མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་དོན་གཉེར་བ་གཉིས་ལ་ལོ་བཅུ་ལྷག་གི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་དང་རྒྱ་ནང་གི་དམངས་གཙོའི་སྐོར་གྱི་རྩོམ་ཡིག་བྲིས་ཏེ་ཕྱིའི་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་སྤེལ་བའི་ནག་ཉེས་ཐོག་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལུ་ཀིང་སུང་དང་ཁྲིན་ཧྲུ་ཆེན་གཉིས་ལོ་སོར་ལོ་བཅུ་གཅིག་དང་བཅུ་དང་ཕྱེད་བཅས་ཀྱི་ཁྲིམས་ཐག་བཅད་འདུག

༡༢༣ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ཤར་རྒྱུད་ཀྲེ་ཅང་ཞིང་ཆེན་ཧང་ཀྲུའུ་ (Hangzhou) གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ནང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལུ་ཀིང་སུང་ (Lu Gengsong) གིས་ཕྱིའི་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་རྒྱ་ནང་གི་དམངས་གཙོའི་སྐོར་གྱི་རྩོམ་ཡིག་སྤེལ་བ་དང་རྒྱ་ནག་གཞུང་གིས་འགོག་སྡོམ་བྱེད་པའི་ “རྒྱ་ནག་དམངས་གཙོ་ཚོགས་པའི” (China Democratic Party) ནུས་སྟོབས་གོང་སྤེལ་བཏང་བའི་ཉེས་མིང་ཐོག་ལོ་ ༡༡ ཁྲིམས་ཐག་བཅད་པ་དང་། ཁྲིན་ཧྲུ་ཆེན་ (Chen Shuqing) གྱིས“རྒྱ་ནག་དམངས་གཙོ་ཚོགས་པར”རྒྱབ་སྐྱོར་བྱས་པའི་ཉེས་མིང་ཐོག་ལོ་ ༡༠ དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁྲིན་ཧྲུ་ཆེན་གྱི་ཁྲིམས་རྩོད་པ་ཧྥི་ཡོང་ཀང་ (Fu Yonggang) ཟེར་བ་ཞིག་གིས་ཁོ་རང་རྒྱ་ནག་ཧང་ཀྲུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ནང་བཅར་ཐུབ་མེད་པ་དང་། ཁྲིན་ཧྲུ་ཆེན་གྱིས་ཁོ་རང་གི་ཉེས་ཆད་དང་ལེན་བྱེད་མིན་གྱི་སྐད་ཆ་མང་པོ་བཤད་མེད་ཅིང་། དེ་སྔོན་ཁོས་རང་ཉིད་ཀྱི་ནག་ཉེས་ཅི་བསགས་ཡོད་པའི་བདེན་དབང་ར་སྤྲོད་དགོས་སྐོར་བཤད་ཡོད་པ་རེད། ཅེས་བརྗོད་འདུག

ཧོང་ཀོང་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞིབ་མཇུག་པ་ཕོན་ (Poon) ཟེར་བ་ཞིག་གིས་གློག་འཕྲིན་གྱི་ལམ་ནས་ཧུ་ཅིན་ཐོ་དང་འདྲ་བའི་རྒྱ་ནག་གི་དབང་འཛིན་པ་སྔོན་མ་ཚོའི་སྲིད་དབང་དུས་སྐབས་དང་བསྡུར་ན། ཞི་ཅིན་ཕིན་གྱི་སྲིད་དབང་དུས་སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་འགལ་བྱེད་མཁན་ཚོའི་ཐོག་དམ་དྲག་ཤུགས་ཆེར་ཕྱིན་ཡོད་པ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དེ་གཉིས་ལ་བཅད་པའི་ཉེས་ཆད་དེ་ཡང་འཆར་ཅན་གྱི་གདུག་རྩུབ་ཅིག་ཡིན་ཞིང་། ཁོང་གཉིས་སྔོན་ཆད་ཧུ་ཅིན་ཐོ་ཡི་སྲིད་དབང་དུས་སྐབས་སུའང་ལོ་ ༤ ཉེས་ཆད་ཁྲིམས་ཐག་བཅད་ཡོད་པ་རེད། ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལུ་ཀིང་སུང་ད་ལྟ་ལོ་ ༦༠ ཡིན་པ་དང་། ཁོ་སྔོན་ཆད་རྒྱ་ནག་ཉེན་རྟོག་སློབ་ཆེན་གྱི་དགེ་རྒན་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་མགོ་རྟིང་སློག་པའི་ཉེས་མིང་ཐོག་ལོ་ ༤ ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༡༡ ལོར་ཀློད་གྲོལ་བཏང་བ་དང་། ཁྲིན་ཧྲུ་ཆེན་ཕྱི་ལོ་ ༡༩༨༩ ལོར་སློབ་ཕྲུག་ཚོའི་ཡར་ལངས་སྐབས་སུ་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ལོ་ ༤ ཁྲིམས་ཐག་བཅད་པ་དེ་ཕྱི་ལོ་ ༢༠༡༠ ལོར་བཙོན་གྲོལ་བཏང་ཡོད་པ་རེད།

ད་ལན་ཁོང་གཉིས་ལ་ཁྲིམས་གཅོད་ཀྱི་ཉེས་དོན་གཙོ་བོ“རྒྱ་ནག་དམངས་གཙོ་ཚོགས་པར”རྒྱབ་སྐྱོར་དང་རྒྱ་ནང་གི་དམངས་གཙོའི་སྐོར་གྱི་རྩོམ་ཡིག་བྲིས་ཏེ་ཕྱིའི་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་འགྲེམ་སྤེལ་བྱས་པ་དེ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༥ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese