མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

<<གློག་ཀླད་ཚན་རྩལ་>>ཞེས་པའི་དཔེ་དེབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་སྨོན་ལམ་ལགས་ཀྱིས་གསར་ཐོན་བཅས་དངོས་རྩིས་འཕྲུལ་འདི་རིགས་ང་ཚོའི་སྤྱི་ཚོགས་འཚོ་བའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས་ང་ཚོས་དེའི་སྐོར་གྱི་རིག་གནས་ཤེས་བྱ་སྦྱོང་རྒྱུ་གལ་ཆེན་པོ་ཡིན་ཟེར།

tibettimes

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢།༣༠ སྟེང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཚོགས་ཁང་དུ་<<གློག་ཀླད་ཚན་རྩལ་>>ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཕེབས་འདུག

མཛད་སྒོའི་ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲ་ཚིགས་ཇུས་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ནས་ཁོས་ཕྱོགས་སྒྲིག་གནང་བའི་<<གློག་ཀླད་ཚན་རྩལ་>>ཞེས་པའི་ཆེད་དེབ་དེའི་སྐོར་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་བློ་བཟང་སྨོན་ལམ་ལགས་ཀྱིས། ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་ཚན་རྩལ་རིག་གནས་དང་འབྲེལ་བའི་ཐོན་རྫས་གསར་བ་མང་པོ་འཕེལ་བཞིན་ཡོད་སྟབས། མི་ཚང་མ་དེའི་ནང་འཁོར་བསྡད་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༡༣ ལོར་སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་སྒང་འདིར་གསར་ཐོན་དངོས་པོ་མི་གྲངས་ལས་བརྒལ་ཏེ། དངོས་ཟོག་ཐོན་གཉེར་ཁང་མང་པོས་བཟོ་བསྐྲུན་བྱས་པའི་ཁ་པར་ལྟ་བུ་ཡིན་ན། མི་གྲངས་ ༡༠༠ ནང་ཁ་པར་ ༩༧ ཟིན་གྱི་ཡོད་འདུག དེ་བཞིན། ང་ཚོ་བོད་པ་ཡིན་ནའང་མི་གྲངས་ ༡༠༠ ནང་ཁ་པར་དགུ་བཅུ་གོ་གྲངས་ཤིག་ཡོད་ཀྱི་རེད།

སྤྱིར་བཏང་ཀློག་གླད་དང་ཁ་པར་སོགས་གསར་ཐོན་བཅས་དངོས་རྩིས་འཕྲུལ་འདི་རིགས་ང་ཚོའི་སྤྱི་ཚོགས་འཚོ་བའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོས་དེའི་སྐོར་གྱི་རིག་གནས་ཤེས་བྱ་སྦྱོང་རྒྱུ་གལ་ཆེན་པོ་རེད་ལ། དེ་ཡང་གཙོ་བོ་སློབ་གསོའི་ལྟེ་གནས་སློབ་གྲྭ་ཁག་ནང་ངེས་པར་དུ་དེང་གི་ཚན་རྩལ་རིག་པའི་ཤེས་ཡོན་སློབ་གསོ་གཏན་འབེབས་དང་། སློབ་གཉེར་གནང་དགོས་ཀྱི་ཡོད་པ་རེད། ང་ཚོར་དེ་འདྲ་མེད་པའི་རྐྱེན་གྱིས་གཞུང་སྒེར་གང་ཡིན་ཡང་ལས་ཀ་མང་པོ་ཞིག་གི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་རེད། མགོ་སེར་ཚོ་ཡིན་ན་དང་ཐོག་ཞྭ་མོ་དཀར་པོ་གོན་པ་དང་རྗེས་སུ་ཞྭ་མོ་ནག་པོ་གོན་པ་རེད། བོད་པ་ཚོ་ཡིན་ན་དང་ཐོག་ཞྭ་མོ་ནག་པོ་གོན་པ་དང་དེའི་རྗེས་ཞྭ་མོ་དཀར་པོ་གོན་པ་རེད་ཅེས་པའི་བཤད་སྲོལ་ཞིག་འདུག་ཅིང་། དེའི་གོ་དོན་ནི་མགོ་སེར་ཚོས་དང་ཐོག་ཟ་ཁང་ལས་ཀ་ལས་ཞོར་དུ་སློབ་གཉེར་གནང་རྗེས་གཙུག་ལག་རམ་འབྱོམས་པའི་ཞྭ་ནག་པོ་དེ་གོན་པ་དང་། བོད་པ་ཚོས་དང་ཐོག་གཙུག་ལག་རམ་འབྱམས་པའི་ཞྭ་ནག་པོ་དེ་གོན་དང་རྗེས་སུ་ཟ་ཁང་གི་ལས་ཀ་བྱེད་ཀྱི་ཡོད་པར་བཤད་པ་རེད། དེ་དངོས་གནས་འདྲ་བོ་འདུག སྤྱིར་སློབ་སྦྱོང་མ་ཤེས་ན་ནི་མི་སྐྱོན་མོད་མོད། སློབ་སྦྱོང་ཡོད་པའི་བོད་མི་བརྒྱ་ཆ་ ༨༠ ཕྱི་རྒྱལ་དུ་འགྲོ་རྒྱུར་སྔམ་དྲགས་པ་དང་། ཕྱི་རྒྱལ་དུ་ཐོན་དུས་སོ་སོའི་སློབ་སྦྱོང་གང་ཡོད་བརྟེན་ནས་ཟ་ཁང་གི་ལས་གཡོག་ལྟ་བུ་ཞོར་ལས་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན། གོང་དུ་བཤད་པའི་ཞྭ་མོ་དཀར་པོ་གྱོན་པའི་བཤད་རྒྱུན་དེ་བདེན་པ་འདྲ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བས་ང་ཚོ་མི་སུ་དང་སུ་ཡིན་ཡང་། སོ་སོའི་མི་ཚེ་དམིགས་འདུན་དང་དགའ་ཕྱོགས་གང་ཡིན་པ་དེ་ཅིས་ཀྱང་རྒྱུན་འཁྱོངས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

མཇུག་ཏུ། སངས་རྒྱས་རྡོ་རྗེ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ངས་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་འདིའི་ནང་དྲ་ཚིགས་ཀྱི་སྤྱི་ཤེས་དང་། དྲ་ཚིགས་བཟོ་སྟངས་ངོ་སྤྲོད། གློག་ཀླད་ཀྱི་སྤྱི་ཤེས། སྤྱི་བཏང་གི་ཤེས་བྱ། གློག་ཀླད་དང་འབྲེལ་བའི་མིང་ཚིག་ཅེས་ས་བཅད་ལྔ་ཡོད་ཅིང་། དེའི་ནང་ནས་གཙོ་བོ་དེ་དྲ་གནས་མིང་བྱང་གི་སྐོར་ཡིན་པ་དང་། ངས་ད་ལྟའི་བར་ཁྱོན་དྲ་ཚིགས་ ༢༠ ལྷག་ཇུས་འགོད་བྱས་མྱོང་ཡོད་ལ། མ་འོངས་པར་མུ་མཐུད་རང་གི་དགའ་མོས་ལྟར་རང་རེའི་སྤྱི་ཚོགས་ནང་རྩིས་འཕྲུལ་དང་དྲ་ཚིགས་རིག་གནས་ཤེས་བྱའི་ཐད་ནས་ཞབས་འདེགས་ཞུ་འདོད་ཡོད་སྐོར་བརྗོད་སོང་།

<<གློག་ཀླད་ཚན་རྩལ་>>ཞེས་པའི་དཔེ་དེབ་འདིའི་ནང་ས་བཅད་ ༥ དང་། ལེའུ་ཚན་ ༡༣༦ དང་ཤོས་ངོས་ ༡༤༤ གྲུབ་པའི་གློག་ཀླད་ཀྱི་སྤྱི་ཤེས་དང་དྲ་ཚིགས་བཟོ་སྟངས་སྐོར་གྱི་དཔེ་དེབ་ཅིག་ཡིན་ཞིང་། རྩོམ་པ་པོ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་འདས་པའི་མི་ལོ་ཁ་ཤས་རིང་བསགས་པའི་རང་ཉིད་ཀྱི་ཉམས་མྱོང་རྣམས་ལས་ཞོར་ཡིག་ཐོག་ཏུ་འཁོད་དེ་དཔར་དུ་བསྐྲུན་པ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

སྐར་མ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢

མཆན། 2

  1. གངས་རིའི་གཅེས་ཕྲུག says:
    ལོ་ 10 སྔོན།

    དུས་རབས་ཀྱི་འགྲོས་དང་མཐུན་ཞིང་ད་ལྟའི་སྤྱི་ཚོགས་ཀྱི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བའི་དེབ་འདི་འདྲ་ཞིག་བྲིས་པར་ཐུགས་རྗེ་ཆེ་དང་འཚམས་འདྲི་བཀྲིས་བདེ་ལགས་གྲངས་མེད་ཞུ། དེབ་འདི་གང་ནས་རག་གི་ཡོད་མེད་ཤེས་མཁན་རེ་ཡོད་ན་ངོ་སྤྲོད་རེ་གནང་རོགས་ ཤིན་ཏུ་བཀླག་སྙིང་འདོད་ ཁ་དྲོ་

    Reply
  2. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    སྐུ་ཞབས་སངས་རྒྱས་རྡོ་རྗེ་ལགས་ལ་་་རྗེས་སུ་ཡི་རང་དང་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། རིང་མིན་ཁོང་གི་དཔེ་དེབ་དེ་མཇལ་བའི་རེ་བ་བཅངས་ཏེ་ཡོད།།
    དཔེ་དེབ་འདི་ནི་་་བརྡ་འཕྲིན་དང་ཚན་རྩལ་ཆེས་ཆེར་བདོ་བའི་དེང་གི་དུས་སུ་ལེགས་སྐྱེས་ཤིག་ཡིན་པ་སྨྲོས་མེད་རེད།། བཀྲིས་བདེ་ལེཊ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese