མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་ཝེ་རུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོཊ་ཆེན་ཐེངས་ ༡༤ པ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༤ པ་ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༤ བར་ནོར་ཝེའི་བྷིར་གྷིན་གཙུག་ལག་སློབ་ཆེན་གྱི་ནང་འཚོགས་བཞིན་ཡོད་འདུག

13493018_1315896681759180_1846025872_nཁ་སང་ཕྱི་ཚེས་ ༡༩ ཉིན་ནོར་ཝེ་བྷིར་གྷིན་ (Bergen) གྲོང་ཁྱེར་གྱི་བྷིར་གྷིན་གཙུག་ལག་སློབ་ཆེན་ (University of Bergen) དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ནང་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་ལགས་དང་ལོ་རྒྱུས་རིག་པ་བ་རྒྱལ་མོ་འབྲུག་པ། རྒྱལ་ཐང་བཀྲ་ཤིས་ཚེ་རིང་སོགས་ཕེབས་ཡོད་པ་དང་། བཙན་བྱོལ་ནང་ནས་ཨ་མྱེ་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། ཨོ་སི་ཊོ་ལི་ཡར་གནས་སྡོད་ལོ་ཙཱ་བ་ཆུང་ཚེ་རིང་ལགས། ཝར་ཎཱ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་བེ་རི་འཇིགས་མེད་དབང་རྒྱལ་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སོགས་ཀྱིས་གཙོས་བཙན་བྱོལ་ནང་གི་རྩོམ་པ་པོ་དང་ལོ་རྒྱུས་ཞིབ་འཇུག་པ་སོགས་མཉམ་ཞུགས་གནང་ཡོད་པ་བཅས་ཁྱོན་མི་གྲངས་ ༥༠༠ ཡས་མས་འཛོམས་ཡོད་འདུག

དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཚོགས་ཆེན་གོ་སྒྲིག་པ་ལྕམ་ཧ་ན་(Hana Havnevic)ལགས་ཀྱིས་ཚོགས་ཆེན་གྱི་ལས་རིམ་ཁག་ངོ་སྤྲོད་གནང་རྗེས། ཤར་ནུབ་གཙུག་ལག་སློབ་ཆེན་ཁག་གི་སྐུ་ཚབ་རྣམ་པ་དང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཚེ་རིང་ཤཀྱ་ལགས་བཅས་ཀྱིས་དགའ་བསུའི་གསུང་བཤད་གནང་ཡོད་པ་དང་། ཚོགས་གཙོ་ཚེ་རིང་ཤཀྱ་ལགས་ཀྱིས་ད་ལན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནོར་ཝེ་ནང་ཚོགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་ལ། ནོར་ཝེ་ཡི་བོད་རིག་པ་བ་ཚོས་ཡུལ་དེའི་གཙུག་ལག་སློབ་ཆེན་ཁག་དང་བོད་ནང་གི་ཞིབ་འཇུག་ལྟེ་གནས་ཁག་གི་བར་འབྲེལ་མཐུད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། བོད་རིག་པ་བ་མང་པོ་སྐྱེད་སྲིང་བྱས་ནས་བོད་ནང་གི་རིམ་པ་འདྲ་མིན་གྱི་ཤེས་ཡོན་ལྟེ་གནས་མང་པོའི་ནང་ཕྱག་ལས་གནང་བཞིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱིས་བོད་རིག་པ་བ་ཚོར་གོ་རྟོགས་གོང་འཕེལ་དང་རིག་གནས་བརྗེ་རེས་ཀྱི་གོ་སྐབས་བསྐྲུན་གྱི་ཡོད་ལ། ཚོགས་ཆེན་བརྒྱུད་ཚོགས་ཞུགས་པ་ཚང་མས་རྒྱུས་མངའ་བསྐྱར་གསོ་དང་འབྲེལ་ལམ་གསར་པ་འཛུགས་པ་དང་། དེ་བཞིན་རིག་གནས་བརྗེ་ལེན་བཅས་གནང་དགོས་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཚེས་ ༢༤ བར་དུ་ཚོགས་ཀྱི་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་དང་པོར་བོད་རིག་པའི་ཞིབ་འཇུག་པ་ལྕམ་ས་ར་ (Sarah jacoby) ལགས་ཀྱིས་༼བོད་རིག་པའི་ཞིབ་འཇུག་དང་གླེང་མོལ་གྱི་སྒྱུ་རྩལ༽་ཞེས་པའི་ཐོག་གཏམ་བཤད་གནང་བ་དང་། དེ་ནས་དབྱིན་ཇིའི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་ (University of Oxford) གྱི་བླ་མ་སྐྱབས་ལགས་ཀྱིས་༼སྐད་ཡིག་སྲོག་སྙིང་དུ་བཟུང་ནས་ཤེས་བྱས་མ་བཤད་པ་དག་བཤད་པ༽་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་གྲངས་ལྔ་ཙམ་གྱི་རིང་བོད་རིག་པའི་ཞིབ་འཇུག་པ་ཁག་ཅིག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས། རྩོམ་རིག་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་རྒྱུ་དང་། རྩོམ་པ་པོ་དང་ཞིབ་འཇུག་པ་ཚོའི་ཆེད་རྩོམ་ ༤༥༠ ཙམ་སྒྲོག་སྦྱངས་གནང་རྒྱུ་ཡིན་ལ། ཆེད་རྩོམ་མང་ཆེ་བ་ཞིག་ཕྱི་རྒྱལ་གྱི་མི་རིགས་ཚོས་བྲིས་པ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༢༠ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese