མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་རྒྱལ་བ་ཀརྨ་པ་མཆོག་སུད་སིར་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དཔལ་རྒྱལ་བ་ཀརྨ་པ་མཆོག་ཁ་སང་ནས་བཟུང་མ་འོངས་པའི་བདུན་ཕྲག་གཅིག་ལྷག་རིང་སུད་སིའི་ནང་མཛད་འཕྲིན་ཡོད་པ་དང་དེའི་རྗེས་ལ་ཧྥ་རན་སིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

image (1)

ཁ་སང་ཚེས་ ༡༨ ཉིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིའི་གྲོང་ཁྱེར་རྗི་ནེ་ཝར་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་རྗི་ནེ་ཝའི་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་། ནམ་མཁའ་རིན་པོ་ཆེ་མཆོག་གཙོས་ཡུ་རབ་སྤྱི་ཟུར་དང་ཚོགས་པ་ཁག་གི་མི་སྣ་བཅས་ཕེབས་བསུར་བཅར་ཡོད་པ་རེད།

ཐེངས་འདིར་སུད་སིར་བརྟན་གཞི་བྱས་པའི་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གིས་གསོལ་འདེབས་ཞུས་པ་ལྟར། དཔལ་རྒྱལ་བ་ཀརྨ་པ་མཆོག་ཞབས་སོར་བཀོད་པ་ཞིག་ཡིན་པ་དང་། ཟླ་འདིའི་ཚེས་ ༡༨ ནས་ ༣༠ ཉིན་བར་མཛད་འཕྲིན་ཡོད་འདུག སང་ཉིན་ཚེས་ ༢༠ ཉིན་གྱི་སྔ་དྲོར་ལོས་ཛན་(Lausanne)གྲོང་ཁྱེར་གྱི་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། ཉིན་རྒྱབ་ལོས་ཛན་རྩེད་འགྲན་ཁང་དང་འགྲེམ་སྟོན་ཁང་སོགས་སུ་གཟིགས་སྐོར་གནང་རྒྱུ་ཡིན་འདུག ཚེས་ ༢༡ ཉིན་གྱི་སྔ་དྲོར་རྗི་ནེ་ཝར་(Théâtre du Léman)སྒོམ་ནི་ནང་སེམས་ཞི་བདེའི་འབྱུང་ཁུངས་ཡིན་(Meditation , source of inner peace)ཞེས་པའི་བརྗོད་གཞིའི་ཐོག་བཀའ་ཆོས་དང་། ཕྱི་དྲོར་ལོ་ཛན་དང་རྗི་ནེ་ཝའི་མང་ཚོགས་ལ་ཟུར་མཇལ་དང་བཀའ་སློབ་གནང་རྒྱུ་ཡིན་འདུག

ཚེས་ ༢༢ ཉིན་གྱི་སྔ་དྲོར་གོང་གསལ་ཚོགས་ཁང་དེར་སངས་རྒྱས་སྨན་ལྷའི་བཀའ་དབང་(The  medicine Buddha)བསྩལ་རྒྱུ་ཡིན་པ་དང་། ཉིན་རྒྱབ་ནང་ཆོས་དང་ཚན་རིག་(Buddha and science)ཅེས་པའི་བགྲོ་གླེང་ཚོགས་འདུར་མཉམ་བཞུགས་གནང་རྒྱུ་ཡིན་འདུག ཚེས་ ༢༣ ཉིན་ལོས་ཛན་གཙུག་ལག་སློབ་གཉེར་ཁང་དུ་མཛད་འཕྲིན་ཡོད་པ་དང་། ཕྱིར་དྲོར་ཝ་ཨོཊ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་དང་ཚན་རིག་པ་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག ཚེས་ ༢༤ སྔ་དྲོར་ཐུབ་བསྟན་བྱམས་བརྩེ་གླིང་ཆོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་མཛད་རྒྱུ་དང་། ཉིན་གུང་སུད་སིའི་རྒྱལ་ས་བྷེན་(Bern)ལ་ཆིབས་དང་ཕྱི་དྲོར་རིག་པའི་རྡོ་རྗེ་ཆོས་ཚོགས་ཁང་དུ་ཆིབས་ཞལ་བསྒྱུར་ཏེ་ཐུགས་སྨོན་མཛད་རྗེས་གྲོང་ཁྱེར་རྫི་རིག་ཁུ་(Zurich)ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

ཚེས་ ༢༥ སྔ་དྲོར་པདྨ་བོད་སྨན་བསྟི་གནས་ཁང་དུ་ཞབས་སོར་འཁོད་དེ་གཟིགས་ཞིབ་གནང་རྗེས། ཉིན་རྒྱབ་རི་ཀོན་ཆོས་འཁོར་དགོན་དུ་ཕེབས་རྒྱུ་དང་། ཕྱི་དྲོར་རྫི་རིག་ཁུལ་དུ་ཡོད་པའི་འགྲོ་བ་མིའི་བདེ་རྩ་ཚོགས་པར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག ཚེས་ ༢༦ ཉིན་སུད་སིའི་བཀའ་བརྒྱུད་པ་ཡོངས་ལ་མཇལ་ཁ་བསྩལ་རྒྱུ་ཡིན་འདུག ཚེས་ ༢༧ ཉིན་གྱི་སྔ་དྲོར་རྫི་རིག་ཁུ་(Zürich)གྲོང་ཁྱེར་ནས་བོད་རིགས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་རྗེས། ཉིན་རྒྱབ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་འཐུས་མི་རྣམ་པ་དང་སྤྱི་ཟུར་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་རྒྱུ་ཡིན་འདུག ཚེས་ ༢༨ ཉིན་བྷུས་ལག་(Stadthalle Bülach )ས་གནས་ཚོགས་ཁང་དུ། ཁྱེད་ཀྱི་ཉིན་རེའི་སྡུག་བསྔལ་རྣམས་སྒྱུར་བཅོས་གཏོང་བ་(transforming your daily suffering) ཞེས་པའི་བརྗོད་གཞིའི་ཐོག་བཀའ་ཆོས་གནང་རྗེས། ཕྱི་དྲོར་བོད་རིགས་མི་མང་ལ་ཟུར་མཇལ་དང་བཀའ་སློབ་ལམ་གནང་རྒྱུ་ཡིན་འདུག

image (4)

ཚེས་ ༢༩ སྔ་དྲོར་གོང་གསལ་ཚོགས་ཁང་དེར་སྤྱན་རིས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་རྒྱུ་ཡིན་ཞིང་། ཉིན་རྒྱབ་ཁོར་ཡུག་སྲུང་སྐྱོབ་དང་ནང་པའི་ལྟ་གྲུབ་(Buddhism and environment care)ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་བཞུགས་གནང་རྒྱུ་དང་། ཚེས་ ༣༠ ཉིན་ཧྥ་རན་སིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགྱུར་གཏོང་མཁན་བཀྲ་ཤིས་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese