མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུག་རླངས་ཀྱིས་བསྐྱེད་པའི་མིའི་ཚེ་སྲོག་གི་འཇིག་ཉེན།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

མཁའ་དབུགས་དུག་རླངས་ཆགས་པའི་རྐྱེན་གྱིས་འཛམ་གླིང་སྒང་འདིར་ལོ་རེར་མི་མང་ས་ཡ་ ༡༥ ལྷག་ལ་ཁྲག་ཤེད་རྒྱས་པ་དང་ཁྲག་གི་འཁོར་རྒྱུག་འགག་པའི་འཇིག་ཉེན་འབྱུང་གི་ཡོད་པའི་གྲས་ནས་མི་མང་ས་ཡ་ ༦ ཙམ་གྱི་ཚེ་སྲོག་འཆོར་བ་དང་མི་མང་ས་ཡ་ ༥ ཙམ་ནུས་མེད་ཞོ་བ་དང་། སྐད་དང་མིག་གི་དབང་བོ་ཉམས་པ། རྩ་དཀར་གྱི་ནད་དང་དྲན་ཤེས་ཉམས་པ་བཅས་འབྱུང་གིན་ཡོད་འདུག

3600-1དེ་རིང་རྒྱ་ནག་ལྷོ་རྒྱུད་ནངས་མོའི་ཚགས་པར་ཁང་ (scmp) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འཕྲོད་བསྟེན་ཞིབ་འཇུག་ཚན་པའི་ཞིབ་འཇུག་གནད་བསྡུས་དཔྱད་རྩོམ་ཞིག་ཕྱོགས་སྒྲིག་བྱས་ཏེ་མཁའ་དབུགས་འབག་བཙོག་ཆགས་པ་དེ་འགྲོ་བ་མིའི་ཚེ་སྲོག་ལ་རྒོལ་བའི་འཇིག་ཉེན་ ༡༠ གྲས་སུ་བགྲངས་ཡོད་པ་དང་། ལྷག་པར་དུ་དཔལ་འབྱོར་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་རྒྱ་ནག་དང་རྒྱ་དཀར། ཨ་ཧྥི་རེ་ཁ་སོགས་ནང་རྡོ་ཐ་དང་རྡོ་སྣུམ། སོལ་རླངས་སོགས་ཚབས་ཆེ་བའི་རྐྱེན་པས་མིའི་མིག་རྩ་དང་ཀླད་རྩར་ཁྲག་རྒྱས་དང་སྐབས་རེར་ཁྲག་གི་འཁོར་རྒྱུག་འགག་སྟེ་ཚེ་སྲོག་བགྲང་གིས་མི་ལང་བ་འཆོར་བཞིན་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་འཕྲོད་བསྟེན་ཞིབ་འཇུག་ཚན་པའི་གནད་བསྡུས་དཔྱད་རྩོམ་དེའི་ནང་ཕྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༣ བར་འཛམ་གླིང་རྒྱལ་ཁབ་ ༡༨༨ ནང་མཁའ་དབུགས་དུག་རླངས་ཆགས་པར་བརྟེན་ནས་མིའི་མིག་རྩ་དང་ཀླད་རྩར་ཁྲག་ཤེད་རྒྱས་པ་དང་། ཡང་སྐབས་རེར་ཁྲག་གི་འཁོར་རྒྱུག་འགག་པའི་འཇིག་ཉེན་ཚབས་ཆེན་ཡིན་པ་དང་། དུག་རླངས་མང་ཆེ་བ་སོལ་རླངས། རྡོ་ཐ་དང་རྡོ་སྣུམ་སོགས་ལས་མཆེད་ཀྱི་ཡོད་པ་དང་། མཁའ་དབུགས་དུག་རླངས་ཆགས་པའི་རྐྱེན་གྱིས་འཛམ་གླིང་སྒང་འདིར་ལོ་རེར་མི་མང་ས་ཡ་ ༡༥ ལྷག་ལ་ཁྲག་ཤེད་རྒྱས་པ་དང་ཟུངས་ཁྲག་གི་འཁོར་རྒྱུག་འགག་པའི་འཇིག་ཉེན་འབྱུང་གི་ཡོད་པའི་གྲས་ནས་མི་མང་ས་ཡ་ ༦ ཙམ་གྱི་ཚེ་སྲོག་འཆོར་བ་དང་མི་མང་ས་ཡ་ ༥ ཙམ་ནུས་མེད་ཞོ་བ་དང་། སྐད་དང་མིག་གི་དབང་བོ་ཉམས་པ། རྩ་དཀར་གྱི་ནད་དང་དྲན་ཤེས་ཉམས་པ་བཅས་འབྱུང་གིན་ཡོད་པ་དང་། མཁའ་དབུགས་འབག་བཙོག་ཆགས་པའི་ནད་ཡམས་ཀྱི་འཇིག་ཉེན་དེ་ནི་འཛམ་གླིང་ཁྱོན་ཡོངས་སུ་འབྱུང་བཞིན་པའི་ཁྲག་ཤེད་མཐོ་བ་དང་། ཤིང་འབྲས་ཀྱི་འཚོ་བཅུད་ཉུང་བ། ཚོ་གསོག་པ་དང་ཚྭ་མང་པོ་ཟ་བ། སྔོ་ཚལ་ཉུང་ཉུང་ཟ་བ་དང་ཐ་མག་མང་པོ་འཐེན་པ་བཅས་ཀྱི་ནད་ཚའི་འཇིག་ཉེན་དང་གཅིག་མཚུངས་ཡིན་ཞིང་། སྤྱིར་ཁྲག་ཤེད་རྒྱས་པ་དང་ཟུངས་ཁྲག་གི་འཁོར་རྒྱུག་འགག་པའི་འབྱུང་རྐྱེན་གཙོ་བོ་ཐ་མག་མང་པོ་འཐེན་པ་དང་མངར་ཟས་མང་པོ་ཟ་བ། ལུས་རྩེད་མི་སྦྱོང་བ་དང་ལུས་སེམས་ཀྱི་འཕྲོད་བསྟེན་ཞན་པ་བཅས་ལ་བརྟེན་ནས་འབྱུང་གི་ཡོད་ནའང་། གཞུང་སྒེར་གཉིས་ནས་བཟོ་ལས་ཐོན་སྐྱེད་ལ་སྟངས་འཛིན་བྱས་པ་ཡིན་ན། ང་ཚོས་འཛམ་གླིང་སྤྱིའི་དུག་རླངས་ཀྱི་འཇིག་ཉེན་བརྒྱ་ཆ་ ༣ སྔོན་འགོག་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ནེའུ་ཙི་ལན་ཌའི་ (New Zealand) ཨུག་ལན་ཌི་བཟོ་ལས་རིག་རྩལ་སློབ་ཆེན་ (Auckland University of Technology) གྱི་ཞིབ་འཇུག་པ་བ་ལི་རེ་ཧྥེ་གྷེན་ (Valery Feigin) ཟེར་བ་ཞིག་གིས་ང་ཚོས་ཞིབ་འཇུག་འབྲས་དོན་ལྟར་ན། རང་བྱུང་ཁོར་ཡུག་དང་མཁའ་རླུང་དུག་རླངས་ཆགས་པར་བརྟེན་ནས་མིའི་མིག་རྩ་དང་ཀླད་རྩར་ཁྲག་ཤེད་རྒྱས་པ་དང་སྐབས་རེར་ཟུངས་ཁྲག་གི་འཁོར་རྒྱུག་འགག་པའི་འཇིག་ཉེན་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད་ལ། དམིགས་སུ་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་ནང་འཇིག་ཉེན་ཆེན་པོ་ཡིན་པ་དང་། མཁའ་དབུགས་འབག་བཙོག་ཆགས་པའི་རྐྱེན་གྱིས་འདས་པའི་མི་ལོ་འདི་དག་རིང་འགྲོ་བ་མིའི་བདེ་ཐང་གི་གནས་བབ་སྐྱོ་རུ་ཕྱིན་ཏེ་མི་རྣམས་ནད་ཀྱིས་མནར་བ་དང་ཞ་བོ་ཆགས་པ། ཐ་ན་ཚེ་སྲེག་མང་པོ་འཆོར་གྱིན་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese