མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྷ་ས་མི་མང་གིས་ནང་སྲིད་བཀའ་བློན་མཆོག་ལ་ཐུཊ་རྗེ་ལེཊ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་མི་མང་གིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་འདས་པའི་ལོ་ངོ་ ༥ རིང་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་ལས་དོན་ཐོག་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་སོང་།

1234 དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་ས་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཧུར་ཐག་འབད་ཐག་གིས་བོད་སྤྱི་དོན་ཐོག་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་དབུས་དྷ་ས་ས་གནས་མགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས་དང་། ས་འཐུས་ཚོགས་གཙོ་ངག་དབང་ཐར་པ་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ལགས། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། ས་ཆའི་ཐད་དཀའ་རྙོག་འཕྲད་པའི་ཁྱིམ་ཚང་ ༢༡༨ ཀྱི་ཁྱིམ་མིའི་གཙོས་ས་གནས་སེར་སྐྱ་མི་མང་བཅས་མི་གྲངས་ ༢༥༠ ཡས་མས་འཛོམས་འདུག་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་གི་སྐུ་ཚབ་ནས་ནང་སྲིད་བཀའ་བློན་མཆོག་ལ་སྒྲོལ་མ་དཀར་མོའི་ཞལ་ཐང་ཞིག་དང་མཇལ་དར་ཕུལ་སོང་བ་དང་། དེ་ནས་ཐང་ཁྲོམ་ཚོགས་པའི་སྐུ་ཚབ་རྣམས་ནས་རྗེ་བཙུན་སྒྲོལ་མའི་གསེར་སྐུ་གཅིག་དང་མཇལ་དར་བཅས་ཐུགས་རྗེ་ལེགས་འབུལ་ཞུས་སོང་།

ས་གནས་མགོ་འཛིན་ལས་ཚབ་ཚེ་རིང་ལྷ་མོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་བསྡུས་པའི་དགོས་དམིགས་སྐོར་བརྗོད་སྐབས། དེ་རིང་ང་ཚོས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་དགོས་དོན་གང་ཡིན་ཟེར་ན། ས་གནས་གང་ས་ནས་སྐུ་ངོ་ནང་སྲིད་བཀའ་བློན་མཆོག་ལ་ཆེད་བསྟོད་ཀྱི་གཟེངས་རྟགས་འབུལ་གྱི་ཡོད་པ་དང་། ཡང་ཁ་ཤས་ཀྱིས་དགའ་སྟོན་གྱི་རྣམ་པའི་ཐོག་ནས་གཞས་ཞབས་བྲོ་ཡིས་ཆེད་བསྟོད་ཞུ་ཡི་ཡོད་པ་དང་། ང་ཚོ་བཞུགས་སྒར་ཆགས་ཀྱི་ཡོད་ལ། སྐུ་ངོ་མཆོག་གིས་མི་ལོ་ཧྲིལ་པོ་ལྔའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་ཉིན་རེའི་འཚོ་བའི་ཐད་ཀྱི་དཀའ་ངལ་སོགས་དཀའ་ངལ་མང་པོའི་ཐོག་ལ་ཁ་ཚ་དགོས་གཏུག་གིས་ཞུ་བདེ་པོ་གནང་སྟེ་ལྷག་བསམ་རྣམ་དག་གིས་སྐུ་ལས་བསྐྱོན་ཡོད་པ་དང་། ང་ཚོ་དྷ་སར་སྡོད་མཁན་ཚོར་མཚོན་ནའང་སྐུ་ངོས་དངོས་གནས་སྐུ་ལས་ཧ་ཅང་མང་པོ་བསྐྱོན་པ་དེར་ངས་དྷ་སའི་མི་མང་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ལྷག་པར་དུ་དྷ་སའི་མི་མང་ལ་ཡོད་པའི་དཀའ་ངལ་རབ་དང་རིམ་པ་མང་པོའི་ནང་ནས་དཀའ་ངལ་ཆེ་ཤོས་ཤིང་ནགས་ཀྱི་ས་ཆར་ཡོད་པའི་ཁྱིམ་ཚང་ ༢༡༨ ཀྱི་དཀའ་ངལ་དེ་ཆགས་བསྡད་ཡོད་པ་དང་། དེ་རིང་ང་ཚོས་འདིར་དམིགས་བསལ་གྱི་ཐུགས་རྗེ་ལེགས་འབུལ་གྱི་མཛད་རིམ་ཆུང་ཆུང་ཞིག་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་ཡིན་ཟེར་ན། ང་ཚོ་ཚང་མ་སྐྱབས་བཅོལ་བ་ཡིན་པ་དང་རྒྱ་གར་ཤིང་ནགས་ལས་ཁུངས་ནས་དཀའ་ངལ་སྤྲད་དུས། དེ་ལ་དངོས་སུ་ཁ་གཏད་གཅོད་མཁན་སྐུ་ངོ་ནང་སྲིད་བཀའ་བློན་མཆོག་རང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ། ཁྱིམ་ཚང་ ༢༡༨ དེའི་ཁང་པ་རྣམས་གཏོར་མི་དགོས་པར་རང་འཇགས་གནས་ཏེ་ཁྲིམས་མཐུན་བཟོས་པ་སོགས་གང་ཅིའི་ཐོག་ནས་སྐུ་ངོས་དངོས་གནས་ཧུར་ཐག་འབད་ཐག་གིས་སྐུ་ལས་བསྐྱོན་པ་དེར། ང་ཚོའི་ངོས་ནས་ཚོར་བ་ཤུགས་ཆེན་མོའི་ཐོག་ནས་སྐུ་ངོར་ཆེད་བསྟོད་འབུལ་རྒྱུ་གལ་ཆེན་པོར་མཐོང་སྟེ་མཛད་སྒོ་འདི་བཟོས་པ་ཡིན། ཞེས་དང་། ནང་སྲིད་བཀའ་བློན་མཆོག་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། དེ་བཞིན་ས་གནས་ཁག་བཅས་ཀྱི་དཔོན་རིགས་ཚོར་བོད་མིའི་བདེ་སྡུག་ཡར་ཞུ་གནང་བ་བརྒྱུད། ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་བྱུས་(Tibetan Rehabilitation Policy 2014)གཏན་འབེབས་བྱུང་སྟེ། དྷ་ས་ཁུལ་གྱི་བོད་མི་ཙམ་མིན་པར་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཚོའི་དཀའ་ངལ་མང་དག་ཅིག་སེལ་ཐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། མ་འོངས་པར་བཀའ་བློན་མཆོག་གི་སྐུ་གཟུགས་བདེ་ཞིང་ཕྱག་ལས་ཐམས་ཆད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་སོང་།

13271945_1142795762448428_1441640228_oདེའི་རྗེས་ནང་སྲིད་བཀའ་བློན་མཆོག་ནས་མི་མང་གསུང་བཤད་གནང་དོན། གཞི་རྩའི་སོ་སོའི་བསམ་བློ་གཏོང་སྟངས་ལྟར་བྱས་པ་ཡིན་ན། ང་ཚོས་ག་རེ་བྱས་པ་ཡིན་ནའང་སོ་སོའི་ལས་འགན་འཁུར་ཏེ་ལས་ཀ་བྱས་བཞག་པ་ཞིག་ཡིན་སྟབས། དངོས་གནས་བྱས་ན་དམིགས་བསལ་གྱིས་བཀའ་དྲིན་རྗེས་དྲན་དང་བཀའ་དྲིན་ཆེ་ཞེས་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཡིན་ནའང་། དེ་རིང་འདིར་བཅར་ཏེ་སོ་སོའི་བསམ་བློའི་ནང་ཡོད་པ་དེ་ཚོ་ཞུ་བའི་གོ་སྐབས་ཤིག་ཀྱང་ཆགས་ཀྱི་མེད་འགྲོ་བསམ་སྟེ་བཅར་བ་ཡིན། ང་ཚོས་ཐུགས་རྗེ་ཆེ་ཞེས་སྙིང་ལ་བཅངས་དགོས་ས་དང་ཞུ་དགོས་ས་དེ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ཆེ་སྤྱན་རས་གཟིགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆགས་བསྡད་ཡོད་པ་རེད། ང་ཚོས་བོད་པ་དང་བོད་ཀྱི་གནད་དོན་ག་བར་འཁུར་ནས་ཕྱིན་པ་ཡིན་ནའང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡི་མཚན་དང་ཁོང་གི་ནུས་པ། ཁོང་གི་གཟི་བརྗིད་ཆེན་པོ་དེ་ང་ཚོས་སོ་སོའི་མགོ་ལ་འཁུར་ཏེ་འགྲོ་རྒྱུ་ཡོད་པ་དང་། རང་ཉིད་ལ་ནུས་པ་ཡོང་བའི་གཞི་གཙོ་བོ་དེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡིན་སྟབས། དེ་རིང་སླར་ཡར་གོ་སྐབས་འདི་བརྒྱུད་དེ་ཁོང་གི་དབུ་འཁྲིད་དང་ཁོང་གི་བཀའ་དྲིན་ལ་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་འདོད་བྱུང་། ཞེས་གསུངས་བ་དང་འབྲེལ། རྒྱ་གར་དབུས་གཞུང་དང་ལྷག་པར་དུ་ཧི་མ་ཅལ་མངའ་སྡེ་གཞུང་ནས་དམིགས་བསལ་གྱིས་བོད་མི་སྐྱབས་བཅོལ་བ་ཚོར་གཟིགས་སྐྱོང་གི་སྲིད་བྱུས་གཏན་འབེབས་གནང་བ་བརྒྱུད། དཀའ་ངལ་འཕྲད་པའི་དྷ་སའི་ཁྱིམ་ཚང་ ༢༡༨ དེ་ཡང་དཀའ་ངལ་ལས་གྲོལ་ཐུབ་ཡོད་པ་དང་། དེ་བཞིན་དྷ་སའི་ཐང་ཁྲོམ་གྱི་དཀའ་ངལ་ལྟ་བུར་ཡིན་ནའང་ཁྲིམས་མཐུན་གྱི་ཡིག་ཆ་ཡོད་པ་དང་། ཁྲིམས་གཞི་བསྐྱར་བཅོས་ཀྱིས་སྐྱབས་བཅོལ་བོད་མི་ཚོར་དམིགས་བསལ་གྱིས་ཟ་འབྲུ་མཁོ་སྤྲོད་གནང་བའི་སྲིད་བྱུས་གཏན་འབེབས་བྱུང་ཡོད་པ་ལྟར། མ་འོངས་པར་སྲིད་བྱུས་དེ་ཚོ་མུ་མཐུད་ལག་བསྟར་ཡོང་ཐབས་སུ་འབྲེལ་ཡོད་ནས་མཇུག་སྐྱོང་ཡག་པོ་གནང་དགོས་པ་དེ་ཧ་ཅང་ཆེན་པོ་ཡིན་སྐོར་དང་། ནང་སྲིད་ལས་ཁུངས་ཀྱི་དབུས་ས་གཉིས་ཀྱི་ལས་བྱེད་རྣམ་པས་འདས་པའི་ལྔ་རིང་ཧུར་ཐག་འབད་ཐག་གིས་དཀའ་ལས་བརྒྱབ་ཡོད་ཀྱང་། དཀའ་ལས་བརྒྱབ་པ་དེས་ཚང་མ་འགྲིག་སྟེ་བློ་བདེ་བོའི་ངང་གང་ཡང་ལྷག་མ་སོང་བསམ་པ་ཞིག་ཆགས་མེད་སྟབས། མ་འོངས་པར་སུ་ཕེབས་པ་ཡིན་ནའང་འགན་འཁུར་ཏེ་ལས་དོན་རྣམས་མཇུག་སྐྱོང་གཙང་མ་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཡང་ནང་སྲིད་བཀའ་བློན་མཆོག་ནས་ཉིན་གསུམ་ཙམ་གྱི་རྗེས་ནས་བཟུང་ཁོང་གི་བཀའ་བློན་གྱི་ལས་ཡུན་འཁྱོལ་འགྲོ་ཡི་ཡོད་སྟབས། གོ་སྐབས་འདི་བཟུང་སྟེ་མི་མང་ལ་འབོད་སྐུལ་ཞུ་འདོད་པ་ཞིག་ལ། རང་སར་གཞན་བཞག་ནས་བསམ་བློ་ཡག་པོ་གཏོང་རྒྱུ་དང་འགྲོ་སྟངས་འདུག་སྟངས་མཁས་པོ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། ང་ཚོས་ནམ་རྒྱུན་རྒྱ་གར་གཞུང་མང་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དགོས་སྐོར་བརྗོད་ཀྱི་ཡོད་པ་ལྟར། སོ་སོའི་ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་ཡུལ་མི་ཚོར་དགྲ་བཟོ་བ་དང་སྣང་ཆུང་བྱས་ཏེ་བསྡད་པ་ཡིན་ན། མི་སྒེར་སོ་སོ་དང་བོད་སྤྱི་པར་ཕན་ཐོགས་མེད་སྟབས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་སྒྲུབ་ཆེད། ཉིན་རེའི་ཆུ་ཚོད་ཉེར་བཞིའི་ནང་སོ་སོའི་གནས་བབ་དེ་སྙིང་ལ་བཅངས་ནས་བསྡད་པ་ཡིན་ན། ལས་ཀ་ག་རེ་བྱས་པ་ཡིན་ནའང་རང་བཞིན་གྱིས་འགྲུབ་ཐུབ་པ་ཞིག་ཡོང་གི་ཡོད། དེ་ལས་ལྡོག་སྟེ་སྣང་བ་དྭངས་ནས་གཞན་ལ་འབོར་ཤོད་འདྲ་བྱས་ནས་སྣང་བ་མི་འགྲོ་བའི་ལས་ཀ་བྱས་བསྡད་པ་ཡིན་ན། བོད་སྤྱི་པ་ལའང་གྱོང་ཆེན་པོ་ཞེ་དྲགས་ཡོད་སྟབས། མི་རབས་རྒན་པ་ཚོས་དེ་སྔོན་གནང་བ་ནང་བཞིན་བྱས་ཏེ་བོད་མི་ཞིག་ཡིན་པའི་སྤོབས་པ་དང་བཅས་ཡ་རབས་བཟང་སྤྱོད་ལྡན་པ་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་པ་དེ་དུས་རྒྱུན་སེམས་ལ་ཉར་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ད་ལོའི་འོས་བསྡུའི་སྐབས་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ཐད་ཉེན་ཁ་དང་སེམས་འཚབ་དགོས་པ་བྱུང་ཡོད་ཀྱང་ད་ལྟ་ཕྱི་དྲགས་མེད་སྟབས། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་སྔར་ལས་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སུ་བོད་མི་ཚང་མས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འདས་པའི་ལོ་ལྔ་རིང་ཧུར་ཐག་བྱས་ཡོད་ཀྱང་ད་དུང་ཉམ་ཐག་དཀའ་ངལ་ཅན་དེ་འདྲར་ལྟ་སྐྱོང་མ་ཐོབ་པར་ལྷག་ཡོད་ན་དགོངས་སེལ་ཞུ་བ་དང་སྦྲགས། ངེས་པར་དུ་ས་གནས་ལས་ཁུངས་ཁག་དང་དབུས་ལ་ཡར་ཞུ་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

ཆུ་ཚོད་ ༡༣ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

ཆུ་ཚོད་ ༡༤ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

༢༠༢༣/༠༥/༢༩
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 5

  1. Mangtso says:
    ལོ་ 7 སྔོན།

    ཡག་པོ་རེད་ད་རང་ལ་ཡོད་པ་མི་ལ་ཡོད་པ་ལུང་པ་གཅིག་པ་ཡོད་པ་གནང་ཤོག་ལོ་ད་བར་གནངཡང་་གནང་པ་རེད་པ་དབུས་གཙང་གི་སྐྱག་པ་ཀླད་ནད་ཅན་རྣམས་སུ་འོ་སྨན་དོན་ཡག་པོ་བཟོས་ཤག་རྒྱ་རི་རྒྱལ་ལོ་་་་་་་

    Reply
  2. ཙོང་ཁ་སྐལ་བཟང་། says:
    ལོ་ 7 སྔོན།

    རྒྱ་རི་སྒྲོལ་མ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཧ་ཅང་བཀུར་འོས་པའི་བུ་མེད་ཤེས་ཡོན་དང་འཇོན་ཐང་ལྡན་པ་ཞིག་རེད། རྒྱ་རི་སྒྲོལ་མ་ལྟ་བུའི་བུ་མེད་མང་ཙང་ཞིག་བོད་པའི་སྤྱི་ཚོགས་ནང་སྐྱེས་པར་ཤོག

    Reply
  3. ཨ་འབར་འཇིགས་དབང།Jigwwang says:
    ལོ་ 7 སྔོན།

    ༅༅། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་མི་མང་གི་དཀའ་ལས་སེལ་བའི་ཕྱག་ལས་ཡག་པོ་གནང་བར་བརྟེན་
    རྡ་སའི་མི་མང་ནས་དགའ་བསུའི་ལེགས་སྐྱེས་པུལ་བ་ནི་དངོས་གནས་ཡག་པོ་རེད།
    ངས་ཀྱང་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བཀྲིས་བདེ་ལེགས་ཞུ་གི་ཡོད།
    གསུང་བཤད་ཀྱང་ཡག་པོ་ཞེ་དྲག་གནངས་སོང།

    Reply
  4. ལྡོང་ངག་དབང་ཕུན་ཚོགས། says:
    ལོ་ 7 སྔོན།

    དངོས་གནས་རེད། དྷ་ས་རུ་སྡོད་ཁང་གི་ཡིག་ཆ་ཁྲིམས་མཐུན་མེད་པའི་དཀའ་ངལ་དང་ལམ་ཟུར་དུ་ཚོང་ཁྲོམ་སྟོན་མཁན་ཚོ་ལ་རྟག་ཏུ་སུན་གཙེ་བྱེད་པ་གཉིས་དཀའ་ངལ་ཆེ་ཤོས་རེད། དེའི་ཐད་བཀའ་བློན་མཆོག་གིས་དམིགས་བསལ་ནུས་ཤུགས་བཏོན་ཡོད་རེད། དེ་ཚོ་ངེས་པར་དུ་ཤེས་དགོས་རེད། བཀྲིས་བདེ་ལེགས་ཞུའོ།།

    Reply
  5. ཤར་མདའ། says:
    ལོ་ 7 སྔོན།

    རྡ་ས་མི་མང་གིས་ཐུགས་རྗེའི་ལེགས་འབུལ་གནང་འོས་ཞིག་རེད་ལ་གནང་དགོས་པ་རེད། དེ་འདྲ་གནང་བ་ཡིན་ན་མ་འོངས་པར་སྦྱི་ཚོགས་ཐོག་ཕྱག་ལས་ཡག་པོ་གནང་མཁན་དེ་ཚོ་གསལ་བོ་མི་མང་གིས་མཁྱེན་ངེས་རེད། དུས་རྟག་ཏུ་དྲང་བདེན་ཐོག་ནས་མི་མང་གིས་བལྟ་དགོས་པ་དང་ཕྱག་ལས་ཡག་པོ་གནང་བ་ཡིན་ན་འདི་ལྟར་སྟོད་སྔགས་དང་བཀྲིན་རྗེས་དྲན་ཞུ་དགོས་པ་གལ་ཆེན་མཐོང་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist