མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་གཙོ་སྙིང་ཨེ་ཤ་ཡར་ཁ་ཕྱོགས་ཟིན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

གྷའེ་ཌིན་རཱ་ཆི་མཱན་(Gideon Rachman)ལགས་ཀྱིས་བརྩམས།

ཚེ་རིང་རྒྱལ་གྱིས་བོད་བསྒྱུར་བྱས།

000061145_piclink

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཕུད་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས། ཡུ་རོབ་མཐུན་ཚོགས་དང་ཁ་བྲལ་རྗེས་དབྱིན་ཡུལ་གྱི་འབྱུང་འགྱུར་ལ་འཆར་སྣང་འགོད་སྐབས། དབྱིན་བཙན་རྒྱལ་རིང་ལུགས་དུས་སྐབས་ཀྱི་ཤུལ་བཞག་སྟེ་ཁོ་ཚོས་ནམ་རྒྱུན་དབྱིན་སྐད་སྤྱོད་མཁན་རྒྱལ་ཁབ་དག་གིས་གྲུབ་པའི་ “དབྱིན་སྐད་རིག་གནས་རྒྱལ་ཁོངས” (Anglosphere) གླེང་ཡོང་གི་ཡོད། དེར་བརྟེན། གཟའ་སྔོན་མར་དབྱིན་ཡུལ་ཡུ་རོབ་ལས་ཕྱིར་འཕུད་འོས་འཕེན་གནད་དོན་ཐད་ལ་ཨོ་བྷ་མ་འཛུལ་ཞུགས་བྱས་པ་དེས། གཅིག་བྱས་ནས་དབྱིན་ཡུལ་ཡུ་རོབ་ལས་ཕྱིར་འཕུད་ལས་འགུལ་དེ་ཕམ་ཉེས་རང་བཞིན་གྱི་དུས་སྐབས་ཤིག་ཏུ་འགྱུར་སྲིད། དེ་བཞིན། ཨ་རིའི་(དབྱིན་སྐད་རིག་གནས་རྒྱལ་ཁོངས་ཀྱི་སྟོབས་ཆེན་ཚོགས་མི་རྒྱལ་ཁབ)སྲིད་འཛིན་ཁོང་དབྱིན་ཡུལ་དུ་སླེབས་པ་དེས། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནང་མུ་མཐུད་སྡོད་རྒྱུར་ནུས་ལྡན་གྱི་ལངས་ཕྱོགས་བཏོན་ཡོད།

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཕུད་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག ཨོ་བྷ་མས་དབྱིན་ཡུལ་ལ་དམིགས་བསལ་དགྲ་འཛིན་འདུ་ཤེས་ཡོད་སྲིད་སྐོར་མངོན་གསལ་མ་ཡིན་པའི་སྒོ་ནས་གླེང་གིན་ཡོད་པ་རེད། ལོན་ཌོན་གྲོང་ཁྱེར་གྱི་སྤྱི་ཁྱབ་བྷོ་རིས་སི་ཇོ་ཧན་སཱན་(Boris Johnson)གྱིས་ “སྲིད་འཛིན་ཨོ་བྷ་མ་ཁོང་ནི་ཁའེ་ནའེ་ཡའི་(Kenya)ཁྲག་རྒྱུད” ཡིན་པ་དེས། ཁོང་གི་ལྟ་ཚུལ་ག་འདྲ་ཡིན་མིན་ཡང་འགྲེལ་བཤད་ཐུབ་ཚུལ་གླེང་ཡོད།

དོན་དངོས་ཐོག་ཨོ་བྷ་མའི་སྐད་ཆར་འགྲེལ་བཤད་དམིགས་བསལ་བྱ་དགོས་དོན་མེད། དབྱིན་ཡུལ་མུ་མཐུད་ཡུ་རོབ་མཐུན་ཚོགས་ནང་སྡོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ནི། ཨ་རིའི་དུས་ཡུན་རིང་པོའི་ནང་རྒྱུན་འཁྱོངས་བྱེད་བཞིན་པའི་སྲིད་ཇུས་ཤིག་རེད།

ཡིན་ནའང་། སྔར་བའི་གཞི་རྒྱ་ཆེ་བའི་དོན་སྙིང་ཐད་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཕུད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས་འགག་རྩ་གཙོ་བོ་ཞིག་ཟིན་ཡོད། སྤྱིར་བཏང་དབྱིན་ཡུལ་དང་ཨ་རིའི་དམིགས་བསལ་འབྲེལ་བ་དེ་ཡུན་རིང་པོར་ཉམས་ཆག་མ་བྱུང་བ་དེར་གུས་སྲོལ་ལྡན་པའི་བསྔགས་བརྗོད་མང་པོ་ཐོབ་ཡོད་ནའང་། ཨོ་བྷ་མས་སྲིད་འཛིན་ལས་ཡུན་རིང་གནས་ཚུལ་ཁག་ཅིག་ལ་འགྱུར་བ་ཕྱིན་ཡོད། འགྱུར་བ་དེ་ནི་ཝ་ཤིན་ཊོན་དང་ལོན་ཌོན་གཉིས་ཆས་ཨེ་ཤ་ཡའི་གནས་བབ་ཡར་འཕགས་ཀྱིན་པ་ཉིན་རེ་བཞིན་ངོས་འཛིན་འཐོབ་ཀྱིན་པ་དེ་རེད། ངོས་འཛིན་དེའི་རྐྱེན་པས་དབྱིན་ཡུལ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་བསྐྱར་དུ་སོ་སོའི་ཕྱི་འབྲེལ་སྲིད་ཇུས་ལ་བསམ་གཞིག་མགོ་ཚུགས་ཡོད། དེའི་ཁྲོད་དུ་ཕྱོགས་གཉིས་ཕན་ཚུན་བར་གྱི་སྲིད་ཇུས་ཀྱང་ཚུད་ཡོད།

གནད་དོན་དེའི་ཕྱོགས་ནས་སྲིད་འཛིན་ཨོ་བྷ་མ་མི་སྒེར་གྱི་རྒྱབ་ལྗོངས་ཤུགས་རྐྱེན་ཏན་ཏན་ཡོད་པ་རེད། ཡིན་ནའང་། གནད་གཙོ་བོ་ནི་ཁོང་ཨ་ཧྥེ་རི་ཀ་མི་རྒྱུད་ཀྱི་ཨ་རིའི་སྲིད་འཛིན་ཐོག་མ་ཡིན་པའི་རྐྱེན་མ་ཡིན་པར། ཁོང་ནི་ཞི་བདེ་རྒྱ་མཚོའི་མཚོ་ཁུལ་ནས་འོངས་པའི་ཨ་རིའི་སྲིད་འཛིན་ཐོག་མ་ཡིན་པའི་རྐྱེན་གྱིས་རེད། ཨོ་བྷ་མ་ནི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཧ་ཝེ་(Hawaii)གླིང་ཕྲན་ནས་འཚར་ལོངས་བྱུང་བ་མ་ཟད། ཧིན་དྷི་ཉི་ཞིས་ཡ་(Indonesia)རུ་ལོ་མང་རིང་བྱིས་དུས་ཀྱི་འཚོ་བ་བསྐྱལ་མྱོང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ན་རིམ་དང་མི་འདྲ་ས་ནི་ཁོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནད་འགག་དང་། ས་ཁུལ་དེའི་གལ་ཆེའི་རང་བཞིན་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་པ་གསལ་པོ་རྟོགས་ཀྱིན་ཡོད།

ཨ་རི་ “ཨེ་ཤ་ཡར་ཁ་ཕྱོགས་པའི” (pivot to Asia) འཐབ་ཇུས་དེ་ནི། ཨོ་བྷ་མའི་སྐབས་སུ་ཨ་རིས་བཏོན་པའི་ཚབ་མཚོན་རང་བཞིན་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་ཡིན། སྤྱིར་བཏང་དཀྱིལ་ཤར་ས་ཁུལ་དང་ཡུ་ཁི་རན་(Ukraine)གྱི་རྙོག་ཟིང་སྔར་བཞིན་འབྱུང་གིན་ཡོད་པ་རེད། ཡིན་ནའང་། ཨོ་བྷ་མས་མུ་མཐུད་ནས་ནུས་ཤུགས་ཡོད་དགུ་དང་སྲ་བརྟན་མཁྲེགས་འཛིན། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས། མ་འོངས་པའི་ཨ་རིའི་ཕྱི་འབྲེལ་དང་དམག་དོན། དཔལ་འབྱོར་ཐོན་ཁུངས་བཅས་ཨེ་ཤ་ཡའི་ཕྱོགས་སུ་གཏོང་གིན་ཡོད།

ཨོ་བྷ་མས་ལོན་ཌོན་དུ་ཕྱོགས་བསྐྱོད་སྐབས་སུ། མི་མང་པོ་ཞིག་གི་གླེང་མོལ་བྱ་ཡུལ་ནི་ཡུ་རོབ་དང་ཁ་བྲལ་རྗེས་ཀྱི་དབྱིན་ཡུལ་ལ་ཨ་རིས་ཕྱོགས་གཉིས་ཕན་ཚུན་གཅིག་རྐྱང་གི་ཚོང་ལས་གྲོས་ཆོད་འཇོག་སྲིད་མིན་དང་། ཡང་ན། མ་འོངས་པར་དོ་སྣང་ཤུགས་ཆེ་ཤོས་དེ་ཨ་རི་དང་ཡུ་རོབ་བར་གྱི་ <<ནུབ་རྒྱ་མཚོ་ཆེན་པོ་བརྒལ་བའི་ཚོང་ལས་དང་མ་འཇོག་མཐུན་གྲོགས་འབྲེལ་བའི་གྲོས་ཆོད>> (TTIP) སྟེང་འཇོག་མིན་སོགས་རེད། ཨོ་བྷ་མས་མངོན་གསལ་མིན་པའི་སྒོ་ནས་གལ་སྲིད་དབྱིན་ཡུལ་གྱིས་ཕན་ཚུན་གཅིག་རྐྱང་ཚོང་ལས་གྲོས་ཆོད་འཇོག་འདོད་ཀྱིན་ཡོད་ཚེ། དེ་ནི་གལ་གནད་ཨང་རིམ་ཀྱི་ངོས་ནས་ “དཔུང་ཤོག་མཐའ་མ” རུ་འཇོག་ངེས་ཡིན་པ་གསལ་འདོན་བྱས་ཡོད། ཨོ་བྷ་མའི་སྐད་ཆ་དེས་རྩོད་གླེང་ཆེན་པོ་བསླངས་ཡོད།

འོན་ཀྱང་། དངོས་ཡོད་གནས་སྟངས་ནི། ཚོང་དོན་ཐད་ཨ་རིས་ཐོག་མར་བསམ་གཞིགས་བྱ་ཡུལ་ནི་དབྱིན་ཡུལ་མ་རེད། ཡུ་རོབ་ཀྱང་མ་རེད། ཨེ་ཤ་ཡ་རེད། ནུབ་རྒྱ་མཚོ་ཆེན་པོ་བརྒལ་བའི་ཚོང་ལས་དང་མ་འཇོགས་མཐུན་གྲོགས་འབྲེལ་བའི་གྲོས་ཆོད་དང་འབྲེལ་བའི་གྲོས་དོན་དེར། ད་དུང་ལོ་འགའ་ཤས་ཀྱི་རྗེས་ནས་ད་གཟོད་མཇུག་འབྲས་འཐོན་ཐུབ། ཡིན་ནའང་། ཨ་རི་དང་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ ༡༡ ཀྱིས་ <<ཞི་བདེ་རྒྱ་མཚོ་བརྒལ་བའི་མཐུན་གྲོགས་འབྲེལ་བའི་གྲོས་ཆོད>> (TPP)ལ་གཅིག་གྱུར་གྱི་ངོས་འཛིན་བྱུང་ཡོད། ད་ལྟ་གྲོས་ཆོད་དེས་ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་ལ་སྒུག་བསྡད་ཡོད་པ་རེད།

དབྱིན་ཡུལ་དང་ཡུ་རོབ་ཀྱི་མི་སྐོར་ཞིག་གི་རེ་བར། ཨོ་བྷ་མའི་སྲིད་འཛིན་ལས་ཡུན་མཇུག་སྒྲིལ་རྗེས། གཅིག་བྱས་ན་ཨ་རིས་ཨེ་ཤ་ཡར་མཐོང་ཆེན་བྱེད་ཤུགས་མར་འཇགས་ཏེ། གཙོ་གནད་ཀྱི་ཁ་ཕྱོགས་བསྐྱར་དུ་ནུབ་ཕྱོགས་རྒྱ་མཚོ་ཆེན་པོའི་མངའ་ཁུལ་དུ་འཁོར་སྲིད་བསམ་གྱིན་ཡོད། དེ་ལྟའི་གནས་བབ་ཧ་ལམ་འབྱུང་མི་སྲིད་པ་ཞིག་རེད། ཨ་རིའི་སྲིད་འཛིན་སུ་ཡིན་ཡང་ཨ་རིའི་འཐབ་ཇུས་ཁག་སོ་སོའི་དབང་ཤུགས་སྙོམས་སྒྲིག་བྱས་རྗེས། མཐའ་མར་ཚང་མས་ཐག་གཅོད་ནི་ཨོ་བྷ་མ་དང་གཅིག་མཚུངས་ཡིན་ངེས་རེད། ཨོ་བྷ་མའི་རྗེས་ལ་ཨ་རིའི་སྲིད་འཛིན་ཆགས་རྒྱུར་རེ་བ་ཆེ་ཤོས་ལྡན་པའི་ཧའེ་ལའེ་རི་ཁི་ལིན་ཊོན་ལ་མཚོན་ནའང་། ཨེ་ཤ་ཡར་ “ཁ་ཕྱོགས་པ” ཡི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཆགས་ཡོད། ཁོ་མོས་ཕྱི་ལོ་ ༢༠༡༡ ལོར་སྤེལ་བའི་ <<ཨ་རིའི་ཞི་བའི་རྒྱ་མཚོའི་དུས་རབས>> ཞེས་པའི་རྩོམ་ཡིག་ནང་གསལ་འདོན་བྱས་ཡོད་པ་ནང་བཞིན་ཡིན་ངེས་རེད།

ཨ་རིས་ཨེ་ཤ་ཡ་ས་ཁུལ་ལ་དོ་སྣང་བྱས་པ་དེར་དབྱིན་ཡུལ་གྱིས་འཁང་ར་བྱ་དགོས་དོན་ཡོད་པ་མ་རེད། རྒྱུ་མཚན་ནི་ཁཱ་མའེ་རོན་སྲིད་གཞུང་རང་ངོས་ནས་ཨེ་ཤ་ཡར་ཁ་ཕྱོགས་རྒྱུའི་འཐབ་ཇུས་མུ་མཐུད་ལག་ལེན་བྱེད་ཀྱིན་ཡོད་པ་མ་ཟད། ཐ་ན་ཨ་རིའི་འབྲེལ་བར་ཡང་གནོན་སྐྱོན་ཐེབས་ཀྱིན་བཞིན་ཡོད། དེ་སྔོན་དབྱིན་སྲིད་བློན་ཁཱ་མའེ་རོན་གྱིས་སྣེ་ཁྲིད་པའི་བཟོ་ཚོང་འཐུས་ཚབ་རུ་དཔུང་ཐེངས་མང་པོར་ཨེ་ཤ་ཡར་སྐོར་བསྐྱོད་ཀྱིས་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད། དེར་མ་ཟད། ཨ་རི་སྲིད་གཞུང་གི་མངོན་འདོད་ལ་རྒྱབ་འགལ་ཐོག དབྱིན་ཡུལ་ནི་པེ་ཅིན་དུ་རྟེན་གཞི་བྱས་པའི་ཨེ་ཤ་ཡའི་རྨང་གཞིའི་འཛུགས་བསྐྲུན་མ་འཇོག་དངུལ་ཁང་(AIIB)གསར་འཛུགས་བྱེད་མཁན་ཚོགས་མིའི་རྒྱལ་ཁབ་ཏུ་གྱུར་ཡོད། ཨོ་བྷ་མ་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཀྱང་དབྱིན་ཡུལ་གྱི་ <<དངུལ་རྩ་དུས་བབ>> སྟེང་དུ་དབྱིན་ཡུལ་གྱི་ངོས་ནས་རྒྱ་ནག་ “མུ་མཐུད་རྒྱ་ཡན་བཏང་བར” འཁང་ར་བྱས་ཡོད་པ་རེད།

གཏིང་ཟབ་པའི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གནས་ཤུགས་རྐྱེན་གྱིས་དབྱིན་ཡུལ་དང་ཨ་རི་གཉིས་སྔར་བཞིན་ལྷན་གཅིག་ཏུ་སྦྲེལ་ཡོད་པ་དེ་བཤད་མ་དགོས་པ་ཞིག་རེད། དེའི་ཐད་དོགས་སློང་ལྡན་པའི་མི་རྣམས་ཀྱི་ངོས་ནས། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དཔུང་ཤོག་ནང་གནད་ཡོད་དཔོན་རིགས་ག་ཚོད་ཅིག་ཨོ་ཁི་སི་ཧྥོར་ཌི་(Oxford)ནས་ཐོན་པ་ཡིན་མིན་ལ་ངེས་པར་བསམ་ཞིབ་བྱ་དགོས་པ་ཞིག་རེད། ཨོ་བྷ་མའི་རྒྱལ་ཁབ་བདེ་འཇགས་བློ་འདྲི་ས་སུའུ་སན་རའེ་སི་(Suan Rice)དང་། ཧའེ་ལའེ་རི་ཁི་ལིན་ཊོན་གྱིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལས་ཁུར་སྐབས་ཀྱི་རྒྱལ་དོན་དྲུང་ཆེ་གཞོན་པ་བྷེལ་བྷོ་རོན(Bill Burns)། དེ་བཞིན། ཧའེ་ལའེ་རི་ཁི་ལིན་ཊོན་གྱི་ཆེས་འབྲེལ་བ་བཟང་བའི་བློ་འདྲི་ས་ཇའེ་ཁི་སའོ་ལའེ་ཝུན་(Jake Sullivan)བཅས་ཚང་མ་དབྱིན་ཡུལ་གྱི་ཨོ་ཁི་སི་ཧྥོ་ཊི་གཙུག་ལག་སློབ་གཉེར་ཁང་གི་སློབ་གྲོགས་རྐྱང་རེད།

འབྲེལ་བ་དེ་དག་གི་རྐྱེན་པས་དབྱིན་ཡུལ་ལས་སླ་བོའི་སྒོ་ནས་ཝ་ཤིན་ཊོན་གྱི་ཉེ་སར་བཅར་ཐུབ་ཀྱི་ཡོད། ཡིན་ནའང་། མ་འོངས་པར་མཐོ་རིམ་མི་སྣའི་སློབ་གྲོགས་ཀྱི་འགག་རྩ་དེ་ཤུགས་ཆུང་དུ་འགྲོ་སྲིད། ཨ་རིའི་དངུལ་རྩ་ཆེད་གཉེར་བ་སི་ཌི་ཧྥིན་སུའུ་ཝར་སི་མཱན་(Stephen Schwarzman)གྱིས་ཉེ་ཆར་གཞི་རྒྱ་ཆེ་བའི་སློབ་ཡོན་རྣམ་གྲངས་ཤིག་གསར་བཙུགས་ཀྱིས་ཨོ་ཁི་སི་ཧྥོར་ཌི་སློབ་ཆེན་གྱི་རའོ་ཌི་སི་(Rhodes)སློབ་ཡོན་བྱ་དགའ་སྤྲོད་མགོ་བཙུགས་ཏེ། ཨ་རི་དང་རྒྱལ་ཁབ་གཞན་པའི་ཕུལ་བྱུང་སློབ་མ་རྣམས་རྒྱ་ནག་པེ་ཅིན་ཆིན་ཧྭ་སློབ་ཆེན་ནང་སློབ་གཉེར་བྱ་རྒྱུར་རོགས་དངུལ་སྤྲོད་ཀྱིན་ཡོད། སུའུ་ཝར་སི་མཱན་གྱི་རྒྱུ་མཚན་ལྡན་པའི་ཚོད་དཔག་ཅིག་ནི། མ་འོངས་པའི་ཨ་རིའི་མགོ་ཁྲིད་ཀྱི་ཕུགས་བསམ་ལྡན་མཁན་དག་ལ་མཚོན་ན། རྒྱ་ནག་ལ་རྒྱུས་ལོན་བྱ་དགོས་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་ཆགས་ཡོད་དེ་རེད།

ཨེ་ཤ་ཡའི་གནས་བབ་ཡར་འཕགས་བཞིན་པ་དེས། གཞི་རྩའི་སྟེང་དབྱིན་སྐད་རིག་གནས་རྒྱལ་ཁོངས་ལ་འགྱུར་བ་ཐེབས་བཞིན་པའི་ཚོགས་མི་རྒྱལ་ཁབ་གལ་ཆེན་པོ་གཞན་གཉིས་ནི་ཁེ་ན་ཌ་དང་ཨོ་སི་ཁྲི་ལི་ཡ་(Australia)ཆགས་ཡོད། རིན་ཐང་གི་ངོས་ཐད་ནས་བཤད་ན་ཨོ་སི་ཁྲི་ལི་ཡས་རྒྱ་ནག་དང་ཉི་ཧོང་གཉིས་བར་གྱི་ཚོང་ལས་ནི་དབྱིན་ཡུལ་བར་གྱི་ཚོང་ལས་ཀྱི་ལྡབ་བཅུ་ཆགས་ཡོད། དེ་བཞིན། ཉེ་ཆར་ཁེ་ན་ཌའི་གྲོང་ཁྱེར་ཆེ་ཤོས་ཌོ་རོན་ཌོ་(Toronto)རུ་ཨེ་ཤ་ཡའི་མི་རྒྱུད་ཀྱིས་བརྒྱ་ཆ་ ༣༥ ཟིན་ཡོད་ལ། ཞི་བདེ་རྒྱ་མཚོའི་མཐའ་འདབས་སུ་ཆགས་པའི་ཝན་ཁའོ་ཝར་(Vancouver) གྲོང་ཁྱེར་ནང་ཨེ་ཤ་ཡའི་མི་རྒྱུད་གྲངས་འབོར་གྱིས་བརྒྱ་ཆ་ ༤༠ བརྒལ་ཡོད།

ཡིན་ནའང་། དབྱིན་སྐད་རིག་གནས་རྒྱལ་ཁོངས་ལ་ཕྱིར་དྲན་བྱེད་མཁན་མཐའ་དག་དང་། “དཔུང་ཤོག་མཐའ་མ” ཞེས་པའི་ཨོ་བྷ་མའི་གཏམ་བརྗོད་ལ་སྡང་སེམས་སྐྱེ་བཞིན་པའི་དབྱིན་མི་ཚོའི་ངོས་ནས། ཁོ་ཚོར་སྔར་བཞིན་ཨ་རིའི་ཤེས་རིག་གི་སྟོབས་ཤུགས་ལ་བརྟེན་ནས་ཁེ་ཕན་ཧ་ཅང་ཆེན་པོ་རག་བཞིན་པ་དེར་ངེས་པར་དུ་བསམ་བློ་གཏོང་དགོས། གཅིག་བྱས་ན་སྲོལ་རྒྱུན་རང་བཞིན་གྱི་དབྱིན་སྐད་རིག་གནས་རྒྱལ་ཁོངས་ཀྱི་ངོ་བོ་དེ་ཉམས་རྒུད་ཕྱིན་ཟིན་ནའང་། སྔར་དང་མ་འདྲ་བའི་དབྱིན་སྐད་རིག་གནས་རྒྱལ་ཁོངས་ཤིག་ད་ལྟའི་ཆར་བྷིར་སེལ་(Brussels)དུ་བྱུང་ཡོད་དེ། དབྱིན་སྐད་ནི་ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་སོ་སོའི་སྤྱི་སྐད་ཆགས་ཡོད།

ཟུར་མཆན། དབྱིན་ཡུལ་དངུལ་རྩ་དུས་བབ་ཀྱི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་གྷའེ་ཌིན་རཱ་ཆི་མཱན་ (Gideon Rachman) ལགས་ཀྱིས་དབྱིན་ཡིག་ཐོག་རྩོམ་འབྲི་བྱས་ཤིང་། ལུང་ཞཱང་(隆祥)གིས་རྒྱ་བསྒྱུར་བྱས་པའི་རྒྱ་འགྱུར་མ་ཡིག་གཞིར་བཟུང་བོད་བསྒྱུར་བྱས་པ་ཡིན།

 

མ་རྩོམ་འབྲེལ་ཐག http://www.ftchinese.com/story/001067286

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༨ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese