མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩམ་ཟན་རུས་པའི་ཞེན་ཁོག

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་<<རྩམ་ཟན་རུས་པའི་ཞེན་ཁོག་>>ཅེས་པའི་དེབ་ཅིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དཔར་བསྐྲུན་འགྲེམས་སྤེལ་གནང་འདུག

IMG_1768དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་<<རྩམ་ཟན་རུས་པའི་ཞེན་ཁོག་>>ཅེས་པའི་ཁོང་གི་མི་ཚེའི་འཐབ་རྩོད་དང་འབྲེལ་བའི་ལོ་རྒྱུས་དཔེ་དེབ་ཅིག་དཔར་བསྐྲུན་དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཕེབས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ཀྱི་མི་ཚེའི་ལོ་རྒྱུས་དཔེ་དེབ་དེ་དཔར་བསྐྲུན་དབུ་འབྱེད་ཀྱི་དགོས་དམིགས་སྐོར་ལ་བརྗོད་དོན། ད་ལྟའི་བར་དུ་ང་ཚོའི་ཚོགས་པའི་ངོས་ནས་བོད་ཀྱི་ཆབ་སྲིད་ལོ་རྒྱུས་དེ་ཧ་ཅང་གལ་འགེངས་ཆེན་པོར་བཟུང་སྟེ་འདས་པའི་མི་ལོ་ ༢༠ ཙམ་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོའི་མི་ཚེ་ལོ་རྒྱུས་མང་པོ་ཞིག་བོད་དབྱིན་སྐད་ཡིག་གཉིས་ནང་དཔར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་ལྟར། ད་ལན་ཡང་ང་ཚོས་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུག་ཚོགས་ལགས་ཀྱི་མི་ཚེ་ལོ་རྒྱུས་དཔེ་དེབ་ཅིག་བདེ་སྲུང་ལས་ཁུངས་ཀྱི་ཆོག་མཆན་འོག་དཔར་བསྐྲུན་དབུ་འབྱེད་བྱས་པ་ཡིན་ལ། ལོ་རྒྱུས་དཔེ་དེབ་དེ་དཔར་བསྐྲུན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་སྐུ་ངོ་མཆོག་ཆེད་འབོད་བྱེད་དོན་ནི། འདས་པའི་མི་ལོ་མང་པོའི་རིང་ལ་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་དང་སྐུ་ངོ་མཆོག་རྣམ་གཉིས་ནས་བདེ་སྲུང་ལས་ཁུངས་དང་། བོད་ཕྱི་ནང་གི་སྤྱི་སྒེར་གཉིས་ཀྱི་ལས་དོན་གང་ཐད་ཐོག་ཕྱག་ལས་ཡུན་རིང་གནང་མྱོང་ཡོད་སྟབས། སྐུ་ངོ་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱིས་བོད་དོན་ཐོག་འཛིན་པའི་ཞེན་ཁོག་དང་ལྷག་བསམ། ཁོང་གིས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་ག་ཚོད་གནང་ཡོད་མེད་ལ་རྒྱུས་མྱོང་ཆེན་པོ་ཡོད་སྟབས། དེ་རིང་སྐུ་ངོ་མཆོག་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱི་མི་ཚེ་ལོ་རྒྱུས་དཔར་བསྐྲུན་དབུ་འབྱེད་དུ་གདན་ཞུ་ཞུས་པ་ཡིན། ང་ཚོའི་ཚོགས་པའི་ངོས་ནས་བོད་ཀྱི་ཆབ་སྲིད་བཙོན་པའི་མི་ཚེ་ལོ་རྒྱུས་གལ་ཆེན་དུ་འཛིན་པའི་རྒྱུ་མཚན་ནི། བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་གིས་སོ་སོའི་མི་ཚེའི་ནང་དངོས་མྱངས་བྱུང་བའི་རྒྱ་ནག་གཞུང་གི་ཆབ་སྲིད་སྲིད་ཇུས་འོག་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ག་ཚོད་གཏོང་གི་ཡོད་མེད་དང་། ཕྱི་ནང་བོད་མིའི་ཞེན་ཁོག་དང་བློ་སྤོབས། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་བྱེད་པ་སོགས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་གནས་སྟངས་མང་པོ་ཞིག་སོ་སོའི་མི་ཚེ་ལོ་རྒྱུས་ནང་འཁོད་ཀྱི་ཡོད་པས་ཡིན། བོད་ཀྱི་ཆབ་སྲིད་བཙོན་པའི་དངོས་མྱངས་མི་ཚེ་ལོ་རྒྱུས་བརྒྱུད་ནས་ང་ཚོས་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་ཀྱི་འགྱུར་ལྡོག་མང་པོ་ཞིག་ཧ་གོ་བར་ཕན་ཐོག་གི་རེད་བསམ་གྱི་ཡོད་ལ། ད་ལན་གྱི་ལོ་རྒྱུས་དཔེ་དེབ་འདི་གཅིག་པུ་ཙམ་མིན་པར་འཆར་ཟླ་བདུན་པའི་ནང་<<ཉིན་ཞག་ལྔ་བཅུ་ལྔ་བཞི་>>ཞེས་པའི་བོད་ནང་གི་དངོས་བྱུང་ལོ་རྒྱུས་དཔེ་དེབ་ཅིག་དང་། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་གཉིས་ཀྱི་གནད་དོན་ཐོག་ལ་ལས་གཞི་མང་པོ་ཞིག་བང་སྒྲིག་ནས་འགྲོ་བཞིན་ཡོད་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས། འཕྲིན་ལས་ཕུགས་ཚོགས་ཁོང་ནི་ཤེས་མྱོང་ལྷག་བསམ་གྱིས་རབ་ཏུ་ཕྱུག་ཅིང་། བོད་དང་བོད་མིར་གཞེན་དཀར་པའི་རྒྱལ་གཅེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བདེ་སྲུང་ལས་བྱེད་ཟུར་བ་ཡིན་པ་དང་། འཕྲིན་ལས་ཕུགས་ཚོགས་ལགས་དང་ང་གཉིས་སྤྱི་སྒེར་གཉིས་ཐད་ནས་ལོ་མང་སྔོན་ནས་ངོ་ཤེས་རྒྱུས་འདྲིས་འཐབ་གྲོགས་རྙིང་བ་ཞིག་ཡིན་ལ། རང་ཉིད་བོད་དུ་གཞུང་དོན་གསང་སྟབས་སུ་བསྐྱོད་སྐབས་ཁོང་གིས་ཉེན་གཟོན་སྤངས་ནས་བདེན་དོན་ཆེད་བློས་གཏོང་ཆེན་པོས་མཐུན་འགྱུར་རོགས་འདེགས་གནང་བ་ནམ་ཡང་བརྗེད་མེད་དྲན་བཞིན་ཡོད། དེང་སྐབས་ཁོང་གི་དགུང་ནའི་བབ་དང་ཡུན་རིང་བསྙུན་བཞེས་ཀྱིས་སྐུ་གཟུགས་གནས་སྟངས་ཞན་ཡང་གཙོ་བོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་། རང་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ལོ་རྒྱུས་དངོས་ཤོས་ཤེས་རྟོགས་ཐུབ་པ་དགོས་རྒྱུ་གལ་ཆེར་གཟིགས་ཏེ་སྐུ་ངལ་འཛེམས་མེད་ཀྱིས་ཁོང་དང་ཁོང་གི་སྐུ་ཟླ་ཚེ་རིང་སྒྲོལ་དཀར་ལགས་སོགས་ནང་མི་ཡོངས་ལ་རྒྱ་གཞུང་གིས་མནར་གཅོད་འོག་དཀའ་སྡུག་ཇི་འཕྲད་ཀྱི་ལོ་རྒྱུས་དེབ་གཟུགས་<<རྩམ་ཟན་རུས་པའི་ཞེན་ཁོག་>>ཅེས་པ་ཕྱོགས་སྒྲིག་གནང་ཐུབ་པར་ལེགས་གསོལ་ཞུ་རྒྱུ་ཡིན། འཕྲིན་ལས་ཕུན་ཚོགས་ལགས་ཀྱིས་བོད་ནང་དུས་འགྱུར་མ་བྱུང་གོང་སློབ་སྦྱོང་ཇི་གནང་ལས་འཕྲེས་ཏེ་བོད་ནང་གི་གཞུང་སྒེར་སློབ་གྲྭ་ཁག་གི་གནས་སྟངས་སྤྱི་དང་། ཨིན་ཡིག་སློབ་གྲྭའི་གནས་སྟངས་སྐོར། ༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་ཞབས་ཞུ་ཇི་ཞུས། ལྷག་པར་ཕྱི་ལོ་ ༡༩༥༩ ལོའི་སུམ་ཅུའི་དུས་དྲན་གྱེན་ལངས་ནང་མཉམ་ཞུགས་བྱས་པར་རྒྱ་གཞུང་གིས་ཁོང་གི་ཡབ་དམ་པ་དང་མཉམ་དུ་འཛིན་བཟུང་གིས་ནོར་བུ་གླིང་ཁར་ངལ་རྩོལ་སྒྱུར་བཀོད་ཀྱི་དཀའ་སྡུག་ཇི་འཕྲད། ལྷོ་ཁ་ལྕགས་རྩེ་གྲི་གུ་ཐང་དུ་བོད་ཆོལ་གསུམ་བསྟན་སྲུང་དང་བླངས་དམག་སྒར་གྱི་སྐོར། རྒྱལ་ཕུང་དམངས་གནོད་ཀྱི་ལས་འགུལ“རིག་གནས་གསར་བརྗེའི”སྐབས་སུ“གཅིག་རྡུང་གསུམ་རྒོལ”དང“སློབ་གསོ་ཆེན་པོ་གསུམ” “གནོད་འཚེ་ཆེན་པོ་བཞི་རྩ་མེད་གཏོང་བ” “རྙིང་བཞི་རྩ་གཏོར”སོགས་དོན་དངོས་ཐོག་རིན་ཐང་གཞལ་དུ་མེད་པའི་རྒྱ་བོད་མཁས་པས་ལྗགས་རྩོམ་གནང་བའི་གསུང་རབས་གླེགས་བམ་རྩ་ཆེན་ཁག་དང་། ལོ་རྒྱུས་ཡིན་རིང་ལྡན་པའི་བྱིན་ཅན་དགོན་སྡེ་གྲྭ་ཚང་ཁག་གི་རྟེན་དང་རྟེན་པ་བཅས་པ་གཏོར་བཤིག་བཏང་ཁོངས་རིན་ཆེན་དང་གཉིས་ལས་སྒྲུབ་པའི་སྐུ་བརྙན་རྒྱ་ནག་ལ་ནང་འདྲེན་གྱིས་མཚོན་ཆ་བཟོས་སྐོར་དངོས་མཐོང་གནས་ཚུལ། དུས་ལོག་བྱུང་རྗེས་རྒྱ་གཞུང་གིས་ཡོངས་འཛིན་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་དང་ཡོད་འཛིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་གཞི་མེད་མཚན་སྨད་འགྲེམས་སྟོན་དྲིལ་བསྒྲགས་ཇི་བྱས། དུས་འགྱུར་སྐབས་བར་ཁ་ཆེ་དང་། ཝ་པ་གླིང་གི་ཁ་ཆེའི་གནས་སྟངས་སྤྱི་དང་མཇུག་འབྲས་ཅི་བྱུང་། རྒྱལ་གཅེས་འཐབ་གྲོགས་ལྷན་དུ“གུང་རྒོལ་ཚོགས་པ”བཙུགས་ཀྱང་གསང་བ་ཕྱི་གྱར་གྱིས་དེང་དུས་གསར་བརྗེར་ངོ་རྒོལ་བའི་ཚོགས་པ་འཛུགས་མཁན་གྱི་ཉེས་མིང་འོག་བཙོན་བཅུག་གི་དཀའ་སྡུག་ཇི་འཕྲད། རྒྱ་གཞུང་གི་བཙོན་ཁང་དོ་དམ་པས་བཙོན་པའི་རྒྱུ་དངོས་ཧམ་འཁྱེར་གྱི་ལྐོག་ཟའི་གནས་ཚུལ། བུད་མེད་བཙོན་པར་བཙན་གཡེམ་བྱས་ཚུལ་སོགས་བཙོན་ཁང་ནང་གི་གནས་བབ་དང་། སྙིང་སྟོབས་ཞུམ་པ་མེད་པར་རྒྱལ་གཅེས་འཐབ་གྲོགས་རབ་སྒང་མགོན་པོ་བསོད་ནམས་སོགས་རྒྱལ་གཅེས་བ་ཁག་ནས་ཞུམ་མེད་སྙིང་སྟོབས་རི་རྒྱལ་ལྷུན་པོ་ལྟར་གནས་བས་གསང་ཡིབ་བཙོན་ཁང་ནང་དུ་རྒྱལ་གཅེས་ཚོགས་པ་གསང་མིང་ལ“གཅཚ”དང་ཚོགས་པའི་མིང་ཆ་ཚང་ལ“རྒྱལ་གཅེས་ཚོགས་པ”ཞེས་པ་བཙུགས། གུ་ཡང་སྲིད་བྱུས་འོག་བཙོན་གྲོལ་གོ་སྐབས་བྱུང་འཕྲལ་སྤྱི་ཚོགས་ནང་ ༡༩༨༣ ལོར“རྫུན་གཏམ་གྱི་ཡོལ་བ་ཕྱེ་བའི་དྲང་གཏམ་གསེར་གྱི་དབྱུག་པ”ཞེས་པའི་ཡིག་ཆ་དཔར་འགྲེམས་བྱས་པ་སོགས་བཙོན་གྲོལ་རྗེས་ཀྱང་མངོན་གསལ་དང་མངོན་པར་མི་གསལ་བའི་ཐོག་ནས་རྒྱལ་གཅེས་ཕྱག་ལས་ཧ་ལས་པ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༤ ལོར་བྱེས་སུ་བཙན་བྱོལ་ལ་ཕེབས་བཞུགས་ཀྱིས་མུ་མཐུད་རྩ་དོན་བསྒྲུབ་ཐུབ་སུ་བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་སྲི་ཞུ་ལས་བྱེད་ཁོངས་འཛུལ་ཞུགས་ཀྱིས་ཞབས་ཞུ་ཧུར་ཐག་ཞུས་ཡོད་པ་སོགས་ད་བར་བོད་དང་བོད་མིའི་རྩ་དོན་སླད་ལེགས་སྐྱེས་མང་པོ་ཕུལ་ཡོད་པ་བཅས་དེབ་དེའི་ནང་ཁ་གསལ་འཁོད་འདུག་པས། ཕྱི་རབས་གཞོན་སྐྱེས་ཚོས་བྱས་ཅན་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་སློབ་སྦྱོང་གིས་ལེགས་ཆ་བླངས་ཏེ་བོད་སྤྱི་དོན་ཆེད་ལག་ལེན་དངོས་ཀྱི་ཐོག་འགེལ་ཐུབ་པའི་གཞེན་སྐུལ་གཏོང་གི་སྐོར་སོགས་བརྗོད་སོང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕྲིན་ལས་ཕུན་ཚོགས་ལགས་ཀྱི་<<རྩམ་ཟན་རུས་པའི་ཞེན་ཁོག>>ཅེས་པའི་ཁོང་གི་དཀའ་སྡུག་གི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་དཔེ་དེབ་འདི་ལ་ལེའུ་ ༣༠ དང་ཤོག་ངོས་ ༣༦༨ གྲུབ་ཅིང་། རྒྱབ་ངོས་སུ་ཁོང་གི་མི་ཚེ་ལོ་རྒྱུས་སྙིང་བསྡུས་སུ་འཁོད་པའི་ནང་། གླིང་བླ་བྲང་གི་ཡིག་འབྲིའི་ཞབས་ཞུ་ཟུར་བ་འཕྲིན་ལས་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༣༤ ལོར་ལྷ་ལྡན་ཞིང་མཆོག་ཏུ་ཕ་བསོད་ནམས་སྟོབས་རྒྱས་དང་མ་དྲུང་ལྷ་མོ་གཉིས་སུ་བཙས་ཤིང་། རང་ལོ་ ༩ ནས་རྒྱུད་སྟོད་དྲུང་ཡིག་བློ་བཟང་ཕུན་ཚོགས་ཀྱི་དྲུང་དུ་ཀ་མད་སུམ་ཅུ་ནས་སློབ་འགོ་ཚུགས། ཕྱི་ལོ་ ༡༩༤༤ ལོར་བོད་གཞུང་གིས་ལྷ་ས་དྲུང་ཆེ་གླིང་ཁར་ཆེད་འཛུགས་དབྱིན་ཡིག་སློབ་གྲྭར་སློབ་ཞུགས་བྱས། ཕྱི་ལོ་ ༡༩༤༦ ལོར་ནང་རོང་ཤག་སློབ་གྲྭའི་དགེ་བའི་བཤེས་གཉེན་འཚོ་བྱེད་ལྷུན་གྲུབ་དཔལ་འབྱོར་དྲུང་དུ་ལོ་ཤས་སློབ་སྦྱོང་དང་། དེའི་རྗེས་སློབ་གྲྭ་དེར་སློབ་ཞུགས་བྱས་ཏེ་ཕྱི་ལོ་ ༡༩༥༣ བར་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༦༧ ལོར་འཕན་པོ་རྒྱལ་གཉེར་ཞིང་རའི་འཐབ་གྲོགས་ཁག་ཅིག་དང་ལྷན་དུ“གུང་རྒོལ་ཚོགས་པ”བཙུགས། ཚོགས་གནས་ཕྱི་གྱར་གྱིས་ཕྱི་ལོ་ ༡༩༧༠ ལོར་བཙོན་འཇུག་བྱས་ཏེ་བཀག་བསྐྱིལ་ཁང་དང་། དམག་སྒར་བཙོན་ཁང་། དགུ་ཚ་བཙོན་ཁང་། ཨུ་ཀྲི་ཏུད་སོགས་སུ་རྒྱ་དམར་གྱི་མནར་གཅོད་དྲག་པོ་མྱོང་དགོས་བྱུང་། ཕྱི་ལོ་ ༡༩༧༤ ལོར་རབ་སྒང་མགོན་པོ་བསོད་ནམས་དང་ལྷན“རྒྱལ་གཅེས་ཚོགས་པ”བཙུགས། ཕྱི་ལོ་ ༡༩༨༣ ལོར་འབྲེལ་ཡོད་ཚོགས་མི་འགའ་བཙོན་འཇུགས་བྱས་པ་དང་། ཁོང་ཡང་བཙོན་འཇུག་བྱེད་ཉེར་བརྟེན། གཉེན་འཕྲད་འགྲོ་འོང་གི་གོ་སྐབས་བརྒྱུད་ནས་ཕྱི་ལོ་ ༡༩༨༤ ལོར་རྒྱ་གར་དུ་འབྱོར་ཏེ། ཕྱི་ལོ་ ༢༠༠༨ བར་བདེ་སྲུང་ལས་ཁུངས་ཀྱི་གཞོན་དྲུང་ནས་ལས་དྲུང་བར་རང་གཞུང་གི་སྲི་ཞུ་བསྒྲུབས་མྱོང་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese