མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་རིའི་གཏེར་ཁ་སྲུང་སྐྱོབ་པ་དྲུག་བདུན་ཞིག་སྨན་ཁང་དུ་བསྐྱལ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བླ་རིའི་གཏེར་ཁ་སྲུང་སྐྱོབ་པ་བོད་མི་དྲུག་བདུན་ཞིག་ལ་གཅར་རྡུང་ཚབས་ཆེན་བཏང་སྟེ་སྨན་ཁང་དུ་འཁྲིད་དགོས་བྱུང་ཡོད་འདུག

13336114_955352441229483_5618046117230019814_nཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནས་བཟུང་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་བླ་རིའི་གཏེར་ཁ་སྔོག་འདོན་ལ་འགོག་རྒོལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཏེ་ཉིན་གྲངས་བཞི་འགྲོ་བཞིན་ཡོད་པ་ལྟར། སུད་སིར་གནས་སྡོད་བོད་མི་ཡུམ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཞོགས་པར་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྣེ་ཁྲིད་པ་ཚོའི་གཙོས་བོད་མི་དྲུག་ལ་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་ཚབས་ཆེན་བཏང་རྗེས་སྨན་ཁང་དུ་ཁྲིད་ཡོད་པ་དང་། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་།  དེ་རིང་ཨ་མཆོག་ཡུལ་ཚོའི་ཚོང་ཁང་དང་ཟ་ཁང་ཡོད་ཚད་སྒོ་བརྒྱབ་སྟེ་སྲང་ལམ་གྱི་འགོ་མཇུག་གང་སར་དྲག་ཆས་ཉེན་རྟོག་པས་དམ་སྲུང་ནན་མོ་བྱེད་ཀྱི་འདུག དེ་རིང་ཞོགས་པར་བྱུང་བའི་དོན་རྐྱེན་དེས་ས་གནས་མི་མང་ལ་ཕོག་ཐུག་ཆེན་པོ་བཟོས་པས་མི་མང་གི་འདུ་འཛོམས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།

བླ་རིའི་གཏེར་ཁ་སྲུང་སྐྱོབ་པ་ཚོས་ས་གནས་སྲིད་གཞུང་ལ་འབོད་སྐུལ་སྙན་ཞུ་ཞིག་སྤྲད་པའི་ནང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་སྒོས་སྐྱེས་ཁམས་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་གཙིགས་སུ་བཟུང་སྟེ་ལས་འགུལ་སྤེལ་བ་ནི་དོན་དངོས་བཤད་ན་གནས་ལུགས་དང་མཐུན་པ་མ་ཟད། དམངས་ཁྲིམས་སྲིད་ཁྲིམས་ཉེས་ཁྲིམས་གང་དུའང་མ་འགལ་བའི་ཁྲིམས་མཐུན་ལས་འགུལ་ཞིག་ཡིན་ཟེར། དེ་རིང་ཕྱི་བཞུགས་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༥ བའི་ཚེས་ ༣༡ ཉིན་མདོ་སྨད་ཨ་མཆོག་གི་ཡུལ་མི་ ༣༠༠ ཙམ་བདེ་མོ་ཐང་དུ་འཛོམས་ནས་སྤྱི་བསང་བཏང་རྗེས། ལོ་ངོ་བཅུ་ཕྲག་ལྷག་རིང་རྒྱ་ནག་གི་གཏེར་འདོན་ཚན་ཁག་གིས་ཁོར་ཡུག་འབག་བཙོག་བཟོས་རྐྱེན་དུ་གྱུར་བའི་རང་བྱུང་ཁམས་ཀྱི་ཉིང་བཅུད་འབྲུ་བཞིན་པ་ལྟར། ཨ་མཆོག་གི་ཚོ་བ་བརྒྱད་ཀྱི་དགོན་གྲོང་ཀུན་གྱིས་མཆོད་བཀུར་བྱེད་པའི་བླ་རིའི་གཏེར་ཁ་བརྐོས་སྟབས། རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཚད་མེད་དང་ཆག་སྒོ་ཉམས་ང་བ་བཟོས་པར་མི་མང་གི་མིག་གིས་བཟོད་པར་འཕྲེད་དར་དམར་པོའི་སྟེང་ཨ་མཚོག་བླ་རིའི་གཏེར་ཁ་སྔོན་འགོག་ཅེས་བྲིས་ཏེ་ཞི་བའི་གོམ་བགྲོད་ཀྱིས་ཡུལ་དངོས་སུ་འབྱོར་མ་ཐག ཉེན་རྟོག་དམག་མི་མང་པོ་འབྱོར་བ་མ་ཟད། ཉེན་རྟོག་དམག་གི་རླངས་འཁོར་ཆེ་འབྲིང་མང་བོ་བང་བསྒྲིགས་ཏེ་ཞི་རྒོལ་མི་མང་ལ་འཇིགས་སྐུལ་བྱས་ཀྱང་། ཉེན་རྟོག་པའི་མདུན་དུ་ས་གནས་ཡུལ་མི་ཚོའི་སྤོབས་པ་མ་ཉམས་པར། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་སྒོས་སྐྱེས་ཁམས་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་གཙིགས་སུ་བཟུང་སྟེ་ལས་འགུལ་སྤེལ་བ་ནི་དོན་དངོས་བཤད་ན་གནས་ལུགས་དང་མཐུན་པར་མ་ཟད། དམངས་ཁྲིམས་སྲིད་ཁྲིམས་ཉེས་ཁྲིམས་གང་དུའང་མ་འགལ་བའི་ཁྲིམས་མཐུན་ལས་འགུལ་ཞིག་ཡིན་པ་བསྙོན་དུ་མེད། དེར་བརྟེབ་ང་ཚོས་ལས་འགུལ་འདི་སྤེལ་བ་ཡིན། དེ་རིང་ཉིན་གང་བོར་འཚེ་མེད་དང་དྲང་བདེན་གྱི་ཐོག་ནས་རེ་སྐུལ་ཞུས་པ་ཡིན་ལ། ཉིན་གང་བོར་ཨུ་ཐུག་ཐབས་ཟད་ཀྱིས་སྡུག་སྨྲེ་བཏོན་པ་ཡིན། གཏེར་ཁ་འདིའི་ཆེད་དུ་ཡུལ་མི་གཉིས་ཀྱི་ཚེ་སྲོག་ཤོར་མྱོང་ལ་། ནན་འབད་དང་ཁྱུང་རི་ཐང་། རེབ་ཚ་མདོ། བན་ཁུ་སོགས་ཀྱི་བར་ལ་ནང་འཁྲུག་ཕྱོགས་ལངས་རབ་དང་རིམ་པ་མང་པོ་བྱུང་མྱོང་། འདི་ནི་སྤྱི་ཚོགས་འཆམ་མཐུན་ལ་གཏོར་བརླག་དང་རུ་སྡེ་ཡུལ་ཕྱོགས་བར་འགལ་བ་བཟོ་བའི་རྒྱུ་རྐྱེན་དུ་གྱུར་ཡོད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese