མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་ཕ་ཡུལ་གྱི་དགེ་རྒན་མང་ཆེ་བ་རྒྱ་རིགས་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་ཁུལ་ནས་ཡིན་པའི་དགེ་འདུན་པ་ཞིག་གིས་ཁོའི་ཕ་ཡུལ་གྱི་སློབ་གྲྭ་ཁག་གི་བསླབ་གཞི་གཙོ་བོ་རྒྱ་ཡིག་ཡིན་ལ་དགེ་རྒན་མང་ཆེ་བ་རྒྱ་རིགས་ཡིན་ཡང་། ཕ་ཡུལ་གྱི་བླ་མ་དགེ་བཤེས་སོགས་ཀྱི་ལམ་སྟོན་འོག་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་འཁྲིད་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་།

indexཟླ་འདིའི་ཕྱི་ཚེས་ ༢༠ ཉིན་དྷ་ས་དབུས་སྣེ་ལེན་ཁང་དུ་བོད་མི་ ༡༤ གསར་དུ་འབྱོར་ཡོད་ཅིང་། གསར་དུ་འབྱོར་མཁན་མང་ཆེ་བ་གྲྭ་བ་ཡིན་པ་དང་། འདི་གའི་གསར་འགོད་པས་གྲྭ་ལེགས་བཤད་ལགས་སུ་བོད་ནང་གི་སློབ་གྲྭ་ཁག་གི་སློབ་གསོའི་གནས་སྟངས་སྐོར་ནས་སྐད་ཆ་དྲིས་པར། ཁོའི་ཕ་ཡུལ་གྱི་བླ་མ་དགེ་བཤེས་དང་སློབ་གཉེར་བ་མང་པོས་སློབ་གྲྭ་ཁག་ནང་བོད་ཡིག་སློབ་འཁྲིད་དགོས་སྐོར་གོང་རིམ་ལ་ཡར་ཞུ་བྱས་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོའི་ཕ་མ་ཚོར་ང་ཚོས་སོ་སོའི་སྐད་དང་ཡི་གེ་མ་ཤེས་ན་ངོ་ཚ་རེད་ཅེས་མང་པོ་བཤད་པར་བརྟེན་ནས་དེང་སང་ངའི་ཕ་ཡུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་འཁྲིད་བྱེད་ཀྱིན་ཡོད་ནའང་། འཁྲིད་གཞི་གཙོ་བོ་རྩིས་རིག་དང་ཚན་རིག་ཡིན་པ་དང་དེ་ཚོ་ཚང་མ་རྒྱ་ཡིག་ནང་སློབ་འཁྲིད་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་།

ཁོང་ལ་དེང་སྐབས་ཁོའི་ཕ་ཡུལ་དུ་སློབ་གྲྭ་ག་ཚོད་ཡོད་མེད་དྲིས་པར་ཁོས། ང་ཚོའི་ཕ་ཡུལ་དུ་སློབ་གྲྭ་གཉིས་ཡོད་པ་དང་། འབར་ཁམས་རྫོང་ཐོག་ཏུ་སློབ་གྲྭ་བཞི། འབར་ཁམས་རྫོང་ཁོངས་སུ་ཕལ་ཆེར་སློབ་གྲྭ་ ༢༠ ལྷག་ཡོད་ས་རེད། ངའི་ཕ་ཡུལ་གྱི་སློབ་གྲྭའི་ནང་སློབ་ཕྲུག་ ༡༠༠ ཡས་མས་ཤིག་ཡོད་ས་རེད། དེང་སྐབས་ཕ་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་སྟབས། ཕ་མ་མང་ཆེ་བས་སོ་སོའི་བུ་ཕྲུག་སློབ་གྲྭར་གཏོང་གི་ཡོད་ཅིང་། མང་ཆེ་བས་རྫོང་ཐོག་གི་སློབ་གྲྭ་ཁག་ཏུ་གཏོང་བཞིན་འདུག ཅེས་དང་།

ཁོང་ལ་སློབ་གྲྭ་ཁག་ནང་སློབ་ཚན་ག་རེ་འཁྲིད་ཀྱི་ཡོད་པ་དང་། རྒྱ་ཡིག་བོད་ཡིག་གང་གཙོ་གཉེར་བྱེད་ཀྱིན་ཡོད་མེད་དྲིས་པར་ཁོས། སྔོན་མ་ང་ཚོའི་སློབ་ཆུང་ནང་རྒྱ་ཡིག་མ་གཏོགས་བོད་ཡིག་ཡོད་པ་མ་རེད། སྐབས་དེར་འཁྲིད་གཞི་གཙོ་བོ་རྩིས་རིག་དང་ཚན་རིག་སྐོར་ཡིན་པ་དང་། སྐབས་རེར་དབྱིན་ཡིག་འཛིན་གྲྭ་རེ་ཡོད་པ་རེད། དེ་ཚང་མ་རྒྱ་ཡིག་ནང་སློབ་འཁྲིད་བྱེད་ཀྱིན་འདུག དེང་སྐབས་ངའི་ཕ་ཡུལ་གྱི་བླ་མ་དགེ་བཤེས་དང་སློབ་གཉེར་བ་མང་པོས་སློབ་གྲྭ་ཁག་ནང་བོད་ཡིག་སློབ་འཁྲིད་དགོས་སྐོར་གོང་རིམ་ལ་ཡར་ཞུ་བྱས་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོའི་ཕ་མ་ཚོར་ང་ཚོས་སོ་སོའི་སྐད་དང་ཡི་གེ་མ་ཤེས་ན་ངོ་ཚ་རེད་ཅེས་མང་པོ་བཤད་པར་བརྟེན་ནས་དེང་སང་ངའི་ཕ་ཡུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་འཁྲིད་བྱེད་ཀྱིན་ཡོད་ནའང་། བསླབ་གཞི་གཙོ་བོ་རྩིས་རིག་དང་ཚན་རིག་ཡིན་པ་དང་དེ་ཚོ་ཚང་མ་རྒྱ་ཡིག་ནང་སློབ་འཁྲིད་བྱེད་ཀྱིན་འདུག ན་ནིང་དོ་ཚིགས་ངའི་ཨ་ཞང་གཙོས་པའི་ངའི་ཕ་ཡུལ་གྱི་སློབ་གཉེར་བ་ཚོས་དགུན་སེང་སྐབས་སུ་སྡེ་བའི་ནང་བོད་ཡིག་ཟུར་འཁྲིད་བྱེད་འདུག ངའི་ཨ་ཞང་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན། ཞེས་བརྗོད་བྱུང་།

ཡང་ཁོའི་ཕ་ཡུལ་གྱི་སློབ་ཐོན་པ་ཚོས་ལས་ཀ་གཙོ་བོ་ག་རེ་གཉེར་གྱིན་ཡོད་མེད་དྲིས་པར་ཁོས། དེང་སང་སློབ་གྲྭར་འགྲོ་མཁན་སློབ་ཆེན་སློབ་མ་མང་པོར་ལས་ཀ་རག་གི་མི་འདུག སློབ་ཐོན་སློབ་མ་ཕལ་ཆེ་བ་སྨན་པ་དང་། རང་རྫོང་རང་ཤང་གི་ལས་བྱེད་པ་བྱེད་ཀྱིན་འདུག ལས་བྱེད་པ་ཚོས་ལས་ཀ་ཁག་པོ་ལས་མི་དགོས་པ་དང་གླ་ཕོག་ཡོང་གི་ཡོད་པ་རེད། ལས་བྱེད་པའི་ལས་གནས་རག་ན་ཅུང་སྐྱིད་པོ་ཡོད་ས་རེད། དེ་བས་མང་བ་ཆེ་བ་སྨན་པ་དང་ལས་བྱེད་པ་བྱེད་ཀྱིན་འདུག ཅེས་བརྗོད་བྱུང་།

ཁོའི་ཕ་ཡུལ་ནས་ཕ་མ་ཚོས་སོ་སོའི་བུ་ཕྲུག་སློབ་གྲྭར་བཏང་སྟེ་རེ་བ་གཙོ་བོ་ག་རེ་རྒྱག་གི་ཡོད་མེད་སྐོར་ལ་ཁོས། དེ་ངས་གསལ་བོ་ཞིག་མི་ཤེས་ཏེ། ཕལ་ཆེར་ཕ་མ་མང་ཆེ་བས་རྗེས་ཕྱོགས་ངའི་བུ་ཕྲག་ཡག་པོ་ཞིག་ཆགས་ན་བསམ་གྱི་ཡོད་པ་དང་། སོ་སོའི་བུ་ཕྲག་ཚོ་སློབ་གྲྭ་ཐོན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་། ཡང་ན་ལས་གནས་གཞན་ཡག་པོ་ཞིག་རག་ན་བསམ་གྱི་ཡོད་ཀྱི་རེད། སྔོན་ཆད་ཕ་མ་ཚོའི་མི་ཚེ་འཚོ་གནས་ལ་དཀའ་ལས་ཧ་ཅང་ཡོད་པ་རེད། དེ་བས་སོ་སོའི་བུ་ཕྲུག་ཚོར་རྗེས་ཕྱོགས་རྒྱལ་ཁབ་ཀྱི་ལས་བྱེད་པའི་ལས་གནས་ཤིག་རག་ན་བསམ་པའི་རེ་བ་རྒྱག་གི་ཡོད་པ་རེད་ཅེས་ཟེར།

ཁོའི་ཕ་ཡུལ་ནས་གཞོན་སྐྱེས་མང་ཆེ་བས་ལས་རིགས་ག་རེ་གཉེར་གྱིན་ཡོད་པ་དང་། སྤྱི་ཚོགས་ནང་མཐོང་ཆེ་ཤོས་དེ་ལས་རིགས་ག་རེ་ཡིན་མིན་དྲིས་པར་ཁོས། སྤྱིར་བཏང་ང་ཚོའི་ཕ་ཡུལ་དུ་ཞིང་ཕྱུག་གཉི་ག་གཉེར་གྱིན་ཡོད་ནའང་། གཙོ་ཆེ་བ་ཞིང་ལས་གཉེར་གྱིན་ཡོད། ཕ་ཆེར་རང་ལོ་ ༡༦ མན་ཆད་ཀྱི་ཞིང་འབྲོག་གི་བུ་ཕྲུག་མང་ཆེ་བ་སློབ་གྲྭར་འགྲོ་བཞིན་འདུག གཞན་ཁྱིམ་འཛིན་མང་ཆེ་བ་རང་དགར་སྡོད་པ་དང་། རེ་ཟུང་གིས་རྡོ་བཟོ་དང་ཤིང་བཟོ་སོགས་ཀྱི་ལས་རིགས་གཉེར་གྱིན་འདུག ཁྱིམ་འཛིན་མ་ཡིན་པའི་གཞོན་སྐྱེས་ཚོ་གྲོང་དང་གྲོང་ཁྱེར་ཁག་ཏུ་ཞོར་ལས་ལ་འགྲོ་བཞིན་འདུག ངའི་ཕ་ཡུལ་དུ་གཙོ་བོ་ཆོས་ཕྱོགས་ལ་དགའ་མོས་དད་གུས་བྱེད་ཀྱིན་འདུག ལས་རིགས་ཀྱི་ཕྱོགས་ནས་ཤིང་བཟོ་རྡོ་བཟོའི་ལས་རིགས་ལ་དོ་སྣང་བྱེད་ཀྱིན་འདུག་ཅིང་། མང་ཆེ་བས་རྒྱལ་ཁབ་ཀྱི་ལས་བྱེད་པའི་ལས་རིགས་ལ་མཐོང་ཆེན་བྱེད་ཀྱིན་འདུག ཅེས་བརྗོད་སོང་།

ཁོའི་ཕ་ཡུལ་གྱི་སློབ་གྲྭ་ཁག་གི་དགེ་རྒན་མང་ཤོས་བོད་རིགས་རྒྱ་རིགས་གང་ཡིན་མིན་སྐོར་ལ་ཁོས། ངའི་ཕ་ཡུལ་གྱི་དགེ་རྒན་མང་ཆེ་བ་རྒྱ་རིགས་རེད། བོད་རིགས་དགེ་རྒན་ཉུང་ཉུང་རེད། རྒྱ་རིགས་དགེ་རྒན་ཚོས་བོད་སྐད་ཤེས་ཀྱི་མི་འདུག སློབ་ཕྲུག་ཚོ་སློབ་གྲྭར་སོང་རྗེས་ངེས་པར་དུ་རྒྱ་ཡིག་རྒྱ་སྐད་སྦྱོང་དགོས་པ་རེད། ཁོར་ཡུག་གི་དབང་གིས་རྒྱ་ཡིག་རྒྱ་སྐད་སྦྱོང་རྒྱུ་ཅུང་སླ་པོ་འདུག དེང་སྐབས་ངའི་ཕ་ཡུལ་གྱི་སློབ་གྲྭའི་ནང་བོད་ཡིག་འཁྲིད་མཁན་བོད་ཡིག་དགེ་རྒན་འདུག་ཀྱང་། སློབ་གྲྭ་གཞན་ནང་ག་རེ་ཡོད་མེད་ངས་མི་ཤེས། ཕལ་ཆེར་འབར་ཁམས་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ནང་གི་དགེ་རྒན་མང་ཆེ་བ་རྒྱ་རིགས་ཡིན་ས་རེད། སྤྱིར་ན་ངའི་ཕ་ཡུལ་དུ་གཙོ་བོ་རྒྱལ་རོང་སྐད་དང་རྒྱ་སྐད་བཤད་ཀྱི་ཡོད་པ་རེད། དེང་སང་རྒྱ་སྐད་བཤད་ན་ངོ་ཚར་བརྩི་ཡི་འདུག བོད་ཡིག་ལ་ཅུང་མཐོང་ཆེན་བྱེད་ཀྱིན་འདུག མང་ཆེ་བས་རང་གི་སྐད་དང་ཡི་གེ་མ་ཤེས་ན་ངོ་ཚ་རེད་ཅེས་བཤད་ཀྱིན་འདུག་ལ། ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བླ་མ་དགེ་བཤེས་དང་མཁས་པ་དེ་ཚོས་རང་གི་སྐད་དང་ཡི་གེ་སྦྱོང་དགོས་སྐོར་གསུང་གི་འདུག དེ་བས་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་རྒྱལ་རོང་སྐད་བཤད་ཀྱི་འདུག རྒྱལ་རོང་སྐད་ནང་བརྡ་རྙིང་མང་པོ་ཡོད་པ་རེད། ང་ཕ་ཡུལ་ན་ཡོད་དུས་མཚམས་ལན་རེར་ངའི་ངོ་ཤེས་གྲོགས་པོ་ཚོའི་སྐད་འཕྲིན་དང་གླེང་མོལ་བརྒྱུད་ནས་ངས་ཕྱི་ཕྱོགས་ཀྱི་གནས་ཚུལ་ཕྲན་བུ་གོ་ཐོས་བྱུང་། ཅེས་བརྗོད་བྱུང།

ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་། སྤྱི་ཚོགས་ཁྱོན་ཡོངས་སུ་འགྱུར་ལྡོག་ག་འདྲ་ཕྱིན་ཡོད་མེད་དྲིས་པར་ཁོས། ངའི་ཡུལ་ལ་མཚོན་ན་གཙོ་བོ་བརྡ་འཕྲིན་རིག་གནས་དང་སྤྱི་ཚོགས་འཚོ་གནས་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག དེང་སྐབས་ངའི་ཕ་ཡུལ་ལ་མཚོན་ནས་བཤད་ན། ཞིང་ལས་དང་དབྱར་རྩྭར་བརྟེན་ནས་འཚོ་གནས་ལ་དཀའ་ངལ་ཡོད་པ་མ་རེད་ཟེར་ནའང་མི་ཆོག་རྒྱུ་མི་འདུག ཅེས་བརྗོད་བྱུང་།

ཁོ་རྒྱ་གར་དུ་ཡོང་བའི་ལམ་བར་ནས་དཀའ་ཁག་ཆེ་ཤོས་ག་རེ་འཕྲད་ཡོད་མེད་དྲིས་པར་ཁོས། ང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་རྗེས། བལ་ཡུལ་གཞུང་ནས་ང་ཚོ་རྒྱ་གར་ནང་ཡོང་བའི་ཡིག་ཆ་དེ་ཚོ་མགྱོགས་པོར་མ་སྤྲད་པས། ང་ཚོས་བལ་ཡུལ་སྣེ་ལེན་ཁང་དུ་ཟླ་གཉིས་ཙམ་རིང་སྒུག་དགོས་བྱུང་སོང་། གོ་ཐོས་ལྟར་ན་བལ་ཡུལ་གྱི་དཔོན་པོ་དེ་ཕྱི་རྒྱལ་ལ་སོང་ནས་ཕྱིར་མགྱོགས་པོར་ཡོང་ཡོད་ས་མ་རེད། དེ་མིན་ང་ཚོ་འགྲམ་ནས་ཡོང་བ་ཡིན་སྟབས། ལམ་བར་ནས་དཀའ་ཁག་གཞན་ཅང་འཕྲད་མ་སོང་། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

སྐར་མ ༡༡ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese