མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲུལ་སྐྱེལ་གནམ་གྲུ་ཞིག་བོར་བརླག་ཏུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སི་ནས་ཨེ་ཇིབ་ཏུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གིས་མི་གྲངས་ ༦༦ འཁུར་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

128998462_14636585868191nཕྱི་ཚེས་ ༡༨ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༡ ཡོལ་ཙམ་ལ། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་ཨེ་ཇིབ་ཏུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཨང་རྟགས་ (MS 804) ཅན་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འགྲུལ་སྐྱེལ་གནམ་གྲུ་དེའི་ནང་འགྲུལ་བ་ ༥༦ དང་། གནམ་གྲུའི་ཁ་ལོ་བ་དང་བདེ་སྲུང་མི་སྣ་བཅས་ཁྱོན་མི་གྲངས་ ༦༦ ཡོད་པ་དང་། འགྲུལ་བ་ཚོའི་ནང་ཨེ་ཇིབ་ཀྱི་འགྲུལ་བ་ ༣༠ དང་ཧྥ་རན་སིའི་འགྲུལ་བ་ ༡༥ ཚུད་པའི་ཕྱི་རྒྱལ་གྱི་འགྲུལ་བ་ ༢༦ ཡོད་པ་དང་། དེའི་ཁྲོད་བྱིས་པ་གསུམ་ཡོད་འདུག

ད་ལྟའི་ཆར་ཨེ་ཇིབ་ཀྱི་མཁའ་དམག་དང་མཚོ་དམག་གཉིས་མཉམ་རུབ་ཀྱིས་གྷི་རིག་ཉེ་འགྲམ་གྱི་མཚོ་ཁུལ་དུ་འཚོལ་ཞིབ་བྱེད་བཞིན་ཡོད་ལ། དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱིས་འཚོལ་རོགས་བྱེད་བཞིན་ཡོད་པ་དང་། ཨ་རབ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་ཁུལ་དེ་ནས་ཕུང་པོ་གཉིས་དང་གནམ་གྲུའི་ཆག་རོ་འགའ་རྙེད་ཡོད་འདུག

ཁ་སང་ཕྱི་དྲོར་ཨེ་ཇིབ་མི་མང་མཁའ་འགྲུལ་བློན་ཆེན་ཞི་ར་ཧྥ་ཊི་(Sherif Fathi)ལགས་ཀྱིས། འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་དེ་དྲག་སྤྱོད་པས་བསླངས་བ་ཞིག་ཡིན་པའི་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་དང་། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ནས་ཀྱང་དོན་རྐྱེན་དེ་དྲག་སྤྱོད་པ་དང་འབྲེལ་བ་ཡོད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་སྟབས། ངེས་པར་དུ་མཉམ་འབྲེལ་ཞིབ་འཇུག་མཐར་སོན་པ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག ཡིན་ནའང་། ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་(François Hollande)ལགས་ཀྱིས་ད་ལྟའི་ཆར་གནམ་གྲུ་དེར་དྲག་སྤྱོད་པས་གནོད་སྐྱོན་བཏང་བའི་དོགས་གཞི་གང་ཡང་མཐོང་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ཨེ་ཇིབ་ཀྱི་རྒྱལ་ནང་འགྲུལ་སྐྱེལ་གནམ་གྲུ་ཞིག་བྷོར་ཨེ་ཨ་རབ་གནམ་ཐང་(Borg El Arab Airport)ནས་ཀ་རོ་རྒྱལ་སྤྱིའི་གནམ་ཐང་(Cairo International Airport)ཟེར་བར་སྐྱོད་སྐབས། འགྲུལ་བ་སྐྱེས་པ་ཞིག་གིས་གནམ་གྲུའི་ཁ་ཕྱོགས་བསྒྱུར་ཏེ། ལར་ནཱ་ཀཱ་རྒྱལ་སྤྱིའི་གནམ་ཐང་(Larnaca International Airport )ཟེར་བ་རུ་བསྐྱོད་དགོས་པའི་བཙན་སྐུལ་བྱས་ཡོད་པ་མ་ཟད། གནམ་གྲུའི་ཁ་ཕྱོགས་མ་བསྒྱུར་ན་ཁོ་རང་གི་སྐེད་པའི་འབར་རྫས་འགད་གཏོར་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་སྟབས། གནམ་གྲུ་དེ་ལར་ནཱ་ཀཱ་རྒྱལ་སྤྱི་གནམ་ཐང་དུ་འཕུར་དགོས་བྱུང་ཞིང་། གནམ་གྲུ་ས་ལ་བབས་མ་ཐག་འགྲུལ་བ་དང་གནམ་གྲུའི་ཞབས་ཞུ་བ་ཚོ་མྱུར་ཏུ་སར་ཡོད་པ་དང་། ཉེན་རྟོག་པས་འཇིགས་སྐུལ་བ་དེ་འཕྲལ་དུ་འཛིན་བཟུང་གིས་སྔོག་བཤེར་བྱེད་སྐབས། ཁོའི་སྐེད་པར་བཏགས་ཡོད་པ་དེ་ཕྱི་ཤུབས་ཅན་གྱི་ལག་ཐོག་ཁ་པར་ཞིག་ཡིན་པ་རེད།

ཕྱི་ལོ་ ༢༠༠༢ ཟླ་ ༥ པའི་ནང་། ཨེ་ཇིབ་ཀྱི་འགྲུལ་བ་ ༧༣༧ ཡོད་པའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་ཁྱོན་མི་གྲངས་ ༡༤ རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེ་ནི་ཉེ་བའི་ལོ་ཤས་ནང་ཨེ་ཇིབ་ཀྱི་འགྲུལ་སྐྱེལ་གནམ་གྲུར་དོན་རྐྱེན་བྱུང་བ་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese