རེད།

tibettimes

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་རིག་པའི་མཁས་པ་ཁི་ལོ་ཌི་ཨར་ཕེ་ (Claude Arpi) ལགས་ཀྱིས་བརྩམས་པའི་དབྱིན་དེབ་<<Dharamsala and Beijing: The Negotiations That Never Were>>ཞེས་པ་བོད་ཡིག་ནང་བསྒྱུར་ཡོད་པ་ <<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པ་དཔར་སྐྲུན་དབུ་འབྱེད་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་གངས་སྐྱིད་ཁུལ་གྱི་དོ་སྣང་ཅན་སྐོར་ཞིག་བཅས་འཛོམས་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་བོད་སྒྱུར་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་སྐབས། དེ་རིང་ང་ཚོས་དབུ་འབྱེད་བྱས་པའི་<<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པའི་དེབ་འདིའི་ལས་གཞི་འདི།  ང་ཚོས་སྔོན་མའི་དཔེ་རྙིང་དེ་ཚོར་བདག་ཉར་དང་བསྐྱར་པར་དགོས་པ་གལ་ཆེན་པོ་ཡིན་ནའང་བར་ལམ་ཞིག་ནས་ཕྱི་རྒྱལ་གྱི་མཁས་པ་དང་མཉམ་ཞིབ་པ་ཚོས་ང་ཚོ་བོད་ཀྱི་སྐོར་ལ་ག་རེ་བྱེད་ཀྱི་འདུག བོད་རྒྱའི་གནད་དོན་དང་བོད་རྒྱ་ཞི་མོལ་སྐོར་ལ་སྐད་ཆ་ག་རེ་བཤད་ཀྱི་འདུག སྔོན་ཆད་བོད་རང་དབང་ཡིན་པའི་སྐབས་སུ་བོད་དང་འབྲེལ་བའི་མི་རྣམས་ལ་མཐོང་ཚུལ་ག་རེ་བྱུང་འདུག དེ་ཚོ་དེབ་ཐོག་འདོན་རྒྱུ་གལ་ཆེན་པོ་ཡིན་པའི་བསམ་ཚུལ་བསླེབས་སོང་། གང་ཡིན་ཟེར་ན། ང་རང་ཚོས་ང་རང་ཚོ་ཡག་པོ་ཡོད་ལུགས་རྐྱང་རྐྱང་ཤོད་སྡོད་ཀྱི་ཡོད་པ་རེད། ཕྱི་ལོགས་ཀྱི་མི་དང་ལྷག་པར་དུ་མཉམ་ཞིབ་པ་ཚོས་དྲང་བོའི་ཐོག་ནས་ག་རེ་མཐོང་གི་ཡོད་པ་དེ་ག་རང་དེབ་ཐོག་བཏོན་པ་ཡིན་ན། དེས་ང་ཚོར་ཕན་པ་ཡོད་ས་རེད་བསམ་སྟེ་བསྒྱུར་བ་རེད། <<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པའི་དེབ་འདི་འབྲི་མཁན་ཁོ་རང་དུས་ཡུན་རིང་པོར་ང་ཚོའི་བོད་ཀྱི་ངོ་ཤེས་དང་གྲོགས་པོ། བོད་དོན་ལ་དོ་སྣང་གནང་མཁན་དང་། བོད་དོན་ཐད་མཉམ་ཞིབ་དང་རྩོམ་ཡིག་མང་པོ་སྤེལ་མཁན་ཞིག་ཡིན་སྟབས། ཁོང་གིས་བྲིས་པ་དེ་ང་ཚོ་བོད་པ་སྤྱི་དང་ལྷག་པར་དུ་ཤེས་ཡོན་ཡོད་མཁན་ཚོས་དམིགས་བསལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ཁོང་གིས་ཕྱོགས་གཅིག་རང་གི་ལངས་ཕྱོགས་བཟུང་ནས་སྐད་ཆ་བཤད་པ་མ་ཡིན་པར། དངོས་ཡོད་གནས་ཚུལ་དེ་ག་རེ་ཡིན་པ་དེ་དྲང་མོར་བཤད་ཡོད་པ་རེད། ཅེས་བརྗོད་སོང་།

ཤེས་རིག་བཀའ་བློན་མཆོག་གིས། དེབ་འདིར་ངས་སྔོན་ཆད་དབྱིན་ཡིག་ནང་ཁྱུག་ཙམ་ལྟ་རྒྱུ་བྱུང་། ཁ་སང་དེབ་འདི་དབུ་འབྱེད་བྱེད་རྒྱུ་ང་ལ་གསོལ་རས་སུ་གནང་བ་དང་རོབ་ཙམ་བལྟས་བ་ཡིན། ངས་སྒྱུར་བ་བོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ཡིན་ཟེར་ན་དེབ་འདི་ཁ་གསལ་གོ་བདེ་ཡག་པོ་ཞེ་དྲག་བསྒྱུར་འདུག དེབ་འདིའི་ཁ་བྱང་གི་ཐད་ནས་<<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པ་དེ་དབྱིན་ཡིག་གི་མ་ཡིག་ནང་<<Dharamsala and Beijing: The Negotiations That Never Were>>ཞེས་བོད་ཡིག་ནང་<<ཡེ་ནས་བྱུང་མ་མྱོང་བའི་བོད་རྒྱ་ཞུ་མོལ་>>དེ་འདྲ་ཞིག་རེད་དེ། སྒྱུར་བ་བོས་དེབ་ཀྱི་ཁ་བྱང་དེ་<<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་དོན་བསྒྱུར་ཡག་པོ་གནང་འདུག་བསམ་བྱུང་། དེབ་དེའི་སྤྱིའི་ནང་དོན་གྱི་ཆ་ནས་ང་ཚོ་ཚང་མས་དོ་སྣང་གནང་དགོས་པ་གལ་ཆེན་པོ་འདུག བོད་རྒྱའི་སྐོར་ལ་ཉམས་ཞིབ་གནང་མཁན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཡིན་ནའང་ང་ཚོས་ཧ་མ་གོ་བའི་སྔོན་གྱི་གནས་ཚུལ་དེ་འདྲ་མང་པོ་ཡོད་པ་དང་། སྤྱིར་བཏང་གནས་ཚུལ་དེ་ཚོ་ང་ཚོས་གསལ་བསྒྲགས་བྱས་ཡོད་ནའང་། རྒྱ་གར་དང་ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་གིས་བོད་རྒྱའི་གནད་དོན་ཐོག་ལྟ་སྟངས་ག་རེ་ཡོད་མེད་དང་། བོད་ཀྱི་དཀའ་རྙོག་འདི་རྒྱ་དཀར་ནག་གཉིས་ལ་གལ་ཆེན་ག་འདྲ་ཡོད་མེད་སྐོར་ལ་ཁི་ལོ་ཌི་ཨར་ཕེ་ལགས་ཀྱིས་ཕྱོགས་ལྷུང་མེད་པར་དཔྱད་བརྗོད་ཡག་པོ་གནང་འདུག་བསམ་བྱུང་། ཞེས་གསུངས་སོང་།

བཙན་བྱོལ་སྤྱི་ཚོགས་དང་བོད་སློབ་ཁག་གི་དཔེ་ཀློག་གནས་སྟངས་སྐོར་ལ་ཁོང་གིས། སྤྱིར་བཏང་ང་ཚོ་བོད་པའི་ནང་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ནས་དཔེ་ཀློག་བྱེད་པའི་གོམས་གཤིས་ཧ་ཅང་སྐྱོ་བོ་རེད། ཡིན་ན་ཡང་ཀློག་མཁན་མེད་ཀྱང་ང་ཚོས་གང་ཐུབ་ཐུབ་ཀྱིས་དེབ་མང་པོ་འདོན་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་ང་ཚོ་བོད་པའི་ནང་དེབ་ཀློག་པའི་གོམས་གཤིས་ཤིག་ཆགས་སོང་ན། ཡང་དེབ་ཀློག་རྒྱུ་མེད་པའི་གནས་སྟངས་ཤིག་ཡོང་གི་ཡོད་པ་རེད། བོད་སློབ་ཁག་ཏུ་དཀའ་ངལ་ཆེ་ཤོས་དཔེ་ཀློག་ལ་དོ་སྣང་མེད་པ་དེ་རེད། ང་ཚོ་ཤེས་རིག་གི་ངོས་ནས་བོད་སློབ་ཁག་ཏུ་རྨང་གཞི་ནས་དཔེ་ཀློག་གི་གོམས་གཤིས་ཆགས་ཐབས་སུ་ལས་འཆར་མང་པོ་འགྲོ་གི་ཡོད། སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་འགྱུར་བསྟན་འགྱུར་དེ་ཚོ་ཡར་སྒྲིག་ནས་བཞག་འཇོག་རྒྱུ་ཞིག་མ་རེད་མར་བཏོན་ནས་ཀློག་རྒྱུ་ཞིག་རེད་ཅེས་བཀའ་ཡང་ཡང་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་བོད་ཀྱི་སྐད་ཡིག་རིག་གཞུང་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསླེབ་དགོས་པའི་སྐོར་ལ་ཁོང་གིས། རྒྱལ་སྤྱིའི་འབྲེལ་ཡོད་ལས་ཁུངས་(nescot one)ནས་བཏོན་པའི་གནས་ཚུལ་ནང་བལྟས་ན། སྤྱིར་བཏང་འཛམ་བུ་གླིང་གི་སྐད་ཡིག་ལ་ཆ་བཞག་ན། ད་ཆར་སྐད་ཡིག་སྟོང་ཕྲག་ ༦ ཡས་མས་ཤིག་ཡོད་པ་དང་། སྐད་ཡིག་བརྒྱ་ཡི་ནང་ནས་མང་པོ་ཤེས་མཁན་རེ་ཟུང་ལས་མེད་པ་དང་། དེ་ཤེས་མཁན་ཚོ་ལོ་ ༨༠ ནས་ ༩༠ བར་སོན་ཡོད་སྟབས། ཁོང་ཚོ་འདས་གྲོངས་ཕྱིན་པ་དང་སྐད་ཡིག་དེ་དག་ཀྱང་རང་བཞིན་གྱིས་མེད་པ་ཆགས་འགྲོ་བཞིན་ཡོད་པ་དང་། སྐད་ཡིག་སྟོང་ཕྲག་དྲུག་དེ་བེད་སྤྱོད་གཏོང་མཁན་ལ་ཆ་བཞག་ན། སྐད་ཡིག་བརྒྱ་ཆ་ ༤ བེད་སྤྱོད་གཏོང་མཁན་མི་འབོར་དུང་ཕྱུར་ ༧༠ ནང་ནས་བརྒྱ་ཆ་ ༩༦ ཙམ་ཡོད་པ་དང་། མི་འབོར་བརྒྱ་ཆ་ ༩༦ གིས་སྐད་ཡིག་སྟོང་ཕྲག་དྲུག་གི་ནང་ནས་བརྒྱ་ཆ་ ༤ མ་གཏོགས་བེད་སྤྱོད་གཏོང་མེད། སྤྱིའི་ཆ་ནས་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་བརྒྱ་ཆ་ ༤༠ ཙམ་ལས་མེད་པ་དང་། སྐད་ཡིག་བརྒྱ་ཆ་ ༤༠ བེད་སྤྱོད་གཏོང་མཁན་གྱི་མི་འབོར་ཧ་ལས་པའི་ཆེན་པོ་ཡོད་པ་དང་། ཤུལ་གྱི་སྐད་ཡིག་ ༥༦༠༠ ཡས་མས་ཤིག་ཡོད་པ་དེ་བེད་སྤྱོད་གཏོང་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། མི་འབོར་ཉུང་ཉུང་དེའི་སྐད་ཡིག་རིམ་པས་མེད་པ་ཆགས་འགྲོ་གི་ཡོད་འདུག དེར་བརྟེན་ད་ལྟའི་ང་ཚོའི་སྐད་ཡིག་དེ་ཉེན་ཁའི་ནང་བསླེབས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

<<བོད་རྒྱ་ཞི་མོལ་ལ་ལྟ་བ་>>ཞེས་པའི་བོད་འགྱུར་དཔེ་དེབ་འདིའི་ནང་ལོ་རབས་བདུན་བཅུའི་མཇུག་ཙམ་ནས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་འབྲེལ་མོལ་བྱུང་བ་ནས་བཟུང་ཕྱི་ལོ་ ༢༠༡༠ བར་ཕྱོགས་གཉིས་བར་འབྲེལ་མོལ་ཇི་ལྟར་ཡོད་མེད་དང་། འབྲེལ་མོལ་ཆད་མཐུད་བྱུང་ཚུལ། ཕྱོགས་སོ་སོའི་ལངས་ཕྱོགས་དང་བོད་རྒྱ་ཞི་མོལ་ཐད་རྒྱ་གར་དང་ཨ་རི་གཉིས་ཀྱི་ལྟ་ཚུལ་དང་སྲིད་ཇུས་གང་འདྲ་འཛིན་གྱི་ཡོད་མེད། བོད་རྒྱ་ཞི་མོལ་གྱི་འདས་མ་ད་གསུམ་གྱི་འཐབ་རྩོད་བཅས་ཀྱི་ཐད་ལ་རྩོམ་པ་པོ་རང་ཉིད་ཀྱི་དགོངས་ཚུལ་དེ་ལེའུ་ ༡༣ དང་ཤོག་གྲངས་ ༤༤༨ ནང་གྲུབ་འདུག རྩོམ་པ་པོ་ཁི་ལུ་ཌི་ཨར་ཕེ་ལགས་ནི་ཧྥ་རན་སིའི་གསར་འགོད་རིག་པ་དང་ལོ་རྒྱུས་རིག་པ། བོད་རིག་པའི་མཁས་པ་བཅས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

སྐར་མ ༡༣ སྔོན་ལ།
Mobile App

དང་བླངས་སྤྱི་འཐུས་དང་འབྲེལ་བའི་སྒྲིག་དོན་འགའ།

སྐར་མ ༣༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡

མཆན། 7

  1. ཤར་མདའ། says:
    ལོ་ 10 སྔོན།

    ཚེ་མདོ་ལགས་ཡིག་སྒྱུར་བ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་ཡིག་བསྒྱུར་བ་ཡི་ཤེས་འཕྲིལ་ལས་ཟེར་བ་རེད་ཅེས་གོས་སོང་དེ་ཡིན་པ་རེད་གང་ལྟར་དགོང་ཚུལ་གསུང་ནི་མང་པོ་ཞིག་ཕེབས་འདུག་ཡིན་ན་ཡང་གཙོ་བོ་མ་རྩོམ་གྱི་དོན་བཞིན་དཔེ་དེབ་ཀྱི་ཁ་བྱང་སྒྱུར་མ་ཐུབ་ཟེར་ན་རེད་དང་ཡང་དོན་སྒྱུར་ཡག་པོ་ཞིག་གནང་འདུག་བསམ་བྱུང་གང་ལྟར་དགོངས་ཚུལ་གང་མང་གསུང་མ་རྗེས་མ་ཕན་ཐོག་འབྱུང་ངེས་རེད་བཀྲིན་ཆེ།

    Reply
  2. ལྷ་སྒྲོན། says:
    ལོ་ 10 སྔོན།

    《ངྷ་ས་དང་པེ་ཅིན་བར་གྲོས་མོལ་ཞིག་ནམ་ཡང་བྱུང་མྱོང་མེད།》ཡང་ན།《བོད་དང་རྒྱ་ནག་བར་གྲོས་མོལ་ཞིག་ནམ་ཡང་བྱུང་མྱོང་མེད》གཉིས་ཀྱི་ནང་ནས་གང་ལེགས་སམ། གཙོ་བོ་དཔེ་དེབ་ཀྱི་དོན་སྙིང་གཙོ་བོ་བཟུང་ནས་བོད་ཀྱི་ཆབ་སྲིད་གནད་དོན་དང་འབྲེལ་མིང་ཞིག་འབྲི་རྒྱུ་གལ་ཆེ།

    Reply
  3. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    རྡ་ས་དང་པེ་ཅིན་དབར་སྔར་བྱུང་མྱོང་མེད་པའི་བོད་རྒྱ་གྲོས་མོལ།

    Reply
  4. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    རྡ་ས་དང་པེ་ཅིད་རྒྱ་གྲོས་མོལ། ཞེས་བསྒྱུར་ན་ལེགས་པར་བསམས་སོང་ན་དབར་སྔར་མྱོང་མེད་པའི་བོ།

    Reply
  5. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    <> ཞེས་པ་བོད་ཡིག་ནང་བསྒྱུར་ཡོད་པ་ <> ཞེས་པ་གཉིས་ཅུང་ཙམ་མ་མཐུན་པ་ཞིག་འདུག་སྙམ། Were བྱ་བ་འདས་ཟིན་པ་ཞིག་ལ་གོ་དགོས། Never ཟེར་བ་ནམ་ཡང་་་་་རྩ་བ་ནས་་་་་མ་མི་མིན་མེད་སོགས་དགག་སྒྲ་ལ་གོ་དགོས། That ཟེར་བ་དེ་སྒྲ་སྟེ་དུས་འདས་མ་འོངས་གཉིས་ལས་སྐབས་འདིར་དུས་འདས་པ་འཇུག་དགོས། The ཟེར་བ་ངེས་ཚིག་རེད། Negotiations ཟེར་བ་ཕན་ཚུན་གྲོས་མོལ་་་་་གྲོས་བསྡུར་ལ་གོ་དགོས། དེར་བརྟེན། <> ཞེས་བོད་ཡིག་ཏུ་བསྒྱུར་ན་ལེགས་པར་བསམས་སོང་། འགྱུར་ལ་དུང་བའི་དབང་གིས་བསམ་ཚུལ་ཙམ་བརྗོད་པ་ཡིན། ཐུགས་རྗེ་ཆེ།

    Reply
  6. ཚེ་མདོ། says:
    ལོ་ 10 སྔོན།

    ཤེས་མཁན་ཡོད་ན། རྩོམ་དེབ་དེ་བོད་བསྒྱུར་གནང་མཁན་ངོ་སྤྲོད་ཅིག་གནང་རོགས།

    Reply
  7. བོད་ནོར་བུ says:
    ལོ་ 10 སྔོན།

    ཡིག་བརྒྱུར་མི་སུ་ཡིན་ཀྱང མ་ཚིག་གང་ཡིན་མ་ཤེས་པས་

    <> དེབ་མིག་འདི་ཙམ་ཡིན་དགོས་ཏེ

    ས་ཆ་མིང་གང་ཡིན་མ་ཤེས་ན ཡིག་བརྒྱུར་ཟེར་ངོ་ཚ་འོ །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese