མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་པ་ཞིག་གསང་བའི་ཐོག་ནས་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་གཙོ་བོ་ཡིན་པའི་ཉེས་མིང་འོག་ལོ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་གསང་བའི་ཐོག་ནས་ཀློད་གྲོལ་བཏང་ཡོད་འདུག

13413985_1306761496006032_734032248_nའདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༩ ཉིན་འབའ་རྫོང་གཙང་དགོན་པ་རུ་སེར་སྐྱ་མང་པོས་བོད་ཀྱི་རྒྱལ་དར་ཕྱར་ཏེ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་ཞི་རྒོལ་བ་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ལྟར། སྐབས་དེར་གཙང་དགོན་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཏེ་ཟླ་བཞི་ལྔ་ཞིག་ལ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་ཞི་རྒོལ་གྱི་སྣེ་འཁྲིད་པ་གཙོ་བོ་ཡིན་པའི་ཉེས་མིང་འོག་ཁོང་ལ་ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ལོ་གཅིག་ཆག་ཡང་བཏང་སྟེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཙམ་ལ་ཀློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་ཁོང་གི་ཁྱིམ་མི་གཉེན་འབྲེལ་དང་ས་གནས་བོད་མི་ཚོར་ཁོང་ལ་ཕེབས་བསུ་དང་མཇལ་དར་བསྒྲོན་དུ་བཅུག་མེད་པ་མ་ཟད། ཀློད་གྲོལ་བྱུང་བའི་གནས་ཚུལ་སོགས་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། རྒྱ་གཞུང་གིས་ཁོང་གི་ཁྱིམ་མི་གཉེན་འབྲེལ་ཚོར་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པའི་བཙན་བཀའ་བཏང་སྟེ་འཇིགས་སྐུལ་མང་པོ་བྱས་ཡོད་སྟབས། ཡུན་རིང་ལ་གསར་འགྱུར་བརྒྱུད་ལམ་དུ་བཤད་མ་ཕོད་པར་ལྷག་སོང་ཡང་། ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་སྟབས། ཡུན་རིང་གི་རྗེས་སུ་གཞི་ནས་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་བཤད་པ་ཡིན་སྐོར་དང་། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཅུང་སྐྱོ་བོ་ཡིན་ལ། རྒྱ་གཞུང་གི་དམ་དྲག་འོག་ཁོང་དང་ཁོང་གི་ཁྱིམ་མི་ཚོར་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།

གྲྭ་ཚུལ་བཟང་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེ་ར་དགོན་དུ་ལོ་ཤས་རིང་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཕྱིར་ཕ་ཡུལ་དུ་ཕྱིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

ཆུ་ཚོད་ ༤ སྔོན་ལ།
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨

མཆན། 1

  1. གཟུར་གནས་བློ་ལྡན། says:
    ལོ་ 10 སྔོན།

    བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese