མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱུད་ལུགས་ས་ག་ཟླ་བའི་དུས་ཆེན་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཕྱི་ཚེས་ ༢༡ ནས་ ༢༣ བར་ཧི་མ་ཅལ་མངའ་སྡེའི་སྦིར་ཉེ་འཁྲིས་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ། ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་རིང་ནང་ཆོས་དང་ཐུན་མོང་རིག་གནས་འཆད་རྩོད་སོགས་གནང་སྟེ། སྟོན་པར་བཀའ་དྲིན་རྗེས་དྲན་ཞུས་ཏེ་དུས་ཆེན་སྲུང་གཙི་ཐེངས་གཉིས་པ་གནང་ཡོད་འདུག

IMG_0595

དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་རྒྱལ་མཚན་ཕུན་ཚོགས་མཆོག་གིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་ཡང་ཡང་བཀའ་གནང་བ་ལྟར། ན་ནིང་ཐེངས་དང་པོར་དཔལ་སྤུངས་ཤེས་རབ་གླིང་དུ་ཉིན་གྲངས་གསུམ་རིང་ས་ག་ཟླ་བའི་དུས་ཆེན་སྲུང་གཙི་ཞུས་ཏེ་སྲོལ་ཐོག་མར་ཕྱེས་ཡོད་འདུག

མཁན་པོ་མཆོག་གི་ཡིག་ཐོག་གི་གནས་ཚུལ་ངོ་སྤྲོད་ནང་འཁོད་དོན། “བོད་རྒྱལ་ལོ་ ༢༡༤༣ རབ་བྱུང་བཅུ་བདུན་པའི་མེ་སྤྲེལ། རྒྱུད་ལུགས་ས་ག་ཟླ་བའི་གྲལ་ཚེས་བཅོ་ལྔ་ནས་ཉིན་གྲངས་གསུམ་རིང་། རྟེན་གསུམ་བཤམས་བཀོད་མདུན་ཉེར་སྤྱོད་དངོས་འབྱོར་གྱི་མཆོད་པ་རྒྱས་པར་སྤྲོས་ཏེ། ཉིན་དང་པོ་སངས་རྒྱས་རབ་བདུན་གྱི་ཆོ་ག་སྔོན་དུ་བཏང་སྟེ། གཙོ་ཆེར་ཕྱི་ཉན་ཐོས་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། ཉིན་གཉིས་པར་ཉེ་སྲས་བརྒྱད་ཆོག་སྔོན་དུ་བཏང་སྟེ། གཙོ་ཆེར་ནང་བྱང་སེམས་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། ཉིན་གསུམ་པར་དཔལ་དགྱེས་པ་རྡོ་རྗེའི་ཆོ་ག་སྔོན་དུ་བཏང་སྟེ། གཙོ་ཆེར་གསང་བ་སྔགས་ཀྱི་ཐེག་པ་ལས་བརྩམས་པའི་ཆོས་བཤད། བགྲོ་གླེང་། རིགས་ལམ། གཞན་ཡང་སྨན་དང་རྩིས། སྒྲ་དང་སྙན་ངག བརྡ་སྤྲོད་སོགས་ཀྱི་བཤད་པ་དང་བགྲོ་གླེང་བཅས་དམ་པའི་ཆོས་ཀྱི་མཆོད་སྤྲིན་རྒྱས་སྤྲོས་ཀྱིས་སྟོན་པ་བླ་ན་མེད་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རྣམ་དཀར་ཚོགས་གསོག་དང་འབྲེལ་བའི་སངས་རྒྱས་ཀྱི་དུས་ཆེན་ཐེངས་གཉིས་པའི་མཛད་སྒོ་སྲུང་གཙི་གནང་ཡོད།” ཅེས་འཁོད་འདུག

IMG_0929

མཁན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཆེན་དང་འབྲེལ་ཏེ་སྟོན་པ་ཤཀྱཱ་ཐུབ་པར་ཆེ་བ་བརྗོད་དོན། “སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་རང་ཅག་ཚེ་ལོ་བརྒྱ་པའི་སེམས་ཅན་གྱི་དོན་དུ་དམིགས་བསལ་སྨོན་ལམ་བཏབ་པ་ལྟར། བསྐལ་པ་གྲངས་མེད་མང་པོའི་རིང་སེམས་ཅན་གྱི་དོན་ཤ་སྟག་མཛད། མཐར་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ཏེ། སེམས་ཅན་རང་རང་གི་སྐལ་བ་དང་། བསམ་པའི་ཁྱད་པར། དད་མོས་ཀྱི་ཉེར་ལེན་དང་འཚམས་པར་ཐབས་ལ་མཁས་པས་གདུལ་བྱ་ཐུན་མོང་གི་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་ལྷ་ཀླུ་སོགས་གནས་དང་རྟེན་མ་ངེས་པར་ཐུན་མིན་གསང་བ་སྔགས་ཀྱི་འཁོར་ལོས་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པའི་བཀའ་དྲིན་གྱི་ཚད་གཞལ་དུ་མ་མཆིས་པ་སྤྱི་དང་། བྱེ་བྲག་ཏུ་མཛད་པ་ཀུན་གྱི་མཆོག་གསུང་གི་མཛད་པ་ལ་བརྟེན་ནས། རྒྱ་གར་འཕགས་པའི་ཡུལ་དུ། ཤེས་རབ་དང་ཡེ་ཤེས། མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྤྲུལ་པའི་ཉན་ཐོས་དང་སྟོན་པའི་གཏད་རབས། ཡོངས་སུ་གྲགས་པ་དཔལ་ནཱ་ལེན་ཊའི་པཎ་གྲུབ་བཅུ་བདུན་སོགས་པཎྜི་ཏ་དང་གྲུབ་ཐོབ། གངས་ཅན་བོད་ཀྱི་ཡུལ་དུ་སྤྲུལ་པའི་ཆོས་རྒྱལ་དང་ལོ་པཎ་སོགས་བསྟན་པ་སྔ་ཕྱི་དར་གྱི་བཤད་སྒྲུབ་བསྟན་པའི་སྲོལ་འབྱེད་དང་རྒྱུན་འཛིན་མཁས་གྲུབ་དཔག་ཏུ་མེད་པ་བྱོན་པ་རྣམས་དང་། གཞན་ཡང་འཛམ་གླིང་ནང་པའི་རྒྱལ་ཁབ་མང་པོར་རྒྱལ་བསྟན་སྲོལ་འབྱེད་རྒྱུན་འཛིན་གྱི་མཁས་གྲུབ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་འབྱུང་ཁུངས་ནི་སྟོན་པ་བཀའ་དྲིན་ཅན་ཁོ་ན་ཡིན་ཞིང་། དེ་དག་ལ་བརྟེན་ནས་བཤད་སྒྲུབ་བསྟན་པའི་ཆུ་རྒྱུན་ཆད་པ་མེད་པས་འགྲོ་བ་སྤྱི་དང་ཁྱད་པར་འགྲོ་བ་མིའི་ལུས་སེམས་ཀྱི་གདུང་བ་སེལ་བའི་སྨན་དཀར་པོ་གཅིག་ཐུབ་ལྟ་བུ་ནང་པ་སངས་རྒྱས་པའི་ཆོས་ཞེས་ཡོངས་སུ་གྲགས་པའང་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་ཉག་གཅིག་ལས་བྱུང་བ་ཤ་སྟག་གོ།

IMG_0879

སངས་རྒྱས་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་སུམ་སྟོང་ཟིན་ལ་ཉེ་བའི་སྐབས་འདི་དག་ཏུའང་། ཤེས་ཡོན་དང་སྒྲིག་འཛུགས། ཚོང་ལས་དང་དཔལ་འབྱོར། འཆར་གཞི་དང་ལམ་ལུགས། ཁོར་ཡུག་དང་འཕྲོད་བསྟེན་སོགས་ངོ་མཚར་བ་དེང་རབས་ཡར་ཐོན་ཅན་གྱི་མི་རིགས་དང་རྒྱལ་ཁབ་ཏུ་བརྩི་འོས་པ་རྣམས་ཀྱང་ནང་སེམས་ཀྱི་ཞི་བདེ་དང་། མཛའ་མཐུན་མཉམ་གནས། དུས་བདེ་ཞོད་འཇགས་ཡང་དག་པ་ཞིག་ཡོང་བ་ལ། གཞན་གཅེས་འཛིན་དང་ཆོག་ཤེས་ཀྱི་ཀུན་སློང་། རྟེན་འབྱུང་གི་ལྟ་བ་དང་འཚེ་མེད་ཀྱི་སྤྱོད་པ་སོགས་སངས་རྒྱས་ཀྱི་གདམས་པའི་སྙིང་བཅུད་ཀྱི་ཤུགས་རྐྱེན་ལས་ཐབས་གཞན་མེད་པ་དངོས་མཐོང་ལག་ཟིན་དུ་གྱུར་དང་འགྱུར་བཞིན་པ་སོགས་གཉན་འཕྲང་ཅན་གྱི་དུས་འདིར་ཡང་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་ཚེ་སངས་རྒྱས་ཀྱི་གསུང་ལས་ལྷག་པའི་སྣོད་བཅུད་ལེགས་པར་འཚོ་བའི་སྨན་ཞིག་མེད་པ་དང་། སྒོས་སུ་དེང་རབས་དངོས་ཁམས་རིག་པས་དཔྱད་འབྲས་ཀྱི་རྙེད་དོན་ངོ་མཚར་དུ་བརྩི་བ་རྣམས་ཀྱང་སྟོན་པ་སངས་རྒྱས་ཀྱིས་ཀུན་རྫོབ་གཏན་ལ་ཕབ་པའི་ཆ་ཤས་ལས་བརྒལ་དུ་མེད་ཅིང་། དེར་བརྟེན་སྟོན་པ་བཀའ་དྲིན་ཅན་ནི་སེམས་ཁམས་དང་དངོས་ཁམས་ཀྱི་གནས་ཚུལ་དང་སྣང་ཚུལ་མཐའ་དག་གཏན་ལ་ཕབ་པའི་དོན་གྱི་ཚན་རིག་མཁན་པོ་ཞིག་ཏུ་གྱུར་ཡོད་སྟབས། དེང་རབས་ཚན་རིག་མཁས་པ་རྣམས་ཀྱང་འགྲམ་ཆུ་མི་ལྡང་ཀ་མེད་དུ་གྱུར་པར་བརྟེན། ཕྱི་དངོས་པོའི་རྗེས་ལུས་ཧ་ཅང་ཆེ་བའི་རང་ཅག་བོད་ནང་པ་སངས་རྒྱས་པའི་ཡུལ་སྲོལ་གོམས་གཤིས་དང་བཅས་པར་སྔོན་ཐོན་རྒྱལ་ཁབ་ཀྱི་མི་རིགས་མང་པོས་མཐོང་ཆེན་དང་བརྩི་བཀུར་བྱུང་དང་འབྱུང་བཞིན་པའང་སྟོན་པ་སངས་རྒྱས་ཀྱི་བཀའ་དྲིན་གྱི་རྒྱ་ལས་འདའ་བ་མེད་པའི་དན་རྟགས་ཤིན་ཏུ་གསལ་བ་དང་། རང་ཅག་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་འཛམ་གླིང་ཕྱོགས་གང་སར་འཁོད་པའི་སྐྱེ་བོ་རྣམས། མི་རིགས་གཞན་དང་བསྡུར་ཚེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས། བླང་དོར་གྱི་ཤན་འབྱེད་པ་ལ་མི་རྨོངས་པ། གཞན་ཕན་དང་བྱམས་བརྩེའི་རིན་ཐང་ངོ་ཤེས་པ། ཕ་མ་དང་སློབ་དཔོན་སོགས་ལ་དྲིན་ལན་འཇལ་རྒྱུའི་གོམས་ཤིས་ཡོད་པ། ཚེ་འདིའི་དཔལ་འབྱོར་དང་མངའ་ཐང་གི་སྙིང་པོ་ལེན་ཤེས་པ་སོགས་མདོར་ན་འཕྲལ་ཕུག་དགེ་ལེགས་ཀྱི་ཕུང་པོ་མཐའ་དག་གི་འབྱུང་ཁུངས་སྟོན་པ་བཀའ་དྲིན་ཅན་རྫོགས་པའི་སངས་རྒྱས་ཉག་གཅིག་ལས་མེད།” ཅེས་སོགས་འཁོད་འདུག

IMG_0078 IMG_0487 IMG_0901 IMG_9924 IMG_9786 IMG_0389

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༥ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 1

  1. གསེར་རྟའི་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 7 སྔོན།

    རང་གཞན་མཁས་མང་རི་ཀླུང་འཁྲིགས་པའི་དབུས། །
    བཀའ་དང་དགོངས་འགྲེལ་བརྒལ་དཀའི་ཐང་ཆེན་པོར། །
    ཕྲ་ཞིབ་རིགས་འཕྲུལ་གསང་བའི་རྩལ་འགྲན་པ། །
    སྟོན་པ་གཏིང་ནས་དགྱེས་པའི་བསྟན་འཛིན་ཡིན། །

    ཚིག་གི་གོ་བ་ནམ་མཁའི་མཐོང་ལྟར་ཡངས། །
    དོན་གྱི་ཞིབ་ཆ་ཀུ་ཤའི་རྩེ་ལྟར་ཕྲ། །
    རིགས་པས་གཏད་སོ་གྲུབ་མཐའི་རྫོང་ལ་འཕྲུལ། །
    ཐུབ་བསྟན་མི་འགྱུར་སྲོག་གི་ཀ་བ་ཡིན། །

    འཆད་ན་བློ་ཡི་རྦ་རླབས་དགུང་དུ་འཕྱུར། །
    རྩོད་ན་དུས་མཐའི་མེ་དཔུང་ཟིལ་གྱིས་གནོན། །
    རྩོམ་ན་བདུད་རྩིའི་དྲི་བསུང་འཇོ་བའི་སྤྲིན། །
    དཔྱོད་ལྡན་བློ་གསལ་སྙིང་གི་ལྕགས་ཀྱུ་ཡིན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist