མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་བྱོལ་མཛེས་མ་དང་བློ་བཟང་དབང་རྒྱལ་གཉིས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་རང་བྱུང་།

ཕྱི་ལོ་ ༢༠༡༦ ལོའི་བཙན་བྱོལ་མཛེས་མའི་བོད་སྐད་ཡིག་གི་གནས་བབ་ལས་འཕྲོས་པའི་དྲ་ཐོག་གི་གནས་ཚུལ་སྐོར་ཞིག་ལ་མདོར་བསྡུས་ནས་ལེན་འདེབས་བྱེད་རྒྱུ་ཡིན།

Winner of the Miss Tibet Pageant 2016  Tenzing Sangnyi receiving winner's cheque from sponsor Jangchup Nyendak as Director Lobsang Wangyal looks at Tipa, McLeod Ganj, on 5 June 2016.

༡) བསྟན་འཛིན་སངས་ཉི་བོད་མི་རིགས་ངོ་མ་ཞིག་ཡིན་པ་བསྙོན་མེད་རེད་ཟེར།

ལན། བོད་མི་རིགས་དངོས་གནས་ཟེར་བ་དེ་རང་སྙིང་ག་འདྲ་ཞིག་ལ་གོ་དགོས།  ཆོས་ལུགས་དང་དད་མོས།  ས་ཁོངས་དང་ཁྲག་རྒྱུན། ལོ་རྒྱུས་དང་ཆབ་སྲིད། ད་དུང་སེམས་པ་བཟང་མིན་དང་། མི་དྲང་བོ་ཡིན་མིན་སོགས་རྒྱུ་མཚན་བྱེ་བྲག་པ་ཞིག་གིས་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་བོད་མི་རིགས་དངོས་གནས་ཡིན་མིན་ནམ་ཡང་མཚོན་མི་ཐུབ། འོན་ཀྱང་།  བོད་མི་རིགས་ཚང་མར་ཐུན་མོང་གིས་ཡོད་པའི་ངོ་བོ་གཅིག་ཡོད་པ་དེ་ནི། བོད་ཀྱི་ཐུན་མོང་གི་སྐད་ཡིག་དང་། སྐད་ཡིག་དེ་ལ་བརྟེན་པའི་བོད་མིའི་ཐུན་མོང་གི་སྤྱི་ཚོགས་རིག་གནས་འདུ་ཤེས་ཀྱི་བསམ་བློ་དེ་གཉིས་ཡིན།  དེ་ཡང་མཐར་གཏུག་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ཐུན་མོང་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན།  གལ་སྲིད།  ཕ་མའི་ཁྲག་རྒྱུན་ཙམ་བོད་རིགས་ལས་སྐྱེས་པ་ཞིག་ཡིན་ནའང་། ཁྱེད་རང་ལ་བོད་ཀྱི་སྐད་ཡིག་དང་དེ་ལ་བརྟེན་པའི་བོད་ཀྱི་ཐུན་མོང་སྤྱི་ཚོགས་འདུ་ཤེས་ཀྱི་བསམ་བློ་ཡང་མེད་ཚེ།  ཁྱེད་ཀྱིས་ཇི་ལྟར་རང་ཉིད་བོད་རིགས་ངོ་མ་ཞིག་ཡིན་པ་བསྒྲུབ་རྒྱུ་ཡིན།

༢) བོད་རིགས་གཞོན་སྐྱེས་ཚོར་སེམས་ཤུགས་སྤར་དགོས་པ་ལས་སྐྱོན་བརྗོད་བྱེད་མི་ཉན་ཟེར།

ལན། སེམས་ཤུགས་སྤར་དགོས་པ་བདེན་པ་ཡིན་ན་ཡང་།  ལེགས་སྤེལ་ཉེས་འགོག་གི་སྐྱོན་བརྗོད་བྱས་ནས་ཡར་རྒྱས་གཏོང་དགོས་པ་ནི་དེ་ལས་ཀྱང་གལ་ཆེན་དང་ཁ་ཚ་དགོས་གཏུགས་རེད།  གཏམ་དཔེར།  སྐྱོན་བརྗོད་མེད་ན་ཡར་རྒྱས་མེད་དང་། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་མ་ཡིན་ནམ།  འོན་ཀྱང་། གང་ཟག་སྒེར་ལ་ཕན་སེམས་ཀྱི་སྒོ་ནས་སྐྱོན་བརྗོད་བྱེད་དགོས་པ་ལས་ཕ་རོལ་བོ་ལ་ཕྲག་དོག་དང་གནག་སེམས་ཀྱིས་བསླངས་པའི་སྐྱོན་བརྗོད་བྱེད་མི་རུང་།   སེམས་ཤུགས་གཅིག་བུ་ཙམ་སྤེལ་ནས་ར་མ་ལུག་གི་བོད་ཀྱི་མི་རབས་ཤིག་བསྐྱེད་བསྲིང་བྱེད་པ་ལས།  སྐྱོན་བརྗོད་བྱས་ནས་བོད་མི་སྤུས་དག་ཁ་ཤས་གསོ་སྐྱོང་བྱས་ན་མི་དགའ་འམ།

༣) བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་ན་བོད་སྐད་མི་ཤེས་ཀྱང་མི་སྐྱོན་ཟེར།

ལན། བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་པར་རྗེས་སུ་ཡི་རངས་ཀྱི་གནས་རེད། ཕྱི་རྒྱལ་བ་ཚོའི་ནང་དུ་ཡང་བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་མཁན་ཧ་ཅང་མང་།  འོན་ཀྱང་། བོད་སྐད་མི་ཤེས་ཞིང་དེ་དང་འབྲེལ་བའི་རིག་གནས་འདུ་ཤེས་དེ་མེད་ཚེ། ཁྱེད་རང་ནམ་ཡང་བོད་རིགས་ངོ་མ་ཞིག་ཏུ་ཆགས་ཐུབ་མེད།  བོད་རིགས་ངོ་མ་ཡིན་མིན་གྱི་ས་མཚམས་དེ་སེམས་ཤུགས་ཆེ་མིན་གྱི་སྒང་ན་མེད། གལ་སྲིད།  ཁྱེད་རང་ཆེས་མི་ཐ་ཤལ་ཞིག་ཡིན་ན་ཡང་། བོད་སྐད་དང་བོད་ཀྱི་སྤྱི་ཚོགས་རིག་གནས་འདུ་ཤེས་དེ་ཡོད་ཚེ། ཁྱེད་རང་དཀྲུས་ནས་མི་དག་པའི་བོད་པ་དེ་ཡིན།  བོད་རིགས་དངོས་གནས་ཡིན་མིན་གྱི་གནད་དོན་ནི།  སེམས་བཟང་མིན་དང་སྤྱོད་པ་ཡག་སྡུག་ཙམ་གྱིས་འབྱེད་ཀྱིན་མེད།

༤) བོད་སྐད་དང་བོད་ཀྱི་རིག་གནས་འདུ་ཤེས་མེད་པ་དེ་ཁོར་ཡུག་གི་ཤུགས་རྐྱེན་གྱིས་རེད། དེ་དམིགས་བསལ་མ་རེད་དམ་ཟེར།
ལན། བོད་མི་རིགས་ཤིག་གི་ངོ་བོ་ཚང་མིན་དེ་བོད་ཀྱི་སྐད་ཡིག་དང་དེས་བསྐྱེད་པའི་རིག་གནས་འདུ་ཤེས་ཀྱིས་ཐག་གཅོད་དགོས་པ་ལས། དེ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཞིན་དམིགས་བསལ་གཏོང་རྒྱུ་དང་གནས་ཚུལ་གཞན་ལ་ཁག་འགེལ་བྱེད་རྒྱུ་ནམ་ཡང་མེད།  བོད་ནང་དུ་རྒྱ་ནག་གཞུང་གིས་སྐད་ཡིག་ཐོབ་ཐང་བཙན་འཕྲོག་གི་དཀའ་ངལ་དང་།  བཙན་བྱོལ་དུ་ཕྱིའི་ཤུགས་རྐྱེན་གྱིས་བོད་ཀྱི་སྐད་ཡིག་དང་འདུ་ཤེས་ལ་འཇབ་རྒོལ་ཐེབས་པ་སོགས་བཤད་མི་ཚར་བའི་རྒྱུ་མཚན་མང་བོ་ཞིག་ཡོད་ངེས་ཀྱང་།  མཐར་དེད་ན་རང་གིས་མ་བྱས་པའམ་ཡང་ན་མ་འཇོན་པ་དེའི་འགྲེལ་བཤད་ཙམ་ལས་གང་ཡང་མིན། འོན་ཀྱང་།  རང་ཉིད་ལ་འོས་ཆོས་གང་ཞིག་ཚང་མེད་པ་དེ་ཡར་རྒྱས་བཏང་ནས་མཐར་ཚད་ལྡན་གྱི་བོད་མི་ཞིག་ཆགས་རྒྱུའི་ཐོབ་ཐང་ཚང་མར་ཡོད་པ་ཡིན།

༥) བོད་ཀྱི་སྐད་ཡིག་ཤེས་ཁག་པོ་དང་སྦྱོང་ཁག་པོ་འདུག་ཟེར།

ལན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན།  ཕ་སྐད་ནི་སྤྱིའི་ཆ་ནས་ཤེས་སླ་ཤོས་དེ་ཡིན་ཞེས་བཤད་འདུག  བོད་སྐད་བཤད་པར་མི་དགའ་ཞིང་བོད་ཡིག་ཀློག་པར་མི་སྤྲོ་མཁན་ཚོ་ལ་ལས་སླ་བོ་ཞིག་མིན་ཡང་སྲིད།  གང་ཡིན་ཟེར་ན།  ཁྱེད་ཀྱི་སློབ་སྦྱོང་གི་དུས་ཚོད་མང་ཆེ་བ་སྐད་ཡིག་གཉིས་པ་ཞིག་ལ་ཨུ་ཚུགས་ཀྱིས་འཇུས་ནས་བསྐྱལ་ཚར་བས་རེད།  དཔེར་ན།  རྒྱ་སྐད་འདི་འཛམ་གླིང་སྐད་ཡིག་ཁྲོད་ཀྱི་སྦྱོང་དཀའ་ཤོས་ཨང་དང་བོ་དེ་རེད། འོན་ཀྱང་།  ཕྱི་སྡོད་རྒྱ་རིགས་ཁྲོད་དུ་རྒྱ་སྐད་རྒྱ་ཡིག་མི་ཤེས་མཁན་ཞིག་ཕལ་ཆེར་བཙལ་ན་རྙེད་དཀའ་བའི་ཚད་རེད། ལྷག་པར་ཁོ་ཚོས་རྒྱ་སྐད་སྐྱོན་ཚེ་སྐད་རིགས་གཞན་ཞིག་དང་དཀྲུགས་ནས་ནམ་ཡང་མི་བསྐྱོན།  ཨ་རབ་དང་ནི་ཧོང་གི་སྐད་ཡིག་སྦྱོང་དཀའ་ཤོས་ཨང་གཉིས་པ་དང་གསུམ་པ་རེད། འོན་ཀྱང་།  རང་སྐད་མི་ཤེས་པའམ་རང་སྐད་ཐུག་པ་བཞིན་དཀྲུགས་ནས་སྐྱོན་མཁན་གྱི་ཨ་རབ་དང་ཉི་ཧོང་བ་ག་ཚོད་ཅིག་ཁྱེད་ཀྱིས་མཐོང་མྱོང་།

༦) བོད་སྐད་ཡིག་མི་ཤེས་མཁན་ཙམ་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཀླད་པ་མཁྲེགས་པོ་དང་རྗེས་ལུས་རེད་ཟེར།

ལན། ཁྱེད་ཀྱིས་རྗེས་ལུས་དང་སྔོན་ཐོན་ཟེར་བ་དེར་འགྲེལ་བཤད་ཅིག་བསྐྱོན་དང་།  དཔལ་འབྱོར་དང་ཆབ་སྲིད། ཚན་རིག་སོགས་ཀྱི་སྡེ་ཚན་ལས།  གཞན་མི་རིགས་ཞིག་གི་ངོ་བོ་ཡིན་མིན་སྐོར་ལ་རྗེས་ལུས་དང་སྔོན་ཐོན་ཟེར་བ་ཞིག་མེད་པར་སྣང་།  ཁྱེད་རང་དེང་རབས་ཡིན་མདོག་གིས་མི་རིགས་ཀྱི་ངོ་བོ་ལ།  སྐད་ཡིག་དང་རིག་གནས་འདུ་ཤེས་སོགས་གང་ཡང་མི་དགོས་ཟེར་ན།  སྐད་ཆ་དེས་ཁྱེད་རང་རིག་གནས་གསར་བརྗེའི་སྐབས་ཀྱི་སྔོན་ཐོན་པ་ཞིག་ཏུ་བསྒྲུབས་པ་ལས་དེང་རབས་ཤེས་ཡོན་སྔོན་ཐོན་ཞིག་ཏུ་བསྟན་མེད།

༧)  བོད་ཀྱི་མཛེས་མས་བོད་སྐད་ཡིག་རྗེས་སུ་ག་ལེར་ཡར་རྒྱས་བཏང་ན་འགྲིག་གི་རེད་ཟེར།

ལན། གལ་སྲིད་འགྲན་བསྡུར་དེ་བོད་རིགས་ཡིན་པའི་རྨང་གཞིའི་ཐོག་ཏུ་འཚོགས་བཞིན་ཡོད་ཚེ།  བོད་རིགས་ཀྱི་ངོ་བོ་ཆ་ཚང་མེད་མཁན་ཞིག་ལ་བོད་ཀྱི་མཛངས་མའི་མཚན་སྙན་དེ་ནམ་ཡང་མི་ཐོབ།  གནད་དོན་དེ་ནི་དཔེར་ན།  སློབ་གྲྭ་ཆེན་མོའི་ལག་འཁྱེར་སྔོན་ལ་བླངས་ནས་སློབ་གྲྭ་ཆེན་མོའི་སློབ་སྦྱོང་རྗེས་ལ་བྱེད་ཀྱི་ཡིན་བཤད་པ་ལྟ་བུ་ཞིག་རེད།  ལུགས་ལྡོག་གི་གོ་རིམ་དེ་འདྲ་ཁས་ལེན་མཁན་གྱི་སློབ་གླིང་ཞིག་འཛམ་གླིང་འདི་ན་ཡོད་རྒྱུ་མ་རེད།

༨) ནོར་འཁྲུལ་དེ་ཡོད་ཚད་མཛེས་མ་བསྟན་འཛིན་སངས་ཉི་ལ་ཡོད་པ་རེད་ཟེར། 

ལན། བོད་སྐད་གཙང་མ་ཞིག་བསྐྱོན་མ་ཐུབ་པ་དེ་སངས་ཉི་ལགས་ཀྱི་ཞན་ཆ་ཆེན་པོ་ཞིག་ཡིན་ན་ཡང་།  ནོར་འཁྲུལ་དེ་ཡོད་ཚད་ཁོ་མོར་གཅིག་པོར་འགེལ་མི་རུང་།  ཁྱེད་ཀྱིས་གཟིགས་དང་།  ཕུགས་རྒྱང་རིང་བོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས།  བོད་གཞུང་གི་ཕྱི་སྐྱོད་སློབ་ཡོན་ཁག་དང་།  སྲིད་སྐྱོང་སློབ་ཡོན།  གཞུང་ཞབས་ལས་བྱེད་ཀྱི་ས་མིག་ཁག  དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་བོ་ཞིག་ལ་བོད་སྐད་ཡིག་ཤེས་དགོས་པའི་མ་མཐའི་ཆ་རྐྱེན་ཡོད། འོན་ཀྱང་། བློ་བཟང་དབང་རྒྱལ་གྱི་མཛེས་མ་འགྲན་བསྡུར་ལ་ཆ་རྐྱེན་དེ་འདྲ་གཏན་ནས་མེད།  ཐ་ན་འགྲན་བསྡུར་འདི་ལ་བོད་ཀྱི་དཔྱ་ཁྲལ་རང་བཙན་ལག་དེབ་ཀྱི་ངོ་བཤུས་ཙམ་ཡང་སྟོན་མི་དགོས།  བློ་བཟང་དབང་རྒྱལ་གྱི་འགྲན་བསྡུར་འདིའི་གཟུ་དཔང་ཚང་མ་ཡང་བོད་ཀྱི་རིག་གནས་དང་མཛེས་དཔྱོད་ལྟ་བར་གོ་རྟོགས་ཅི་ཡང་མེད་པའི་ཕྱི་རྒྱལ་མགོ་སེར་དང་རྒྱ་གར་ཚོང་བ་ཁ་ཤས་ཡིན།  ཁོ་ལ་མཚོན་ན།  ཧི་མ་ལ་ཡའི་མཛེས་མ་དང་བོད་ཀྱི་མཛེས་མའི་འགྲན་བསྡུར་འདི་གཉིས་ལོ་གཅིག་གི་ཡོང་འབབ་ཐོན་ཁུངས་གཙོ་བོ་གཉིས་ཡིན།  བུ་མོ་ཁ་ཤས་གར་སྟེགས་སྟེང་དུ་འགྲོ་ཐུབ་པ་ཙམ་གྱིས་ཁོའི་དམིགས་ཡུལ་འགྲུབ་བཞིན་ཡོད། དེར་བརྟེན།  འགན་དང་ནོར་འཁྲུལ་གཙོ་བོ་བློ་བཟང་དབང་རྒྱལ་ལ་ཡོད།

༩) བཙན་བྱོལ་གྱི་བོད་མི་ཚང་མས་རང་ཉིད་ཀྱི་ངོ་བོ་ཡོངས་སུ་བརླགས་ཟིན་ཟེར།

ལན། ཁྱེད་རང་ཉིད་ཀྱིས་ཐོག་མར་བོད་ཀྱི་ངོ་བོ་ཞེས་པ་དེར་གོ་བ་ཟབ་མོ་ཞིག་ལེན་རྒྱུ་གལ་ཆེ། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུགས་པ་ལེབ་རྡུང་མི་བྱེད་རྒྱུ་དེའང་ཤེས་དགོས།  བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བོད་སྐད་ཡིག་དང་རིག་གནས་འདུ་ཤེས་བཅས་ལ་གཟེངས་སུ་ཐོན་པའི་མི་སྣ་ཡང་ཧ་ཅང་མང་བོ་གསོ་སྐྱོང་བྱས་ཡོད།  སོ་སོའི་ཕྱོགས་ནས་འཐུས་ཤོར་དུ་སོང་བའི་མི་སྒེར་ཁ་ཤས་ནི་བོད་ཕྱི་ནང་གཉིས་སུ་ཡོད་པ་ཡིན། སྤྱི་ཚོགས་ཤིག་ལ་མཚོན་ན་ཡག་སྡུག་གཉིས་ཆ་ཡོད་པ་དེ་ཆོས་ཉིད་ལྟ་བུ་ཞིག་རེད།  བུ་མོ་གཅིག་གི་ཐུག་ཤིང་བཀོལ་ནས་བཙན་བྱོལ་གྱི་མི་འབོར་སྟོང་ཕྲག་བརྒྱ་དང་བཞི་བཅུ་ལྷག་ལ་བསྡོམས་རྒྱག་མི་རུང་།

༣)  ད་ཐེངས་ཀྱི་གནས་ཚུལ་འདི་བློ་བཟང་དབང་རྒྱལ་ལ་འབྲེལ་བ་མི་འདུག་ཟེར།

ལན། ད་ཐེངས་ཀྱི་གནད་དོན་འདིའི་འགན་གཙོ་བོ་བློ་བཟང་དབང་རྒྱལ་གྱིས་འཁུར་དགོས།  གལ་སྲིད།  བསྟན་འཛིན་སངས་ཉི་ལགས་ཀྱིས་བོད་སྐད་ཡིག་ཡར་རྒྱས་མ་བཏང་པར་འཐུས་ཤོར་ཕྱིན་ཡོད་ན། བློ་བཟང་དབང་རྒྱལ་གྱིས་མཛེས་མ་འགྲན་བསྡུར་འདིའི་གཞི་རིམ་གྱི་ཆ་རྐྱེན་ཁྲོད་དུ་བོད་སྐད་ཡིག་རང་རྐྱ་འཕེར་བ་ཞེས་མ་བཀོད་པ་ནི་ནོར་འཁྲུལ་ཆེ་ཤོས་དེ་རེད།   ནོར་འཁྲུལ་དེ་སྐབས་འདི་གཅིག་པོ་ཙམ་མ་ཡིན་པར།  སྔོན་ནས་ད་བར་གྱི་མཛེས་མ་འགྲན་བསྡུར་ཚང་མའི་སྐབས་སུ་བཟོས་ནས་ད་བར་དུ་སླེབས་པ་རེད།  འདིའི་ཕྱོགས་ནས་བློ་བཟང་དབང་རྒྱལ་གྱིས་བོད་མི་དམངས་ལ་དགོངས་དག་ཞུས་ན་རེད།

གསལ་བཤད།

(བཙན་བྱོལ་བོད་ཀྱི་མཛེས་མ། )

བོད་ནང་གི་བོད་མི་མང་བོའི་བསམ་ཚུལ་བཞིན། བློ་བཟང་དབང་རྒྱལ་གྱི་འགྲན་བསྡུར་གོ་སྒྲིག་འདི་བཙན་བྱོལ་གྱི་ངོ་གདོང་ཙམ་མཚོན་པའི་སྒེར་གྱི་མཛེས་མ་འགྲན་བསྡུར་ཙམ་ཡིན་པ་ལས།  ཡོངས་ཁྱབ་རང་བཞིན་གྱི་(བོད་ཀྱི་མཛངས་མ་)འགྲན་བསྡུར་མིན་པར་བརྟེན། ངས་ཐ་སྙད་ཡང་དེ་ལྟར་དུ་བཏགས་ཡོད།  (བཙན་བྱོལ་མཛེས་མ་ཞེས་པའི་ཐ་སྙད་འདི་འཚམས་ཤོས་རེད།)

སྐབས་འདིར་བསྟན་འཛིན་སངས་ཉི་ཙམ་ལ་སྐྱོན་བརྗེད་བྱེད་པ་ལས།  བློ་བཙང་དབང་རྒྱལ་ལ་ལྷག་བསམ་རྣམ་དག་གི་སྐྱོན་བརྗོད་དང་ལེགས་སྤེལ་ཤེས་འགོག་གི་ལམ་སྟོན་བྱེད་འོས། ལྷག་པར་དུ་ལོ་རྗེས་མ་ནས་བཟུང་། བོད་སྐད་ཡིག་རང་རྐྱ་འཕེར་བ་ཙམ་བཙན་བྱོལ་མཛེས་མའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་བགྲངས་དགོས་པའི་འབོད་སྐུལ་བྱེད་དགོས།  དེ་བཞིན་བློ་བཟང་དབང་རྒྱལ་ཁོ་རང་ཉིད་ཀྱིས་ཀྱང་ནམ་རྒྱུན་ལྡིང་ཚ་གང་མང་གི་ཐོག་ཏུ། བོད་སྐད། ཨིན་སྐད། ཧིན་སྐད་སོགས་བསྲེས་སྐད་རྒྱག་བཞིན་འདི་ལ་ཡང་དྲན་གསོ་གཏོང་དགོས།  གནད་དོན་འདི་ལ་བརྟེན། བཙན་བྱོལ་མཛེས་མ་ཚོ་ཡང་། དགེ་རྒན་ངན་པའི་དགེ་ཕྲུག་དང་ཕ་མ་ངན་པའི་བུ་ཕྲུག་ཆགས་པ་རེད།

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

མཆན། 7

  1. ཐོས་པ་དགའ། says:
    ལོ་ 7 སྔོན།

    ༢༠༡༦ ལོའི་བོད་ཀྱི་མཛངས་མའི་གཏམ་བཤད་ལ་ཉན་པའི་མྱོང་ཚོར་གྱིས། བོད་ནང་གི་རྩོམ་པ་བོ་ཀྱོག་ལོས་འདི་འདྲ་ཞིག་ཆེད་བསྐུར་སོང་། རྩོམ་པ་བོ་ཁོང་གིས་བྲིས་པའི་ཚིག་ཇི་བཞིན་འགོད་པ་ལས་བཟོས་གང་ཡང་བྱས་མེད།

    སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཟེར་བ་གོ་མྱོང་ངམ། བོད་སྐད་མི་འཁྱོངས་པའི་མི་ཞིག་གིས་བོད་ཡིག་ཕར་རིའི་སྤང་རྒྱན་རེད། བླ་སྲོག་མེད་པས་ན་བེམ་པོ་ཟེར།
    བེམ་པོ་ཞིག་ལ་༢༠༡༦་ལོའི་བོད་ཀྱི་མཛངས་མར་བཏགས་ན་མཛངས་མའི་མིང་རྟགས་འདི་སྤྲོད་མཁན་གྱིས་བོད་མི་རིགས་ལ་མཐོང་ཆུང་དང་ཁྱད་སོད་བྱས་པ་ཅི་ལ་མིན།
    བུ་མོ་འདིས་ང་རང་མི་ཚང་མས་ཧ་གོ་སོང་ཟེར། ཧ་ཅི་ལ་མི་གོ་ཧ་གོ་བ་ཙམ་མ་ཟད་ངོ་ཚ་ནས་འབར་སོང་ལ་ཡིད་ཆད་ནས་ངུ་དགོས་བྱུང་། བུ་མོ་ཁྱེད་རང་དང་བསྡུར་ན་ལྷ་སའི་རག་རྡིས་སོགས་བོད་ལྗོངས་ཀྱི་འགོ་བ་ཁག་ཡག་པོ་ཞེ་དྲག་འདུག གང་ཡིན་ཟེར་ན་ཁོ་རང་ཚོ་བོད་སྐད་བོད་ཡིག་ལ་ཧ་ཅང་བཟང་། ཁྱེད་རང་ལ་ད་དུང་འགན་ཅི་ཡང་མི་ཁུར་བའི་ཕ་མ་ཞིག་ཡོད་པ་ཞར་ལ་རྟོགས་སོང་། ང་ཚོའི་རེ་བ་ལ་ད་ནས་བཟུང་ཁྱེད་རང་གིས་བོད་ཡིག་མི་ཤེས་ནའང་བོད་སྐད་གཙང་མ་སྦྱངས་རོགས་གནང་ཞུ་རྒྱུ་ཡིན། མདོར་ན་ང་དང་ངའི་མི་རིགས་ཀྱི་ངན་མཚང་ཕྱི་ནས་མ་སྟོན་རོགས། ཞོར་དུ་ཞུ་འདོད་པ་ནི་མཛངས་མ་འགྲན་བསྡུར་གྱི་འགན་ཁུར་མི་སྣ་ཚོས་བོད་སྐད་ཤེས་མིན་ལ་དོགས་པ་ཟ་བ་ཞིག་རེད་ལ་བོད་མི་རྣལ་མ་ཞིག་ཡིན་མིན་ལའང་དོགས་པ་ཟ་དགོས་བྱུང་། ང་ཚོ་བོད་དུ་ཡོད་པའི་བོད་མི་ཚོས་བོད་སྐད་རྣམ་དག་སྤྱོད་པར་སྲོག་དང་བསྡོས་ནས་བརྩོན་པ་བྱེད་བཞིན་ཡོད། ཐ་ན་གཞུང་འབྲེལ་མཛད་སྒོ་ཁག་ལའང་བོད་སྐད་བཤད་པར་བརྩོན་ལེན་བྱེད་བཞིན་ཡོད། ཧ་གོ་སོང་ངམ།
    ཁྱེད་རང་ཚོར་ཅི་བྱུང་སོང་། ངན་སྤྱོད་རྒྱན་དུ་ངོམ་ཟེར་བ་དེ་མཛངས་མ་གོ་སྒྲིག་ཚོགས་པ་དང་མཛངས་མ་རབས་དང་རིམ་པ་ལ་ཆེད་དུ་བཟོས་པའི་གཏམ་དཔེ་འདྲ་བོ་འདུག
    བོད་ནང་ནས་བོད་མི་ཞིག་གིས་བློ་ཕམ་དང་བཅས་བྲིས།

    Reply
  2. གཅན བཟོད་རྒྱམ། says:
    ལོ་ 7 སྔོན།

    བོད་རིགས་དང་རྒྱ་རིགས་སོགས་ཀྱི་སྐབས་སུ་རིགས་ཞེས་པའི་གོ་དོན་དེ་ཏན་ཏན་ཕ་མེས་ཡང་མེས་ཀྱི་སོགས་སྔ་རབས་ལས་བརྒྱུད་པའི་ཤ་ཁྲག་གི་རྒྱུན་དེར་མ་གཏོགས་བསམ་བློའི་འདུ་ཤེས་དང་རིག་གཞུང་གང་ཞིག་གི་བསྐྱེད་འབྲས་ཡིན་རབས་རིག་འདེད་བྱེད་པ་ནི་ཆེས་བླུན་རྟགས་ཁོ་ན་སྟེ།
    སྔ་མའི་གསུང་རབས་དག་དང་དེང་གི་སྤྱི་ཚོགས་ཙམ་ལང་རྒྱུས་མངའ་ཆེན་པོ་མེད་པ་དང་དབྱེ་ཞིབ་ཟམ་མོ་མེད་པའི་རྟགས་མཚན་བསྟན་འདུག
    གཞན་བློ་བཟང་གི་མཛངས་མ་ཡིན་མིན་སོགས་སོ་རང་སོ་སོས་ཅི་འདོད་ལ་བཤད་ཀྱང་རང་མོས་བྱོས།

    Reply
    • ྸཨ་འབར་འཇིགས་དབང། says:
      ལོ་ 7 སྔོན།

      ༅༅། གསན་དང་དྲ་གྲོགས་ཚོ། སོ་སོའི་རྒྱལ་ཁབ་དེ་རྒྱ་དམར་པོས་བཙན་བཟུང་བྱས་ཏེ་བོད་མི་རིགས་འདི་གཞིས་བྱེས་གཉིས་སུ་གྱེས་པ་མ་ཚད་ ཕྱི་རྒྱལ་ཡུལ་གྲུ་ ༣༠ ལྷག་གི་ནང་ཁ་འཐོར་ནས་བསྡད་ཡོད་སྟབས་ཁོར་ཡུག་གི་ཆ་ནས་བོད་སྐད་ལ་ཕྲན་བུ་སྐྱོན་ཆ་ཡོད་པ་དངོས་འབྲེལ་ཡང་དོན་དངོས་སུ་སེམས་ཀྱི་ནང་ལ་བོད་ཞེན་དང་། བོད་དོན་ལ་དགའ་ཞེན། བོད་མི་རིགས་ལ་ཞེན་ཁོག་ཡོད་པ་དེ་འགྲིགས་པ་རེད།
      བློ་བཟང་དབང་རྒྱལ་ལགས་ནས་བོད་ཀྱི་མཛངས་མའི་ལྡེང་ཆ་ཞིག་བསྐྲུན་པ་དེ་ཧ་ལས་པ་རེད།
      བསྔགས་བརྗོད་ཡོད། འདི་ལས་སླ་བོ་མ་རེད།
      འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སངས་ཉི་ལགས་བོད་སྐད་་ཕྲན་བུ་སྐྱོ་བ་འདུག་པའི་བསམ་ཚུལ་བཤད་མཁན་ཚོ་ལྟོས་དང། ཕྱི་རྒྱལ་ཁག་ནང་སྐྱེས་པའི་བོད་པའི་ཕྲུ་གུ་མང་པོ་ཕྱི་རྒྱལ་སློབ་གྲར་འགྲོ་དགོས་པས་རང་ཤུགས་ཀྱི་ ཕྱི་རྒྱལ་སྐད་ཡིག་མི་སྦྱང་རང་སྦྱང་རེད་།་་་ཁ་ཤས་ནས་བོད་སྐད་སྣ་གཅིག་ཀྱང་ཤེས་ཀྱི་མེད་པ་ཡོང་གི་ཡོད་རེད། འདི་གཞན་དབང་སྟབས་བསྟུན་དང་ང་ཚོའི་ལས་དབང་ཁོ་ན་རེད་མ་གཏོགས་བོད་མི་རིགས་ལ་ཞེན་ཁོག་མེད་པ་གཏན་ནས་མ་རེད་
      བོད་པའི་སྤྱི་ཚོགས་ནང་ལས་གཞི་ཕྲན་ཙམ་སྤེལ་བ་དང་དེའི་ནང་འཛུལ་ཞུགས་སྐབས། དེ་ལ་རྒྱབ་སྐྱོར་དང་བཀྲིས་བདེ་ལེགས་དང་བསྔགས་བརྗོད་མེད་པར་ལམ་སེང་སྐྱོན་བརྗོད་བྱེད་ཀྱི་འདུག་པ་འདི་སྐྱོན་ཆ་ཆེད་བ་འདུག་བསམ་བཞིན་ཡོད།
      སྐྱོན་བརྗོད་བྱེད་ན་དང་པོ་སངས་རྒྱས་ཆོས་མགོར་ལོ་མང་ཞུགས་ནས་བོད་ཀྱི་སྐད་ཡིག་སྦྱངས་ཤིང་ཤེས་ནས་རྕ་བའི་བླ་མའི་སྐུ་མདུན་ནས་ཆོས་ཡང་དག་པ་ཞུས་། རྗེས་སུ་ཉིན་ལྟོའི་ཆེད་དུ་ཕ་ཡུལ་འཕྲོག་མཁན་རྒྱ་དམར་པོར་མགོ་བཏགས་ནས་། དགྲ་ཤར་ལ་བཞག་། གཏོར་མ་ནུབ་ལ་སྐྱེལ་མཁན་ཚོར་དུས་དང་ནམ་པ་ཀུན་ཏུ་བརྗོད་བྱེད་དགོས། འདི་ལས་སྡུག་ཞིག་གང་ན་ཡོད།
      གཉིས་པ་དེ་་་ བོད་ཀྱི་མཛངས་པ་ཞེས་སྔོན་ལྟར་གནང་དགོས་པ་ལས་་་བཙན་བྱོལ་བོད་ཀྱི་མཛངས་མ་ཞེས་འབོད་ན་གོ་ཁྱབ་ཆུང་བའི་སྐྱོན་དུ་མཐོང་ལགས།

      Reply
      • སྡེ་དགེ says:
        ལོ་ 7 སྔོན།

        “འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སངས་ཉི་ལགས་བོད་སྐད་་ཕྲན་བུ་སྐྱོ་བ་འདུག་པའི་བསམ་ཚུལ་བཤད་མཁན་ཚོ་ལྟོས་དང། ཕྱི་རྒྱལ་ཁག་ནང་སྐྱེས་པའི་བོད་པའི་ཕྲུ་གུ་མང་པོ་ཕྱི་རྒྱལ་སློབ་གྲར་འགྲོ་དགོས་པས་རང་ཤུགས་ཀྱི་ ཕྱི་རྒྱལ་སྐད་ཡིག་མི་སྦྱང་རང་སྦྱང་རེད་།་་་ཁ་ཤས་ནས་བོད་སྐད་སྣ་གཅིག་ཀྱང་ཤེས་ཀྱི་མེད་པ་ཡོང་གི་ཡོད་རེད། འདི་གཞན་དབང་སྟབས་བསྟུན་དང་ང་ཚོའི་ལས་དབང་ཁོ་ན་རེད་མ་གཏོགས་བོད་མི་རིགས་ལ་ཞེན་ཁོག་མེད་པ་གཏན་ནས་མ་རེད།ཱ” འཇིགས་མེད་ལགས་ཁྱེད་ཀྱི་འདི་ལྟར་ཤོད་ཀྱིས་ཡོད་ན། བསམ་སྟངས་དེ་འདྲ་ཞིག་མ་གཏོགས་མེད་ན་སྐྱོ་བོ་རེད། ད་ང་ཚོས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་བམ། ཕྱི་རྒྱལ་ཡུལ་ཁག་ཏུ་བསྐྱོད་མཁན་སུ་རུང་སཽའི་སྐད་ཡིག་རྩ་བརླག་ཏུ་མི་འགྲོ་བས་འགན་མེད་དམ། ང་ཚོའི་སཽས་བསམ་ཚུལ་དང་ལྷག་པར་ང་རང་གི་རྒྱལ་ཁབ་ཀྱི་སྐད་ཕྱུག་པོ་ཡོད་པ་དེ་ཐོག་ད་གཞོན་སྐྱེས་ཚོས་རྩིས་མེད་རྡོག་རོལ་གཏོང་གྲབ་བྱས་པ་དེ་ལ་ཁྱེད་ཀྱི་མ་བསམ་པར་བསམ་ཚུལ་བཏོན་མཁན་ཚོར་ལྟོས་དང་ཞེས་པ་དེ་ཅི་འདྲ་ཡིན་ནམ། ཅི་སྟེ་ཁྱེད་ཀྱི་བསམ་ཚུལ་ལྟར་ཡིན་དགོས་ན་རྒྱ་གར་ནང་དམིགས་བསལ་བོད་རིགས་སློབ་གྲྭ་ཞེས་ཟུར་དུ་འཛུགས་དགོས་དོན་མི་འདུག་བ། བོུ་འདི་ལྟར་སྐད་ཆ་ཤོད་སྟངས་ཕྱི་སློབ་གྲྭ་གང་དུ་རུང་བའི་ནང་སློབ་འཇུག་བྱས་ན་བཤད་ཐུབ་ཀྱིས་རེད། ང་ཚོ་སློབ་གྲྭ་ཟུར་དུ་འཛུགས་དགོས་པའི་དམིགས་ཡུལ་རང་གི་སྐད་དང་ཡི་གེ་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཁོ་ནར་ཐུབ་སླད་ལས་དངུལ་འབེལ་པོ་ཡོད་པས་འགྲོ་སོང་གཏོང་ཡུལ་མེད་བསྡད་པ་མ་རེད། དེ་འདྲ་ལ་དགོངས་པ་བཞེས་ཏེ་ཆུང་རྩག་ནས་སྣང་མེད་དུ་བཏང་ན་རིམ་པར་རང་གཞན་གཉིས་མེད་མཐའ་དོན་སྤྱི་བར་གྱོང་རག་རྒྱུ་ལས་མེད་པ་སོང་སྤྱི་སེམས་ཁོ་ནར་དང་། ལྷག་པར་བློ་བཟང་དབང་རྒྱལ་ལགས་སླད་ཕྱིན་ཁྱེད་ཀྱི་མཛངས་མེད་འགྲན་བསྡུར་ནང་བཞུགས་རྒྱུར་བོད་སྐད་བདེ་པོ་དང་རྒྱུག་པོ་དགོས་པའི་ཆ་རྐྱེན་ཞིག་ངེས་པར་དུ་བསྐྲུན་དགོས་པ་ལས་དེ་མིན་ཚོང་ཙམ་ལས་ཆབ་སྲིད་ཀྱི་གོ་དོན་སྨན་སླད་གང་ཡང་མ་མངོན།

        Reply
  3. ལྷ་རྒོད། says:
    ལོ་ 7 སྔོན།

    དོན་ལྡན་གྱི་དཔྱད་རྩོམ་ཞིག་སྤེལ་བར་བསྔགས་བརྗོད་དང་ཡི་རང་གཉིས་ཀ་ཡོད།

    Reply
    • ཁྱུང་སེ། says:
      ལོ་ 7 སྔོན།

      འདི་ལོའི་མཛངས་མ་དེ་རྣམ་པ་དང་གཟུགས་བྱད་ཡག་སྡུག་ནི་མི་རང་རང་གིས་སྣང་ཚུལ་ཡིན་དུས་ཅང་བཤད་རྒྱུ་མེད། འོན་ཀྱང་བོད་སྐད་གཙང་མ་ཞིག་རྒྱབ་མི་ཤེས་པ་འདི་ཡིས་ཚོར་སྣང་ཡ་མཚན་ཞིག་སྐྱེས་བྱུང།

      Reply
      • ཚེ་རིང་ says:
        ལོ་ 7 སྔོན།

        རང་མི་རིགས་ཀྱི་་སྐད་གཙང་མ་མི་ཤེས་ན་ངོ་ཚ་ཡིན་

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist