མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙི་མེན་བཙོན་འཇུག

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཟུར་བ་ཅང་ཙི་མེན་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་པེ་ཅིན་གྲོང་གྱི་དམག་མིའི་བཙོན་ཁང་དུ་བཅུག་སྐོར་འཁོད་ཡོད་དང་ཁོའི་བུ་ཆེ་བའི་འགྲོ་འདུག་ལའང་བཀག་སྡོམ་བྱས་འདུག་ཟེར།

156364744-480x350

དུས་ཐོག་གསར་གནས་(Epoch Times) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་རྒྱ་ནག་པེ་ཅིན་གྱི་ཆུ་ཚོད་ ༤ བའི་སྟེང་། རྒྱ་ནག་དབུས་དྲག་ཆས་དམག་དོན་ལྷག་ཁང་གི་བཀའ་བཀོད་འོག རྒྱ་ནག་མི་དམངས་དྲག་ཆས་ཉེན་རྟོག་ཚན་པས་གསང་བའི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙི་མེན་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་གཞོན་པར་རྩིས་སྤྲོད་བྱས་ཡོད་སྐོར་འཁོད་འདུག

ཀྲུང་ཨན་ཁྲང་ཟེར་བ་ཞིག་གིས་བརྗོད་པ་ལྟར་ན། ཅང་ཙེ་མེན་དང་ཁོའི་བུ་གཉིས་ཀྱི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་མི་དམངས་དྲག་ཆས་ཉེན་རྟོག་ཚན་པས་ཅང་ཙེ་མེན་དང་ཁོའི་བུ་གཉིས་བཟང་བཙོན་བྱས་པར། རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་དགའ་མགུའི་སྤྲོ་སྐྱིད་གཏོང་གི་ཡོད། ཅེས་སོགས་འཁོད་འདུག

གསར་གནས་དེར་མུ་མཐུད་དུ། ཧྲང་ཧེ་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱ་ནག་དམར་ཤོག་ཁྲིམས་སྒྲིག་ཞིབ་བཤེར་ཁང་གི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་། ཟླ་འདིའི་ཟླ་མགོ་ནས་བཟུང་ཅང་ཙེ་མེན་གྱི་བུ་ཆེ་བ་ཅང་མེན་ཧིང་ཡང་བཀག་སྡོམ་བྱས་ཏེ་ཧྲང་ཧེ་གྲོང་ཁྱེར་ཕྱི་རོལ་དུ་འབྲེལ་གཏུག་མི་ཐུབ་པ་བྱས་ཡོད་པ་དང་། ཅང་མེན་ཧིང་ནི་རྒྱ་ནག་ཧྥ་ལུང་ཀོང་སྒོམ་སྒྲུབ་ཚོགས་པར་སྡང་འཛིན་སུན་བཙིར་གཏོང་མཁན་ཞིག་ཡིན་སྟབས། ཆབ་སྲིད་ཞིབ་འཇུག་པ་ཚོས་ཅང་མེན་ཧིང་གི་སྡུག་སྦྱོང་མནར་གཅོད་འོག་ཧྥ་ལུང་ཀོང་སྒོམ་སྒྲུབ་ཚོགས་པའི་ཚོགས་མི་སྟོང་ཕྲག་མང་པོ་ལྐོག་གསོད་ཐེབས་ཡོད་པར་ཡིད་ཆེས་བྱེད་ཀྱིན་འདུག

གོང་གི་གནས་ཚུལ་དེ་རྒྱ་ནག་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་བསྒྲགས་པ་ཞིག་ཡིན་པ་དང་། སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་གལ་ཏེ་ཐེངས་འདིར་ཅང་ཙེ་མེན་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་ཚེ། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཞི་ཅིན་ཕིན་དང་ཅང་ཙེ་མེན་གཉིས་བར་གྱི་སྲིད་དབང་འཐབ་རྩོད་ཅིག་ཆགས་ཡོད་ཅེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་ ༨ པའི་ཚེས་ ༢༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་དང་པོར་རྒྱ་ནག་དམར་ཤོག་པའི་ཚོགས་པའི་གཙོ་འཛིན་ཟུར་བ་ཅང་ཙེ་མེན་དང་ཁོང་གི་བུ་གཉིས་བཟང་བཙོན་བྱས་ཏེ། ཁོ་ཚོའི་འགྲོ་འདུག་རང་དབང་ལ་དམ་དྲག་བྱེད་མགོ་བརྩམས་ཡོད་འདུག

ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བ་ནས་སྟག་དང་སྦྲང་མ་མཉམ་རྡུང་ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་དང་གཞི་རིམ་དཔོན་རིགས་ཚོར་དམ་དྲག་བྱེད་མགོ་བརྩམས་ཏེ། ཁོ་ཚོར་ལྐོག་ཟ་རུལ་སུངས་དང་སྲིད་དབང་གཏོར་བཤིག་གི་མིང་ཐོག་ནས་ཞིབ་བཤེར་དང་ཕྱིར་འཕུད་གཏོང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོའི་བར་མཐོ་རིམ་དཔོན་རིགས་ ༡༢༠ དང་གཞི་རིམ་དཔོན་རིགས་ ༡༠༠༠༠༠ ལྷག་ལ་ཞིབ་བཤེར་དང་བཙོན་འཇུག་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. བསྟན་ཕུན། says:
    ལོ་ 10 སྔོན།

    ད་དུང་རྒྱ་ནག་དཔོན་རིགས་རྐུན་མ་མང་པོ་ཡོད་པ་ཆ་ཚང་ཁྲིམས་ཐོག་ནས་ཉེས་ཆད་ཕོགས་པའི་རེ་བ་དང་། བོད་ནང་སྐྱིད་པའི་ཉི་མ་གང་ཉུར་ཤར་བའི་སྨོན་ལམ་ཞུ།

    Reply
  2. བསྟན་དབང། says:
    ལོ་ 10 སྔོན།

    བདེན་པ་ཡིན་པ་ཤོགས་ བདེན་པ་ཡིན་ན་ལས་འབྲས་ཚེ་འདིར་འཁོར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese