མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་ཡུལ་གྱར་བའི་གྲངས་འབོར་དམག་ཆེན་གཉིས་པའི་དུས་ལས་བརྒལ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཕན་ཚན་བར་གྱི་ཟིང་འཁྲུག་དང་ཞེ་འཁོན་གྱི་རྐྱེན་པས་ན་ནིང་གཅིག་པུར་འཛམ་གླིང་ཕྱོགས་མཐའི་སྐྱབས་བཅོལ་བ་དང་ཡུལ་གྱར་བ་ས་ཡ་ ༦༥.༣ ཙམ་ཡུལ་མེད་བྲོས་བྱོལ་བ་ཆགས་ཡོད་འདུག

s3.reutersmedia

 དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ནས་སྙན་ཐོ་ཞོག་བཏོན་ཏེ་ན་ནིང་གཅུག་པུར་འཛམ་གླིང་ཡུལ་གྲུ་ཁག་གི་ཟིང་འཁྲུག་དང་མཐའ་མཚམས་ཁག་གི་དམ་དྲག་ཁྲིམས་སྒྲིག་བཅས་ཀྱི་རྐྱེན་པས་བཙན་བྱོལ་བ་ས་ཡ་ ༦༥.༣ ཡུལ་མེད་ཆགས་ཡོད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་ཧྥེ་ལེ་ཕོ་གྷ་རན་ཌེ་ (Filippo Grandi) ཟེར་བ་ཞིག་གིས་མཚོ་དཀྱིལ་རྒྱ་མཚོ་ (Mediterranean) བརྒྱུད་དེ་ཡུ་རོབ་གླིང་ཕྲན་ཁག་ཏུ་འབྱོར་བའི་སྐྱབས་བཅོལ་བ་དང་ཡུལ་གྱར་བའི་དཀའ་རྙོག་མ་སེལ་ཚེ། དཀའ་རྙོག་དེ་རིམ་པས་ཁྱེད་རང་ལའང་འཕྲད་སྲིད། སྟོབས་ཆེན་རྒྱལ་ཁབ་ཁག་གི་མི་མང་གིས་དུས་ཡུན་རིང་བོའི་དཀག་རྙོག་དེ་ལ་ངེས་ཤེས་བསྐྱེད་དགོས་པ་དང་། སྐྱབས་བཅོལ་བའི་དཀའ་རྙོག་སེལ་ཐབས་སུ་ང་ཚོས་ཆབ་སྲིད་ཀྱི་བྱ་འགུལ་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་ནང་གི་འཁྲུག་ཟིང་ཞི་འཇགས་གཏོང་དགོས་མོད། སྟབས་ཉེས་པ་ཞིག་ལ། རྒྱལ་ཁབ་ཕན་ཚུན་བར་དགྲ་འཛིན་གྱི་ཞེ་འཁོན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། མཐའ་མཚམས་ཁག་གི་ཁྲིམས་སྒྲིག་དང་འབྲེལ་བའི་རྩོད་རྙོག་འཕེལ་བཞིན་ཡོད་པ་དང་། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་མཐའ་མཚམས་ཁག་ཏུ་དུས་ཡུན་རིང་བོར་སྐྱབས་བཅོལ་བའི་གཞི་རྩའི་ཐོབ་ཐང་གི་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་གཏོང་གི་འདུག ཅེས་སོགས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ནས་བཏོན་པའི་སྙན་ཐོ་དེའི་ནང་། ན་ནིང་གཅུག་པུར་འཛམ་གླིང་ཕྱོགས་མཐའི་སྐྱབས་བཅོལ་བ་དང་ཡུལ་གྱར་བ་ས་ཡ་ ༦༥.༣ ཡོད་པ་དང་ཕྱི་ལོ་ ༢༠༡༤ ལོར་ས་ཡ་ ༥༩.༥ ཟིན་པ་དེ་མ་འོངས་ལོ་ ༥ ནང་སྐྱབས་བཅོལ་བ་དང་ཡུལ་གྱར་བ་བརྒྱ་ཆ་ ༥༠ འཕེལ་བ་ཡིན་ན། སའི་གོ་ལའི་སྟེང་གི་མི་ ༡༡༣ གྲས་ནས་མི་ ༡ སོ་སོའི་ཡུལ་ལུང་ནས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འབྱོལ་དགོས་ཆགས་ཀྱི་ཡོད་འདུག

སི་རི་ཡ་དང་ཨ་ཧྥི་གྷ་ནེ་སི་ཐན། བྷུ་རུན་ཌེ་དང་ལྷོ་སུ་ཌན་རྒྱལ་ཁབ་བཅས་ཀྱི་ཡུལ་མི་ཚོ་རྒྱལ་ཁབ་གཞན་ནང་སྡེབ་བྱོལ་བྱེད་ཀྱིན་ཡོད་པ་དེ་ཁྱོན་མི་འབོར་ས་ཡ་ ༢༡.༣ ཟིན་གྱི་ཡོད་པ་དང་། གྲངས་འབོར་དེའི་ཕྱེད་ཙམ་བྱིས་པ་ཡིན་པ་དང་། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་གིས་འཛམ་གླིང་ཕྱོགས་མཐའི་ཡུལ་བྱོལ་བའི་བརྒྱ་ཆ་ ༨༦ སྣེ་ལེན་བྱེད་ཀྱིན་ཡོད་པ་དང་། ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ནང་སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་ ༢.༥ བླངས་ཡོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འགྲོ་བ་མིའི་དཀའ་རྙོག་ཆེ་ཤོས་དེ་སི་རི་ཡའི་རྒྱལ་ནང་དུ་འབྱུང་གི་ཡོད་པ་དང་། སི་རི་ཡའི་ཡུལ་མི་ས་ཡ་ ༥.༦ རྒྱལ་ཁག་གཞན་ནང་འཚོ་སྡོད་བྱས་ཡོད་ཅིང་། ས་ཡ་ ༤.༨ ཙམ་གྱིས་རྒྱལ་ཁབ་གཞན་ནང་སྐྱབས་གནས་འཚོལ་བཞིན་ཡོད་སྐོར་སོགས་འཁོད་འདུག

གཞན། སེ་ཨན་ཨན་གསར་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་སྙན་ཐོ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༥ ལོ་མཇུག་ནས་ཨི་རག་རྒྱལ་ནང་གི་འཁྲུག་ཟིང་ཟམ་མ་ཆད་པར་ཡུལ་མི་ས་ཡ་ ༤.༤ སོ་སོའི་ཡུལ་ལུང་དང་ཁ་འབྲལ་དགོས་བྱུང་ཡོད་པ་དང་། དེའི་གྲས་ཀྱི་ཕྱེད་ཙམ་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འཚོ་སྡོད་བྱས་ཡོད་པ་དང་། རྒྱལ་ནང་གི་ཟིང་འཁྲུག་དང་རྩོད་རྙོག་སྣ་ཚོགས་ཀྱི་རྐྱེན་པས། ཁོ་ཚོས་སོ་སོའི་གྲོགས་ཉེ་དུ་དང་རང་ཡུལ་སྤྱི་ཚོགས། རྒྱུ་དངོས་གཞིས་དང་ལས་གནས། སློབ་གྲྭ་སོགས་བསྐྱུར་ཏེ་ཡུལ་ལུང་གཞན་ནང་བདེ་འཇགས་ཀྱི་འཚོ་གནས་ཐུབ་པའི་རེ་འདུན་བཅངས་ཡོད་འདུག

སྙན་ཐོ་དེའི་ནང་བཏོན་པའི་སྐྱབས་བཅོལ་བ་དང་ཡུལ་གྱར་བའི་གྲངས་འབོར་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་སྐྱབས་བཅོལ་བའི་གྲངས་འབོར་ལས་བརྒལ་ཏེ་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་དཀའ་རྙོག་ཆེ་ཤོས་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་འཛམ་གླིང་སྒང་གི་སྐྱབས་བཅོལ་བའི་གྲངས་འབོར་དེ་དབྱིན་ཡུལ་གྱི་མི་འབོར་ལས་ཆེ་ཞིང་། གལ་ཏེ་སྐྱབས་བཅོལ་དེ་ཚོ་རྒྱལ་ཁབ་ཅིག་ཏུ་གྲུབ་པའི་དབང་དུ་བཏང་ན། དེ་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེ་ཤོས་ཆགས་ཀྱི་ཡོད་འདུག

སྐྱབས་བཅོལ་བའི་བརྒྱ་ཆ་ ༥༤ ཨ་ཧྥི་གྷ་ནེ་སི་ཐན་དང་སི་རི་ཡ། སོ་མ་ལེ་ཡ་བཅས་ནས་ཞིང་། སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་ ༤. ༩ དང་། ཨ་ཧྥི་གྷ་ནེ་སི་ཐན་གྱི་སྐྱབས་བཅོལ་བ་ས་ཡ་ ༢.༧ དང་སོ་མ་ལེ་ཡའི་སྐྱབས་བཅོལ་བ་ས་ཡ་ ༡.༡ ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་སུ་འབྱོར་བའི་སྐྱབས་འཚོལ་སྙན་ཞུའི་ནང་། སོ་སོའི་ནང་མི་བྲལ་བའི་བྱིས་པ་ ༩༨,༤༠༠ ཟིན་གྱི་ཡོད་པ་དང་། བྱིས་པ་སྐྱབས་བཅོལ་བ་དེ་དག་ཚང་མ་ཨ་ཧྥི་གྷ་ནེ་སི་ཐན་དང་ཨ་རེ་ཊི་རིན། སི་རི་ཡ་དང་སོ་མ་ལེ་ཡ་ནས་ཡིན་འདུག

ཕྱི་ལོ་ ༢༠༡༥ ལོར་ཨ་ཧྥི་གྷ་ནེ་སི་ཐན་དང་སོ་མ་ལེ་ཡ། ཨ་ཧྥི་རེ་ཁ་དབུས་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་སྐྱབས་བཅོལ་བ་ ༢༠༠,༠༠༠ ལྷག་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་ཡོད་ནའང་། ད་དུང་སྐྱབས་བཅོལ་བ་ ༡༠༧,༡༠༠ འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁབ་ནང་འཚོ་སྡོད་བྱས་ཡོད་པ་དང་། ཨ་རིའི་ནང་སྐྱབས་བཅོལ་བ་ ༦༦,༥༠༠ ཡོད་པ་དང་། ཊུར་ཀིའི་ནང་སྐྱབས་བཅོལ་བ་ས་ཡ་ས་ ༢.༥ དང་པ་ཀི་སི་ཐན་ནང་ས་ཡ་ ༡.༦། ལི་བྷ་ནོན་ནང་ས་ཡ་ ༡.༡། ཨེ་རན་ནང་ ༩༧༩,༠༠༠། ཨ་ཐོ་ཕེ་ཡ་ནང་ ༧༣༦,༠༠༠ ཡོད་པ་དང་། ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ནས་འཛམ་གླིང་ཕྱོགས་མཐའི་སྐྱབས་བཅོལ་བར་སྣེ་ལེན་ཞུས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese