མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོན་གྱི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གཤེན་བསྟན་དར་རྒྱས་གླིང་དུ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོཊ་བཞིན་ཡོད་འདུག

12344འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༩ ནས་བཟུང་ཉིན་གྲངས་ ༣ རིང་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ལྷོ་ཕྱོགས་གྲོང་ཁྱེར་བྷུ་ལོ་(Blou)རུ་ཡོད་པའི་གཡུང་དྲུང་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཨ་རི་དང་ཁ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊོ་རི་ཡ། དེ་བཞིན་རྒྱ་གར་དང་བལ་པོ། བོད་སོགས་ནས་བོན་གྱི་མཁས་དབང་དང་ཞིབ་འཇུག་པ། སློབ་གཉེར་པ་བཅས་ཁྱོན་མི་གྲངས་ ༤༠ ལྷག་འཛོམས་ཡོད་འདུག

ཐེངས་འདིའི་ཚོགས་འདུ་དེར་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གཙོ་འགན་བཞེས་ཏེ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་ཟུར་པ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་དང་། མཁས་དབང་ཆར་སི་རམ་བྷོ་(Prof. Charles Ramble)ལགས་གཉིས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། ད་རེས་ཀྱི་ཚོགས་འདུའི་ཐོག་གནའ་བོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཆོ་ག་ཕྱག་ལེན། ཞང་ཞུང་གི་རྒྱལ་རབས་དང་ས་ཁྲ། བོན་གྱི་དཔེ་རྙིང་གཤིབ་བསྡུར། བླ་མ་རིག་འཛིན་སྐྱེས་ཆེན་ཁག་གི་ལོ་རྒྱུས་དཔྱད་བསྡུར་བཅས་བརྗོད་གཞི་འདྲ་མིན་གྱི་ཐོག་གཏམ་བཤད་དང་དྲི་བ་དྲིས་གནང་བཞིན་ཡོད་འདུག

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཕྱི་ལོ་ ༡༩༩༩ ལོར་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་(Osaka)རུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༠༨ ལོར་ཧྥ་རན་སིར་ཡོད་པའི་གཤེན་བསྟན་དར་རྒྱས་གླིང་དུ་ཚོགས། ཐེངས་གསུམ་པ་ཕྱི་ལོ་ ༢༠༡༢ ལོར་བལ་ཡུལ་བོན་གྱི་ལྟེ་གནས་དཔལ་ཁྲི་བརྟན་ནོར་བུ་རྩེ་རུ་ཚོགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༧ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 1

  1. མེ་ལྕགས། says:
    ལོ་ 10 སྔོན།

    པར་དུ་བལྟས་ཚེ་བསྡུ་འཛོམས་པ་ཕལ་ཆེར་མགོ་སེར་རེད་འདུག
    བོད་རིག་པའི་ཚོགས་ཆེན་གྱི་མི་སྣ་ཡང་མང་ཆེ་བ་མགོ་སེར་རེད།
    བཟང་ངན་གྱི་རྟགས་གང་ཡིན་མི་ཤེས་པར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese