མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“དཀར་ཟས་བ”ཞེས་པའི་རྩོམ་ཡིག་ལ་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་རྒྱལ་སྤྱིའི་མེན་བྷོས་ཁིར་རྩོམ་རིག་བྱ་དགའ་ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་ཧཱན་གཱང་གི་བརྩམས་ཆོས་“དཀར་ཟས་བ་”ཞེས་པར་ཐོབ་འདུག

tibettimes

ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ཏུ། ༢༠༡༦ ལོའི་རྒྱལ་སྤྱིའི་མེན་བྷོས་ཁིར་རྩོམ་རིག་བྱ་དགའ་(International Manbooker Prize)སྤྲོད་བཞེས་ཀྱི་ཚོགས་འདུ་ཚོགས་པའི་སྟེང་། དཔྱད་འདེམས་པ་ལྔ་ལས་གྲུབ་པའི་ཚོགས་ཆུང་གིས་བརྩམས་ཆོས་ ༡༥༥ ཙམ་གྱི་ཁྲོད་ནས་དཔྱད་འདེམས་བྱས་མཐར། ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་ལྕམ་ཧཱན་གཱང་(Han Kang)ལགས་ཀྱིས་བརྩམས་པའི་“དཀར་ཟས་བ་”<< The Vegetarian>>ཞེས་པ་ཨང་དང་པོར་བདམས་ཐོན་བྱུང་འདུག

བརྩམས་ཆོས་དེ་ནི། རྩོམ་པ་པོས་ ༡༩༨༠ ལོའི་ཀོ་རི་ཡའི་ལོ་རྒྱུས་རང་བཞིན་ལྡན་པའི་དམངས་གཙོ་འཐབ་རྩོད་ཀྱི་ལས་འགུལ་ལ་སྲིད་གཞུང་གིས་དྲག་གནོན་བྱས་པ་རྒྱབ་ལྗོངས་སུ་བྱས་ཏེ་བྲིས་ཡོད་པ་དང་། འགྲོ་བ་མི་ལ་འཚེ་བ་དང་བློས་གཏོང་། སྙིང་རྗེ་བཅས་རང་ཆས་སུ་ཡོད་པའི་གོ་རྟོགས་བསྐྱེད་པའི་འབྲས་བུ་ལས་བྱུང་བ་ཞིག་ཡིན་སྐོར་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲིའི་ནང་དུ་གསུངས་འདུག

བུད་མེད་རྩོམ་པ་པོ་ཧཱན་གཱང་གིས་འདས་བའི་ལོ་ངོ་ ༢༠ ལྷག་གི་རིང་ལ་ཀོ་རི་ཡིའི་སྐད་ཡིག་ནང་དུ་སྙན་ངག་དང་རྟོག་སྒྲུང་གི་རྩོམ་མང་པོ་སྤེལ་མྱོང་བ་དང་། “དཀར་ཟས་པ།”ཞེས་པ་ནི་ཁོ་མོའི་བརྩམས་ཆོས་རྣམས་ཀྱི་ཁྲོད་ནས་དབྱིན་ཡིག་ཏུ་བསྒྱུར་བའི་བརྩམས་ཆོས་ཐོག་མ་དེ་ཡིན་འདུག

རྒྱལ་སྤྱིའི་མེན་བྷོས་ཁིར་རྩོམ་རིག་བྱ་དགའ་ཞེས་པ་དེ་ནི་ ༢༠༠༥ ལོར་ཐོག་མར་མགོ་བཙུགས་པ་དང་། ༢༠༡༥ ལོའི་བར་དུ་ལོ་གཉིས་རེའི་ནང་དུ་རྒྱལ་ཁབ་དང་རིགས་རུས་ས་མཚམས་མེད་པར་དབྱིན་ཡིག་གམ་དབྱིན་ཡིག་ནང་དུ་བསྒྱུར་བའི་བརྩམས་ཆོས་རྩེ་ཕུད་དག་ལ་སྤྲོད་སྲོལ་ཡོད་ཀྱང་། ༢༠༡༦ ལོ་ནས་བཟུང་དབྱིན་བསྒྱུར་བྱས་པའི་བརྩམས་ཆོས་ཁོ་ནར་སྟེར་རྒྱུ་དང་། བྱ་དགའི་མ་དངུལ་དབྱིན་སྒོར་ ༥༠༠༠༠ ནི་རྩོམ་པ་པོ་དང་ཡིག་སྒྱུར་བ་གཉིས་ལ་བགོ་བཤའ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཆོས་རྒྱལ་སྐྱབས་ཀྱིས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

༸རྒྱལ་བའི་གོ་སྟོན་དང་། ཞི་ཅིན་ཕིང་གིས་རྒྱ་གཞུང་པཎ་ཆེན་གྱི་མཇལ་ཞུ་དང་ལེན།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

༩༠

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད། ༢༠༢༥།༠༧།༢༡ ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་ཀྱི་ཟངས་དཀར་ཡུལ་དུ་ཞབས་སོར་བདེ་བར་བཀོད།

ཆུ་ཚོད་ ༡༨ སྔོན་ལ།
ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་གི་མཛད་སྒོ། གསར་ལམ་གྱི་པར། ༢༠༢༥།༧།༢༠
Mobile App

རྒྱ་ནག་གིས་དངོས་སུ་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་གསར་རྒྱག་བྱེད་མགོ་བཙུགས།

ཆུ་ཚོད་ ༡༩ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese