མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱོས་རྫས་ངན་གོམས་པ་དག་ལ་སྐྱིད་སྡུག་མཉམ་མྱོང་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལར་རྒྱལ་སྤྱིའི་ཉམ་ཐག་སྔོན་འགོག་ཉིན་མོ་དང་འབྲེལ་ཏེ་མྱོས་རྫས་ངན་གོམས་ཅན་དག་ལ་རོགས་རམ་དང་མཉམ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་སྟེང་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་ད་ལྟ་དྷ་ས་ཁུལ་དུ་མྱོས་རྫས་ངན་གོམས་པ་ཉི་ཤུ་ཡས་མས་ཤིག་ཡོད་པ་ལས་ཁག་ཅིག་ཅུང་ཛ་དྲག་ཆགས་ཡོད་སྐོར་བརྗོད།

tibettimes-0

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ སྟེང་དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭའི་ནང་། དྷ་ས་བདེ་དོན་ལས་ཁུངས་དང་འཕྲོད་བསྟན་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་ཉལ་ཐ་སྔོན་འགོག་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་བཀའ་ཟུར་འབྲོང་ཆུང་ངོས་གྲུབ། སྤྱི་འཐུས་རྒྱུན་ལས་རྒྱ་རིགས་མཐར་དང་ཐུབ་བསྟན་ལུང་རིགས། དེ་བཞིན། དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་གཞོན་དང་སྐུ་ཚབ། དེ་བཞིན། དྷ་ས་ཁུལ་གྱི་མྱོས་རྫས་ངན་གོམས་སུ་སོང་ཡོད་པ་རྣམས་མི་ ༥༠ མ་ཟིན་ཙམ་འཛོམས་འདུག

ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་ཉལ་ཐ་སྔོན་འགོག་གི་ཉིན་མོ་སྲུང་གཙིའི་སྐོར་བརྗོད་དོན། དེ་རིང་འདིར་བདེ་དོན་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་སོགས་ཐུན་མོང་གིས་བཀའ་སྤྱི་གཉིས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་གཞོན་རྣམས་ལ་ཉིན་གུང་བཞེས་ལག་ཅིག་གོ་སྒྲིག་ཞུས་ཡོད། དེའི་དགོས་དམིགས་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ནང་མྱོས་རྫས་སྤྱོད་མཁན་དང་ཆང་རག་འཐུང་མཁན་གཞོན་སྐྱེས་མང་པོ་ཞིག་གི་སེམས་ནང་ཁོ་ཚོ་སྤྱི་ཚོགས་ནང་མི་གྲལ་དུ་མི་འཇོག་པ་དང་མཐོང་ཆུང་དམན་སར་དེད་པའི་དཀའ་ངལ་ཞིག་ཆེན་པོ་ཡོང་གི་ཡོད་སྟབས། དེ་རིང་ང་ཚོ་འདིར་འཛོམས་ནས་ཁོ་ཚོ་དང་ལྷན་དུ་བཞེས་ལག་མཆོད་པ་དང་གླེང་མོལ་བྱས་ཏེ་ག་དུས་ཡིན་ཡང་ང་ཚོས་ཁོ་ཚོར་རོགས་རམ་མཐུན་འགྱུར་དང་གདུང་སེམས་མཉམ་བསྐྱེད་ཡོད་པ་མཚོན་ཆེད་ཡིན། ཞེས་བརྗོད་སོང་།

དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས། ད་ཆར་དྷ་རམ་ས་ལར་ཆ་བཞག་ན་མྱོས་རྫས་རིགས་སྤྱོད་མཁན་གཞོན་སྐྱེས་ ༢༠ མ་ཟིན་ཙམ་ཡོད་པ་དང་། དེའི་གྲས་ནས་ཁ་ཅིག་གི་གནས་སྟངས་ཅུང་ཡག་པོ་ཡོད་ཀྱང་། ཁ་ཅིག་ཅུང་ཛ་དྲག་ཆགས་པ་དེ་འདྲ་ཡང་འདུག ང་རང་གི་ངོས་ནས་མྱོས་རྫས་སྔོན་འགོག་ལ་ག་རེ་བྱེད་ཀྱི་ཡོད་ཟེར་ན། སྔོན་ལ་ངས་མྱོས་རྫས་སྤྱོད་མཁན་ཚོའི་གྲངས་ཐོ་དང་ཁོའི་ལོ་རྒྱུས་རགས་རིམ་ཞིག་བླངས་ཡོད། མི་འགྱངས་པར་ཁོ་ཚོ་རེ་རེ་བཞིན་སྐད་བཏང་སྟེ་ཁོང་ཚོར་དཀའ་སྡུག་གི་ཚོར་སྣང་ག་རེ་འདུག མ་འོངས་པར་རེ་བ་ག་རེ་རྒྱག་གི་འདུག ཁོ་རང་ཚོའི་ངོས་ནས་ཡར་རྒྱས་ག་རེ་གཏོང་ཐུབ་ཀྱི་འདུག ང་ཚོ་ས་གནས་མགོ་འཛིན་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་ཁོང་ཚོར་རོགས་རམ་མཐུན་འགྱུར་ག་རེ་བྱེད་ཐུབ་ཀྱི་འདུག དེའི་ཐོག་ལ་དཔྱད་ཞིབ་དགོས་པ་གལ་ཆེན་པོ་ཡིན་པར་མཐོང་སོང་། དེའི་རྗེས་རིམ་པས་སྨྱོས་རྫས་སྔོན་འགོག་ཡོང་ཐབས་བྱེད་རྒྱུ་གནད་འགག་རེད། མྱོས་རྫས་སྤྱོད་མཁན་ཚོ་སྤྱི་ཚོགས་ནས་ཕར་ལོགས་སུ་འཕུད་པ་དང་། ཁོ་ཚོ་སྤྱི་ཚོགས་ཁྲོད་རྦད་དེ་སྣང་མེད་བཞག་པ། ཁོ་ཚོའི་དཀའ་སྡུག་ལ་ང་ཚོས་དོ་ཁུར་མ་གནང་བའི་འདུ་ཤེས་དེ་འདྲ་མེད་པ་བཟོ་དགོས་པ་གལ་ཆེན་པོ་རེད། ཞེས་བརྗོད་སོང་།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་ད་ཆར་ཁོང་གི་བདག་སྐྱོང་ལྟ་རྟོག་འོག་མྱོས་རྫས་སྤྱོད་མཁན་ག་ཚོད་ཡོད་མེད་དྲིས་པར་ཁོང་གིས། ད་ཆར་ངས་བདག་སྐྱོང་ལྟ་རྟོག་འོག་མྱོས་རྫས་སྤྱོད་མཁན་ ༡༣ ཡོད། སྔོན་མ་དགུ་བཅུ་གོ་གྲངས་ནས་ད་ལྟའི་བར་ང་རང་སྒེར་གྱི་བདག་སྐྱོང་ལྟ་རྟོག་འོག་མྱོས་རྫས་སྤྱོད་མཁན་ཕོ་མོ་སུམ་ཅུ་བཞི་བཅུ་ཞིག་ཉར་བ་རེད། ཕན་ཐོགས་དང་མ་ཐོགས་གཉིས་ཀ་ཡོད་ཀྱང་སོ་སོ་བོད་པ་ཞིག་ཡིན་པའི་ངོས་ནས་མི་གཅིག་ཡིན་ནའང་བདག་མེད་དུ་འཇོག་རྒྱུ་སེམས་ཀྱིས་བཟོད་ཀྱི་མི་འདུག ད་ལོར་གྷོ་པལ་པུར་བོད་ཁྱིམ་དང་ཅོན་ཏ་ར་སློབ་གྲྭ་ཁག་གི་འབོད་སྐུལ་ལྟར་མྱོས་རྫས་ངན་གོམས་དྲག་སྐྱེད་ཕྱིན་པ་ཁག་ཅིག་དང་ལྷན་དུ་ང་ཚོ་བོད་སློབ་ཁག་ཏུ་ཕྱིན་ཏེ་མྱོས་རྫས་ཀྱི་གནོད་སྐྱོན་དང་དཀའ་སྡུག མྱོས་རྫས་ངན་གོམས་དང་སྤང་ཐབས་བཅས་ཀྱི་ཐད་སློབ་ཕྲུག་ཚོ་དང་ཁོ་ཚོའི་བར་ཉམས་མྱོང་བརྗེ་རེས་དང་མྱོས་རྫས་སྔོན་འགོག་གི་གོ་རྟོགས་སྤེལ་བ་ཡིན། ཞེས་བརྗོད་སོང་།

བོད་སློབ་ཁག་ཏུ་མྱོས་རྫས་རིགས་སྤྱོད་མཁན་ག་ཚོད་ཡོད་མེད་སྐོར་ལ་ཁོང་གིས། གྲངས་ཀ་གསལ་བོ་ཞིག་ཤེས་མ་སོང་མོད། ཐ་མག་འཐེན་མཁན་མང་པོ་ཞེ་དྲགས་ཡོད་ས་རེད། སྔོན་ཆད་འབྱར་རྫས་དང་དཀར་རྫས་རིགས་ཐ་མག་ནང་བསྲེས་ནས་འཐེན་མཁན་མང་པོ་ཡོད་ནའང་དེང་སྐབས་དེའི་རིགས་ཅུང་ཉུང་དུ་ཕྱིན་འདུག སྔོན་མར་གུང་སེང་རིང་སློབ་གྲྭ་གཅིག་གི་ནང་མྱོས་རྫས་འདྲ་མིན་སྤྱོད་མཁན་སློབ་ཕྲུག་ ༡༥༠ ལྷག་ཟིན་གྱི་ཡོད་འདུག ཕྱི་རྒྱལ་ཉམས་ཞིབ་པ་ཁག་ཅིག་གིས་སློབ་ཕྲུག་ ༡༠༠ གྲས་ནས་ ༩༠ ཡིས་མྱོས་རྫས་རིགས་སྤྱོད་ཀྱི་ཡོད་སྐོར་བརྗོད་འདུག ང་རང་གིས་བལྟས་ན་མྱོས་རྫས་རིགས་སྤྱོད་མཁན་ཚང་མས་དང་ཐོག་ཐ་མག་འཐེན་པ་ནས་རིམ་པས་མྱོས་རྫས་རིགས་སྤྱད་དེ་ངན་གོམས་ཆགས་ཀྱི་ཡོད་པ་བསྙོན་མེད་རེད། ཅེས་བརྗོད་སོང་།

མྱོས་རྫས་རིགས་ལ་ངན་གོམས་ཆགས་པའི་རྒྱུ་རྐྱེན་སྐོར་ལ་ཁོང་གིས། མྱོས་རྫས་རིགས་ལ་ངན་གོམས་འགྲོ་བའི་རྒྱུ་རྐྱེན་གཅིག ཕ་མས་བུ་ཕྲུག་ལ་དངུལ་སྤྲད་པའི་རྐྱེན་དང་། ཕ་མ་ཚོས་བུ་ཕྲུག་ལ་མཐའ་གཅིག་ཏུ་ཉེས་རྡུང་གཏོང་རྒྱུ་མ་གཏོགས་ཐ་མག་ཆང་རག་གིས་སོ་སོའི་ལུས་སྲོག་ལ་གནོད་སྐྱོན་ག་རེ་ཐེབས་ཀྱི་ཡོད་པའི་སྐོར་ནས་གོ་བསྐོན་བསླབ་བྱ་མི་གཏོང་བ། སློབ་གྲྭ་ཁག་ཏུ་ཐ་མག་ཆང་རག་གི་གནོད་སྐྱོན་སྔོན་འགོག་གི་སློབ་གསོའི་མ་འདང་བའི་རྐྱེན་གྱིས་ཡིན་པ་དང་། མྱོས་རྫས་སྤྱོད་མཁན་མང་ཆེ་བ་ཆང་རག་དང་མྱོས་རྫས་ལ་སྐྱག་ལང་ཤོར་བའི་གྲོགས་པོའི་ས་ནས་ངན་གོམས་ཆགས་ཀྱི་ཡོད་པ་དང་། ལ་ལ་ཞིག་དགའ་རོགས་དང་མ་འགྲིག་པའི་དཀའ་རྙོག དེ་བཞིན་ཁ་ཅིག་ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་འཇོན་ནུས་ལ་བལྟས་ནས་དབྱེ་འབྱེད་བྱས་པའི་དཀའ་སྡུག་གི་རྐྱེན་པས་ཡོང་གི་ཡོད་ས་རེད། ཅེས་དང་། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་མྱོས་རྫས་དང་ཆང་རག་གིས་འདས་གྲོངས་ཕྱིན་པ་ག་ཚོད་ཡོད་མེད་སྐོར་ལ་ཁོང་གིས། ཕལ་ཆེར་ང་རང་གི་ཚོད་དཔག་ལྟར་ན། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་མྱོས་རྫས་རིགས་སྤྱོད་མཁན་མི་དྲུག་བདུན་ཞིག་འདས་གྲོངས་ཕྱིན་ཡོད་ས་རེད། ཅེས་བརྗོད་སོང་།

མཇུག་ཏུ་གསར་འགོད་པས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་མིག་དམར་ལགས་སུ། ཁོས་ཆང་རག་དང་བཟི་སྨན་བག་མེད་བསྟེན་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོས། ང་རང་སྔོན་མ་དྷ་སྟེང་བོད་ཁྱིམ་དུ་ཡོད་དུས་རོགས་པ་ཚོ་མཉམ་དུ་ཨ་རག་དང་ཐ་མག་འཐེན་ཏེ་ལོབ་སོང་། ཕྱིས་སུ་ཕ་མ་གཉིས་ཀྱིས་ང་ལ་དངུལ་གཅིག་ཀྱང་མི་སྤྲོད་པར། ང་རང་ཨ་རག་དང་ཐ་མག་སྤོང་སའི་སྨན་ཁང་ཁག་ཅིག་ཏུ་བསྐྱལ་བ་རེད། ཡིན་ནའང་ངས་ཨ་རག་ཐ་མག་སྤང་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་། ཡང་ཁོ་ལ་མ་འོངས་པར་དམིགས་ཡུལ་ག་རེ་ཡོད་མེད་དྲིས་པར། ང་རང་གྷོ་བ་ལྟ་བུ་ས་ཆ་ཐག་རིང་ལ་སོང་ནས་ཐ་མག་ཆང་རག་གི་ངན་གོམས་སྤོང་ཐབས་བྱས་ཏེ། ཟ་ཁང་འདྲ་བཟུང་ནས་འཚོ་བ་བསྐྱལ་འདོད་ཡོད། ཇོ་ཇོ་ཁྱེད་རང་གིས་རོགས་པ་བྱེད་འདོད་ཡོད་ན། དྷ་སའི་སྲང་ལ་སོང་དང་། དེ་གར་དཀའ་སྡུག་ཅན་མང་པོ་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. ལྷ་སྒང་ཆོས་གྲགས། says:
    ལོ་ 10 སྔོན།

    “ང་རང་གྷོ་བ་ལྟ་བུ་ས་ཆ་ཐག་རིང་ལ་སོང་ནས་ཐ་མག་ཆང་རག་གི་ངན་གོམས་སྤོང་ཐབས་བྱས་ཏེ། ” བགད་མོ་བསླང་རྒྱུའི་སྐད་ཆ་རང་རེད། སྨན་ཁང་དུ་སྨྱོ་རྫས་བཅད་མ་ཐུབ་པར་གྷོ་བ་རུ་དུག་རྫས་གཅད་རྒྱུ། མེ་འབར་བའི་སྟེང་དུ་ས་སྣུམ་བླུག་རྒྱུ་ཡིན་ཞེས་པ་དང་གཅིག་པ་རང་རེད།

    Reply
  2. ཤར་མདའ། says:
    ལོ་ 10 སྔོན།

    རིན་ཐང་ལྡན་པའི་སྦྱི་འཐུས་ཚད་ལྡན་ཞིག་དགོས་ན་དཔེར་ན་ཟླ་བ་ཚེ་རིང་ལྟ་བུ་སྦྱི་ཚོགས་ཐོག་གི་མི་གང་ངན་ཚོ་བདག་པོ་རྒྱབ་ནས་རང་ཉིད་ཀྱི་བུ་ཕྲུག་བཞིན་ད་ཕྲུག་དང་སྨྱོས་རྫས་རིགས་སྦྱོད་མཁན་སོགས་ཚང་མ་བདག་པོ་རྒྱབ་ཡོད་པ་གསལ་བོ་རེད་འདི་ནི་རིང་ཐང་ལྡན་པ་ཞིག་ལ་ངོས་འཛིན་དགོས་པ་རེད་དོན་དམ་སྦྱི་འཐུས་ཟེར་བ་ཁོང་ལྟ་བུ་རེད་ངོ་མ་རྗེས་སུ་ཡི་རངས་ཡོད་བཀྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese