མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུས་སྦྱོར་དང་རྟག་སྤྱོར་གྱི་བརྩོན་པ་བསྟེན་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སློབ་བུ་བསྟན་འཛིན་ནམ་མཁའ་ལགས་ཀྱིས་བརྩམས་པའི་<<ཕ་མའི་བརྩེ་སེམས་>>ཞེས་པའི་སྙན་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དབུ་འབྱེད་གནང་སོང་། རྩོམ་པ་པོས་ངོ་སྤྲོད་གནང་བར། དེབ་དེ་ཁོ་རང་ཆུང་དུས་ནས་བྱམས་སྐྱོང་གནང་མཁན་ཕ་མ་གཉིས་ལ་བཀའ་དྲིན་རྗེས་དྲན་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་ཚོར་སེམས་ཤུགས་སྤེལ་ཆེད་ཡིན་སྐོར་བརྗོད་སོང་།

tibettimes

བསྟན་འཛིན་ནམ་མཁའ་ལགས་ཀྱིས་བརྗོད་དོན། ང་རང་ལ་སྙན་རྩོམ་འབྲི་བའི་ཚོར་བ་ཐོག་མ་དེ་ཁོ་རང་ཆུང་དུས་ནས་ལྷན་སྐྱེས་སུ་ཡོད་པ་ཞིག་དང་། དམིགས་བསལ་འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་རྩིས་ཁང་མཐོ་སློབ་ཏུ་ཡིག་ཚད་གཏོང་སྐབས་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད་ཀྱང་། རྒྱུགས་འབྲས་ནང་རྩོམ་རྒྱུགས་ཕྱོགས་ནས་ཨང་གཉིས་པ་མ་གཏོགས་རག་མེད་སྟབས། ཅུང་བློ་ཕམ་དང་སེམས་ཤུགས་ཆགས་པ་དང་། སྐབས་དེར་ཁོ་བོར་བོད་ཡིག་གལ་ཆེན་ཡིན་པ་དང་ལྷག་པར་དུ་རྩོག་རིག་གལ་ཆེན་ཡིན་པའི་ངེས་ཤེས་སྐྱེས་ཡོད་པ་དང་། ཕྱིས་ཀྱི་ལོ་ངོ་བཞི་ལྷག་རིང་སོ་སོའི་བོད་ཡིག་ཡར་རྒྱས་ཅུང་བཏང་བ་དང་བསྟུན་ནས་དཔེ་དེབ་ཅིག་རྩོམ་པའི་འདུན་སྐྱེས་སོང་། ཞེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཁ་ཅིག་གིས་བོད་སྐད་ཡིག་ཡར་རྒྱས་འགྲོ་གི་མི་འདུག་ཅེས་དང་། ཡང་ཁ་གཅིག་གིས་སྔར་ལས་ཡར་རྒྱས་ཆེན་པོ་འགྲོ་འདུག་ཅེས་གསུང་གི་ཡོད་པ་རེད། དེ་ཚོ་ཚང་མ་སོ་སོའི་ལྟ་སྟངས་ཐད་ནས་ཕྱོགས་གཉི་གར་བདེན་པའི་ཆ་རེ་ཡོད་པ་ཞིག་ཆགས་འདུག ཉེ་བའི་ཆར་ནས་བསམ་བློ་བཏང་ན། ཕྱོགས་མང་པོ་ཞིག་ནས་སློབ་སྦྱོང་གི་གོ་སྐབས་དང་དཔལ་འབྱོར་མཐུན་རྐྱེན་སོགས་ཡར་རྒྱས་འགྲོ་བཞིན་པའི་བཟོ་ལྟ་ཞིག་མཐོང་གི་འདུག་ལ། མི་རབས་རྒན་པ་ཚོའི་བསླབ་བྱ་བསྐྱོན་པར་བརྟེན་ནས་སྔ་རྗེས་སུ་མི་རབས་གསར་བ་ཚོས་སྙན་རྩོམ་འབྲི་བ་དང་དཔེ་དེབ་འདོན་པའི་སེམས་ཤུགས་འཕར་བཞིན་ཡོད་པ་ལྟར། ད་རེབ་བསྟན་འཛིན་ནམ་མཁའ་ལགས་ཀྱི་དཔེ་དེབ་དང་པོ་དཔར་སྐྲུན་ཞུས་ཡོད་པ་དང་། དཔེ་དེབ་དང་པོ་ཟེར་དུས་དཔེ་དེབ་གཉིས་པ་ཞིག་ཀྱང་ཡོད་ཤག་ཤག་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ང་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ནའང་སྔོན་གྱི་སྐྱེས་ཆེན་དམ་པ་ཚོའི་ཕྱག་ལས་གནང་སྟངས་ལ་ལྟ་དགོས་དེ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། བརྩོན་འགྲུས་དང་དཀའ་ལས་མུ་མཐུད་རྒྱག་དགོས། གང་ཡིན་ཟེར་ན། དཀའ་ལས་ཁག་ཤོས་དེ་ཆུ་ཚོད་ཐུང་ཐུང་རིང་ཤུགས་རྒྱག་རྒྱུ་དེ་མ་རེད། ཡིག་རྒྱུགས་སྐབས་སུ་ཚང་མས་དཀའ་ལས་རྒྱག་གི་ཡོད་པ་རེད། ཡིན་ནའང་དུས་ཚོད་རིང་པོར་དཀའ་ལས་ཤུགས་ཆེན་པོ་བརྒྱབ་སྟེ། གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ག་བསྟེན་པ་ཡིན་ན། ལས་ཀ་ག་རེ་བྱས་པ་ཡིན་ནའང་ཏན་ཏན་ལས་ཀྱི་རྣམ་པར་སྨིན་པ་ཡིན་ན་མ་གཏོགས་གྲུབ་འབྲས་མི་སྨིན་པ་དེ་འདྲ་སྲིད་ཀྱི་མ་རེད། ཅེས་སོགས་གསུངས་སོང་།

<<ཕ་མའི་བརྩེ་སེམས་>>ཞེས་པའི་དཔེ་དེབ་དེའི་ནང་རང་མོས་སྙན་ངག་དང་ཚིག་བཅད་སྙན་ངག བརྩམས་སྒྲུང་བཅས་ཚན་པ་ ༣ དང་ཤོག་ངོས་ ༡༡༣ ལས་གྲུབ་ཡོད་པ་དང་། བརྩམས་སྒྲུང་དེ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ཡོད་པ་། ནང་དོན་གཙོ་བོ་ཕ་མའི་བྱམས་བརྩེ་གལ་འགངས་ཆེ་བའི་སྐོར་ཡིན་ཞིང་། རྩོམ་པ་པོ་ཁོ་རང་ལ་མཚོན་ན་ཚན་པ་གསུམ་གྱི་གྲས་ནས་རྩོམ་ཡིག་ལེགས་ཤོས་དེ་ཚིག་བཅད་སྙན་ངག་དང་དེའི་འགྲེལ་བའི་སྐོར་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese