མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟངས་དཀར་མི་མང་གིས་ཞི་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཁྱུང་མཆུ་རྫོང་ཟངས་དཀར་ཡུལ་ཚོའི་འབྲོག་པ་ཚོས་ཡུལ་སྐོར་ལྟེ་གནས་ཀྱིས་འབྲོག་མང་གི་དཔལ་འབྱོར་འཕར་སྣོན་ལ་ཕན་ཐོགས་མེད་པ་མ་ཟད། ཁོར་ཡུག་ལ་གནོད་སྐྱོན་བཟོ་བཞིན་ཡོད་པར་ངོ་རྒོལ་བྱས་འདུག

Untitled-1རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྱུང་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་གོང་སྤེལ་ཚད་ཡོད་འགན་འཁྲི་ཁེ་ལས་ཁང་ཟེར་བ་ཞིག་གིས། རྫོང་སྲིད་གཞུང་རྒྱབ་རྩར་བཟུང་ནས་ཁྱུང་མཆུ་རྫོང་ཟངས་དཀར་སྨད་ཀྱི་འོམ་ཐང་ཟེར་བ་བཙན་འཕྲོག་བྱས་ཏེ་ཡུལ་སྐོར་སྣེ་ལེན་གྱི་ལྟེ་གནས་ཤིག་བཙུགས་ཡོད་པ་དང་། ལྟེ་གནས་དེའི་ཡོང་འབབ་ཡོད་ཚད་ཁེ་ལས་ཁང་རང་གིས་ཁྱུར་མིད་བཏང་བ་མ་ཟད། འབྲོག་པའི་རྩྭ་ཐང་དང་རང་བྱུང་རྒྱུག་ཆུ་ལ་འབག་བཙོག་ཆེན་པོ་བཟོ་བཞིན་ཡོད་སྟབས། ཁ་སང་ས་གནས་འབྲོག་པ་ཚོས་༼ཁྲིམས་མཐུན་གྱིས་ས་ཆ་ཉོ་ཚོང་བྱེད་པ་ནི་འདྲ་མཉམ་ཡིན།༽ཟེར་བ་སོགས་ཀྱི་འཕྲེད་དར་བཟུང་སྟེ། གཞུང་ལམ་སྟེང་དུ་བང་སྒྲིག་ནས་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

འདི་གའི་གསར་འགོད་པས་དྷ་སར་གནས་སྡོད་ཕ་ཡུལ་ཟངས་དཀར་ནས་ཡིན་པ་ཞིག་ལ་སྐད་ཆ་དྲིས་པར་ཁོང་གིས། གནས་ཚུལ་དེ་བདེན་པ་ཡིན་ལ། ཕྱི་ལོ་ ༢༠༡༢ ལོར་སྒེར་གྱི་ཁེ་ལས་ཁང་ཞིག་གིས་ལས་གཞི་དེ་མགོ་བཙུགས་ཡོད་པ་དང་། མང་ཚོགས་ཀྱི་ས་ཆའི་ཐོག་བཙུགས་པའི་ཡུལ་སྐོར་སྣེ་ལེན་གྱི་ལྟེ་གནས་དེས་མང་ཚོགས་ཀྱི་ཡོང་འབབ་སོགས་ལ་ཁེ་ཕན་ཅི་ཡང་མེད་པ་མ་ཟད། ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་སྟབས། མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་མང་ལ་ཁེ་ཕན་དགོས་པའི་རེ་འདུན་བཏོན་ཏེ་ངོ་རྒོལ་བྱས་ཡོད་ལུགས་དང་། ད་ལྟ་ལས་འགུལ་མཚམས་འཇོག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

1_640_261ཡང་ཁོང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟངས་དཀར་ཡུལ་ཚོ་ནི་ཁྱུང་མཆུ་རྫོང་ཁོངས་ཀྱི་རྩྭ་ཆུ་འཛོམས་པའི་འབྲོག་སྡེ་ཆེ་ཤོས་ཤིག་ཡིན་ལ། དབྱར་གྱི་དུས་སུ་མེ་ཏོག་དཀར་སེར་དམར་ལྗང་གིས་ཡོངས་སུ་བརྒྱན་ཏེ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་སྟབས། ཡུལ་སྐོར་སྤྲོ་འཆམ་པ་ཤིན་ཏུ་མང་པོ་ཡོང་གི་ཡོད་པ་རེད། ཡིན་ནའང་། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཐད་དེ་ཙམ་གྱིས་ཕན་ཐོགས་བྱུང་མེད་པ་མ་ཟད། ཕྱི་ཕྱོགས་ནས་ཡོང་བའི་ཡུལ་སྐོར་བ་དང་སྒེར་འཁོར་བཏང་ནས་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན། ཁོར་ཡུག་ལ་འབག་བཙོག་དང་གནོད་སྐྱོན་ཐེབས་པར་བརྟེན། གཅིག་ནས་རང་བྱུང་སྐྱེས་ཁམས་ལ་སྲུང་སྐྱོབ་ཐུབ་པ་དང་། གཉིས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐུབ་པར་ཁ་གཡར་ཏེ། ཕྱི་ལོ་ ༢༠༡༢ ལོར་ཁྱུང་མཆུ་རྫོང་སྲིད་གཞུང་གི་ཆོག་མཆན་འོག་འོམ་ཐང་མེ་ཏོག་ཞིང་ཁམས་མཛེས་ལྗོངས་ཁུལ་ཞེས་བོད་ལུགས་གུར་ཁང་དང་ཤིང་ཕུབ་སྤྲོ་ཁང་ཆིག་སྟོང་། མི་ཉིས་སྟོང་ཙམ་ཤོང་བའི་མཚོ་ཐོག་ཟ་ཁང་སོགས་བཙུགས་ཡོད་པ་མ་ཟད། རླངས་འཁོར་འཇོག་ས་རྒྱ་ཆེན་པོ་ཞིག་བཅས་གསར་དུ་བཙུགས་ཡོད་འདུག

ཁྱུང་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་གོང་སྤེལ་ཚད་ཡོད་འགན་འཁྲི་ཁེ་ལས་ཁང་ཟེར་བ་དེའི་འགན་འཛིན་ཨ་མཆོག་འདོད་ཁོ་ཟེར་བར་རྒྱ་ནག་དབུས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་བཅར་འདྲི་བྱེད་སྐབས། ཁེ་ལས་ཁང་དེས་ས་ཉུང་ཙམ་དང་འཛུགས་སྐྲུན་ཉུང་ཙམ། སྲུང་སྐྱོབ་མང་ཙམ་བྱས་ཏེ། རང་བྱུང་ཁོར་ཡུག་དང་མི་ཆོས་རིག་གནས་བཅས་ལ་གནོད་འཚེ་མ་ཕོག་པ་ཞིག་བྱ་རྒྱུ་ནི་ཁེ་ལས་ཁང་དེའི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་ལྗོངས་ཁུལ་གྱི་མིང་གནས་ལེན་པར་བརྩོན་ལེན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese