མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ལ་ཁ་རྩོད་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་རྒྱ་ནག་གཞུང་ཚབ་པ་ལུའུ་ཞོ་མེན་གྱིས་གཏམ་གླེང་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་གནས་སྟངས་དང་བོད་མིའི་རང་སྲེག་སོགས་ཀྱི་སྐོར་ལ་དྲི་བ་བཏོན་ཡོད་འདུག

851416623_49852_7163475334437956609ཧོང་ཀོང་རང་དབང་གསར་ཁང་ (hkfp) གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན། བྷ་ཐ་རྒྱལ་པོའི་དཔེ་ཁང་ (Bath Royal Literary) དང་ཚན་རིག་སློབ་གཉེར་ཁང་ (Scientific Institution) གཉིས་ཐུན་མོང་གི་གོ་སྒྲིག་འོག ༼རྒྱ་ནག ང་ཚོའི་མིག་མདུན་གྱི་རྒྱལ་སྤྱིའི་ལས་དོན༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། གཏམ་གླེང་དེའི་སྟེང་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ལུའུ་ཞོ་མེན་ (Liu Xiaoming) ཟེར་བ་གདན་ཞུ་བྱས་ཡོད་པ་དང་། གཏམ་གླེང་ཚོགས་འདུ་མ་ཚུགས་པའི་སྔོན་ལ་གོ་སྒྲིག་པས་རྒྱ་ནག་གི་གཞུང་ཚབ་པར་རྙོག་ཟིང་མི་བཟོ་བའི་ཆེད་དུ། བོད་ཀྱི་མཚོན་རྟགས་འཁོད་པའི་གྱོན་ཆས་རིགས་འཕུད་དགོས་པའི་རེ་སྐུལ་བཏོན་ཡོད་འདུག

གཏམ་གླེང་ཚོགས་འདུར་ཞུགས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཚོགས་ཁང་གི་ཕྱི་ལོགས་ནས་ཞི་བའི་རྔོམ་སྟོན་ཁྲོམ་སྐོར་བྱས་པ་མ་ཟད། བོད་མི་ཤེས་རབ་རྒྱ་མཚོ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ཚབ་པར་བོད་མིའི་དཀའ་རྙོག་དང་བོད་མིའི་རང་ལུས་མེར་བསྲེགས། དེ་བཞིན། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གར་ཁྲིད་ཆ་མེད་དུ་གྱུར་བའི་གནས་ཚུལ་སོགས་དྲིས་སྐབས། ལུའུ་ཞོ་མེན་གྱིས་ཆུང་སྲིད་རིན་པོ་ཆེ་ནི་བྱིས་པ་དཀྱུས་མ་ཞིག་ཡིན་ལ། ཁོང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་རྩ་བ་ནས་བྱས་མེད་སྐོར་དང་། བོད་ནང་དུ་བོད་མི་ས་ཡ་གསུམ་ཡོད་པ་དང་། ཁོ་ཚོ་ཚང་མས་བོད་མི་མང་སྔར་ལས་སྐྱིད་ཅིང་སྔར་ལས་ཚེ་ཐག་རིང་བ་དང་། སྔར་ལས་རང་དབང་ལྡན་པ་ངོས་ལེན་བྱེད་ཀྱིན་ཡོད་ལུགས་སོགས་བརྗོད་པའི་ལན་དུ། བོད་མི་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཁོ་རང་གི་ནང་མི་ཚོར་དེ་འདྲའི་བདེ་སྐྱིད་ཅིག་མེད་སྐོར་བཤད་སྐབས། ལུའུ་ཞོ་མེན་གྱིས་ཁོར་མུ་མཐུད་དུ་བཤད་བཅུག་མི་འདུག

དེའི་རྗེས་ལུའུ་ཞོ་མེན་གྱིས་བོད་དོན་རྒྱབ་སྐྱོར་བ་ཚོས་མི་མང་ཚོགས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་ལུགས་བཤད་སྐབས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་གིས་དེ་ནི་རྒྱ་ནག་ནང་གི་མནར་གཅོད་དང་བསྡུར་ཐབས་མེད་ཅེས་བཤད་པའི་ལན་དུ། ལུའུ་ཞོ་མེན་གྱིས་དེ་སྐྱག་རྫུན་འབའ་ཞིག་ཡིན་ལུགས་དང་། བོད་དོན་འཐབ་རྩོད་ལ་ཕམ་ཁ་མ་གཏོགས་མེད་ལུགས་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་གི་ཡོད་ནའང་། བོད་དོན་རྒྱབ་སྐྱོར་ལ་དུས་ནམ་ཡང་རྒྱལ་ཁ་འཐོབ་མི་སྲིད་ལུགས་བཤད་འདུག

Chinese Ambassador faced with Bath City Support for a Free Tibet

གནས་ཚུལ་འདིའི་ནང་མུ་མཐུད་དུ། བོད་མི་ཤེས་རབ་རྒྱ་མཚོས། ངས་ཚེ་གང་བོར་རྒྱ་ནག་གི་དྲིལ་བསྒྲགས་ཐོས་མྱོང་ལ། དུས་ད་ལྟ་ད་དུང་ཡང་རྒྱ་ནག་གཞུང་གི་རྫུན་གཏམ་དེ་དག་རྒྱ་ནང་གི་རྒྱ་རིགས་ཚོར་བཤད་དུས། ཁོ་ཚོ་ཧ་ལས་བཞིན་ཡོད་པ་རེད། གཞུང་ཚབ་པ་ཁྱེད་རང་ལྟར་ངས་ཀྱང་བོད་ནང་གི་བོད་མི་ཚོར་བདེ་སྐྱིད་མེད་པ་ཤེས་ཀྱི་ཡོད། རྒྱུ་མཚན་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་གཉའ་གནོན་ལ་བཟོད་བསྲན་བྱས་ནས་བསྡད་ཡོད་སྐོར་བཤད་ཀྱིན་འདུག བོད་མི་ཚོར་རང་དབང་དགོས། བོད་མི་ཚོར་སོ་སོའི་རང་དབང་གི་མངོན་འདོད་བརྗོད་པའི་ཐོབ་ཐང་ཡོད་པ་མ་རེད། མ་འོངས་པར་བོད་རང་དབང་རྒྱལ་ཁབ་ཆགས་ཀྱི་རེད་ཅེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese