མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་མིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་དཔར་བསྐྲུན་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

 སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་དང་པོར་བོད་སྐད་ཡག་པོ་སྦྱོང་ཐུབ་ན་བསམ་པའི་ཐོག་ནས་ཀློག་དེབ་འདི་དག་རྩོམ་སྒྲིག་དཔར་བསྐྲུན་བྱས་པ་ཡིན་སྐོར་བརྗོད་སོང་།

13565588_1063424287072988_125413985_nདེ་རིང་སྔོ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གཉིས་མཉམ་འབྲེལ་ཐོག་ནས་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་ཀློག་དེབ་གསུམ་འགྲེམས་སྤེལ་དབུ་འབྱེད་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས་ལགས་གཉིས་ཀྱི་གཙོས་པའི་བོད་སློབ་ཁག་གི་སློབ་སྤྱི་ཁག་ཅིག་དང་། ཤེས་ལྷན་གྱི་རྩོམ་སྒྲིག་པ་དང་ལས་བྱེད་ཁག་ཅིག་བཅས་ཕེབས་འདུག

མཛད་སྒོའི་ཐོག་མར་ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསར་དུ་རྩོམ་སྒྲིག་གནང་བའི་ཀློག་དེབ་སྐོར་ངོ་སྤྲོད་གནང་དོན། ང་ཚོ་བོད་རིགས་མང་པོ་ཞིག་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ནང་རྟེན་གཞི་བྱས་ཡོད་པ་རེད། ཡིན་ནའང་སོ་སོའི་སྐད་ཡིག་དང་རིག་གཞུང་ག་རེ་ལ་ཡིན་ནའང་ཚང་མས་དོ་སྣང་ཤུགས་ཆེན་གནང་གི་ཡོད་པ་རེད། དཔེ་མཚོན་ཞིག་བཞག་པ་ཡིན་ན། ཁོང་ཚོར་བདུན་ཕྲག་གཅིག་ནང་ཉིན་གཉིས་ཀྱི་གུང་སེང་ཡོད་པ་དང་། ཉིན་གཉིས་དེའི་རིང་ལ་ཕ་མ་ཚོས་སོ་སོའི་བུ་ཕྲུག་གཟའ་མཇུག་སློབ་གྲྭ་ལ་བཏང་ནས་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་རྒྱུ་དང་། ཕ་མ་ཡིན་ནའང་བུ་ཕྲུག་སློབ་གྲྭར་སྐྱེལ་བ་སོགས་ཀྱི་སྐུ་ངལ་མང་པོ་ཞེ་དྲགས་ཤིག་སྐྱོན་གྱི་ཡོད་པ་དང་། དེའི་ནང་ནས་ནེའུ་ཡོག་དང་མེ་ནི་སོ་ཊ་གྱི་ཁུལ་གཟའ་མཇུག་སློབ་གྲྭ་ནི་རྒྱ་ཆེན་པོའི་གྲས་ཡིན་ལ། དེ་རུ་བུ་ཕྲུག་འཕོན་ཆེན་པོ་ཡོད་པ་དང་འཛིན་གྲྭ་བརྒྱད་པ་བར་དུ་ཡོད་པ་རེད། དེ་ཚོའི་གྲས་ཀྱིས་དཀའ་ལས་རྒྱག་སྟངས་དེ་ཚོ་མཐོང་བ་ཡིན་ན་དངོས་གནས་ཡིད་སྨོན་སྐྱེས་དགོས་པའི་གནས་སྟངས་ཤིག་ཆགས་འདུག དེར་བརྟེན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༢ ལོར་ཕྱི་རྒྱལ་ཁག་ཏུ་རྟེན་གཞི་བྱས་པ་ཆ་ཚང་ལ་སྤྱི་འགྲོས་གཅིག་མཚུངས་ཞིག་བྱུང་ན་བྱུང་བའི་འཆར་གཞི་ཞིག་བཟོས་ཡོད་ཀྱང་། སུད་སི་དང་ཨོ་སི་ཊོ་ལི་ཡ། སྦེལ་ཇམ། དེ་བཞིན་ཨ་རི་སོགས་ས་ཁུལ་མི་འདྲ་བར་སོ་སོའི་བསམ་ཚུལ་མི་འདྲ་བ་སྟེ་ཀློག་དེབ་གང་མང་མང་ཡོད་ན་ཡག་པོ་ཡོད་པའི་བསམ་ཚུལ་བྱུང་སྟབས། ཨ་རིའི་ཁུལ་འདྲ་བོ་ཞིག་ཡིན་ན། ཕྱི་ལོ་ ༢༠༠༨ ལོར་པདྨ་འབུམ་སོགས་ཆེད་ལས་མཁས་པ་མང་པོ་ཞིག་གིས་བསླབ་གཞི་རྩ་འཛིན་ཞིག་ཁོ་རང་ཚོས་བསྒྲིགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཁོང་ཚོས་ནེའུ་ཡོག་ཏུ་ཚོགས་འདུ་ཚོགས་པའི་སྐབས་ནས་བཟུང་ཀློག་དེབ་འཁྲིད་རྒྱུ་མགོ་བཙུགས་གནང་འདུག ཕྱི་ལོ་ ༢༠༡༤ ལོར་ང་རང་བྱང་ཨ་རིའི་ཚོགས་འདུར་བཅར་བའི་གོ་སྐབས་བྱུང་། སྐབས་དེར་གང་འཚམ་ཞིག་འགྲུབ་སྟེ་གོ་བསྡུར་གནང་སོང་། གོ་བསྡུར་བྱས་པ་ནང་བཞིན་མཐའ་མའི་གྲོས་ཆོད་ནང་ལ་ཁོ་ཚོའི་ཀློག་དེབ་ཚང་མ་བསྒྲུབ་པ་དང་མཉམ་དུ་ཤེས་རིག་ལས་ཁུངས་ལ་ཕུལ་བ་དང་། ཤེས་རིག་ལས་ཁུངས་ནས་མཐའ་མའི་གཏན་འབེབས་གནང་བ་ཞིག་ཆགས་ཡོད་པ་རེད། ཅེས་དང་། འཛིན་རིམ་དྲུག་པ་བདུན་པ་བརྒྱད་པ་བཅས་ཀྱི་བོད་ཡིག་ཀློག་དེབ་སྒྲིག་བཞིན་པ་ཡིན་ལ། ད་ལོའི་ཕྱི་ཟླ་ ༩ བར་དུ་ཀློག་དེབ་ཆ་ཚང་འགྲུབ་ཐུབ་པའི་འཆར་གཞི་ཡོད་སྐོར་སོགས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བློ་བཟང་སེང་གེ་མཆོག་ནས་ཀློག་དེབ་དང་འབྲེལ་བའི་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ཀྱི་འགན་གཙོ་བོ་དེ་མཐུན་རྐྱེན་འབྱོར་རྒྱུ་དེ་རེད། རྒྱ་ཆེ་ས་ནས་ཡིན་ནའང་། ང་ཚོས་དུས་ལྟར་ཞུས་བསྡད་ཡོད་པ་ལྟར། རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་དེ་བོད་སྐད་རྒྱ་སྐད་དུ་བསྒྱུར་རྒྱུ་དང་བོད་རིགས་རྒྱུ་རིགས་སུ་བསྒྱུར་རྒྱུ་དེ་ཡིན་པ་དང་། ཕྱོགས་གཅིག་ནས་ཁོ་རང་ཚོས་སྲིད་བྱིས་དེ་འདྲ་སྤེལ་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་སུ་འབོད་བརྩོན་ཞེ་དྲགས་གནང་གི་ཡོད་པ་རེད། མེ་འཁོར་ལྕགས་ལམ་དང་གཞུང་ལམ། གནམ་ཐང་སོགས་བཟོས་ཏེ་རྒྱ་མི་མང་པོ་བོད་ལ་ཡོང་ནས་རང་བཞིན་གྱིས་བོད་མི་ཚོ་སོ་སོའི་རྒྱལ་ཁབ་ནང་གྲངས་ཉུང་མི་རིགས་བཟོ་ཐབས་སུ་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། ཐོག་མ་ནས་རྒྱ་ནག་གཞུང་གི་དམིགས་ཡུལ་གཏིང་ཟབ་ཤོས་དང་ནག་ཤོས་དེ་བོད་པའི་ཆོས་རིག་གཞུང་སྐད་ཡིག་ལ་གཏོར་བཤིག་བཏང་སྟེ་མེད་པ་བཟོ་ཐུབ་པ་ཡིན་ན། བོད་རིགས་རྒྱ་རིགས་ཆགས་འགྲོ་བ་དང་དེ་ཁོ་ཚོའི་དམིགས་ཡུལ་གཙོ་བོ་ཡིན་པ་བཤད་མ་དགོས་པ་རེད། དེའི་སྐོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲི་ཁྲི་བདུན་གྱི་ཡིག་ཆའི་ནང་གཟིགས་པ་ཡིན་ན། རིག་གནས་གསར་བརྗེ་འགོ་བཙུགས་སྔོན་ནས་ཕྱི་ལོ་ ༡༩༦༢ བར་བོད་ནང་གི་དགོན་སྡེ་བརྒྱ་ཆ་གོ་བརྒྱད་གཏོར་བཤིས་བཟོས་ཚར་བ་རེད་ཅེས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མའོ་ཙེ་ཏུང་ལ་ཕུལ་བའི་ཡིག་འབྲི་ཁྲི་བདུན་ཡོད་པའི་སྙན་ཐོའི་ནང་འཁོད་བཞག་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐོག་མ་ནས་དམར་པོའི་ལྟ་བ་ཁྱེར་ཡོང་དུས་སྐབས་ནས་དགོན་སྡེ་ཁག་གཏོར། རིག་གནས་ཁང་ཁག་གཏོར། བོད་སྐད་ཡིན་ནའང་རིག་གནས་བརྗེ་སྐབས་སུ་གོ་སྤྱོད་མི་ཆོག་པའི་དམ་དྲགས་ཤུགས་ཆེན་བྱས་ཏེ་རྒྱ་སྐད་བཤད་པ་དང་རྒྱ་ཆས་གྱོན་དགོས་པ་རེད། དེས་ག་རེ་སྟོན་ཡོད་པ་རེད་ཟེར་ན། བོད་རིགས་རྒྱ་རིགས་སུ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་རྩ་བ་ནས་བརླག་འགྲོ་གི་ཡོད་པ་རེད། ཁོ་རང་ཚོས་དམིགས་ཡུལ་དེ་བཟུང་ནས་འདས་པའི་ལོ་ ༦༠ ནང་ལག་བསྟར་གནང་བཞིན་པ་རེད་དེ། ད་ལྟ་ཡིན་ནའང་ཁོ་རང་ཚོའི་དམིགས་ཡུལ་ལ་ལམ་ལྷོང་མ་ཡོང་བའི་རྒྱུ་མཚན་དེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྐུ་ལས་བསྐྱོན་པ་དང་། བཙན་བྱོལ་དུ་ཡིན་ནའང་སྔོན་མ་བོད་ནང་དུ་གཏོར་བཤིས་བཏང་བའི་དགོན་སྡེ་ཁག་བསྐྱར་གསོ་བྱས་པ་དང་། ནང་ཆོས་ཡིན་ནའང་ཉེ་བའི་ཆར་དར་རྒྱས་ཆེན་པོ་ཞེ་དྲགས་ཕྱིན་ཡོད་པ་རེད་ལ། རིག་གཞུང་གི་ཐོག་ནས་ཡིན་ནའང་བཙན་བྱོལ་ནང་བསྐྱར་གསོ་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་མི་ཉམས་གོང་འཕེལ་གཏོང་བསྡད་པ་རེད། དེ་བཞིན་བོད་སྐད་ཀྱི་ཐོག་ནས་ང་ཚོས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྤྱི་ཡོངས་ནས་ཡར་རྒྱས་གཏོང་བསྡད་ཡོད་པ་རེད། ཅེས་དང་།

ཁོང་གིས་མུ་མཐུད། དུས་རྒྱུན་ང་ཚོའི་འཐབ་རྩོད་ལ་འདི་ལྟར་ཞུས་བསྡད་ཡོད། ཕྱོགས་གཅིག་ནས་ང་ཚོ་བོད་མི་ཡིན་པའི་ངོ་བོ་དེ་མ་བརླག་པའི་ཐོག་ནས་བོད་མིའི་ཆོས་མཐོང་དགོས་ཀྱི་ཡོད་པ་རེད། ཆོས་མཐོང་འཐོབ་པར་ང་ཚོས་རང་གི་སྐད་ཡིག་རིག་གཞུང་གི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་ཐོབ་ཐང་སོགས་བརྩོན་ལེན་དགོས་ཀྱི་ཡོད་པ་རེད། བོད་མི་ཡིན་པའི་ངོ་བོ་བརླག་པ་ཡིན་ན། བོད་རྒྱལ་ཁབ་བརླག་འགྲོ་གི་རེད་ལ། ཆོས་རྒྱལ་མེས་དབོན་རྣམ་གསུམ་རྗེས་སུ་སྐུ་ལས་བསྐྱོན་པའི་བོད་རྒྱལ་ཁབ་དང་བོད་སྐད་ཡིག་རིག་གཞུང་འཛམ་བུ་གླིང་ལ་ངོམ་ཆོག་པ་དེ་བརླག་འགྲོ་གི་ཡོད་པ་རེད། དེར་བརྟེན་ང་ཚོས་དུས་ལྟར་བོད་རིགས་ཀྱི་ངོ་བོ་དང་བོད་པའི་ཆེས་མཐོང་རྩ་དོན་དུ་བཟུང་ནས་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད། བཙན་བྱོད་བོད་མི་ཚོར་རང་བཞིན་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། རྒྱ་གར་ནང་ཡིན་ན་བོད་མིའི་གཞིས་ཆགས་ཁག་དང་ཁོར་ཡུག་ཅིག་ཡོད་སྟབས་ད་དུང་ཅུང་ཡག་པོ་ཡོད་རེད། བོད་ཀྱི་ཆོས་སྐད་ཡིག་རིག་གཞུང་ལ་རང་བཞིན་གྱིས་དགོན་སྡེ་སློབ་གྲྭ་གཞས་ཆགས་ཁག་ནས་སྲུང་སྐྱོབ་དར་སྤེལ་གཏོང་ཐུབ་ཀྱི་ཡོད་པ་རེད། ཕྱི་རྒྱལ་དུ་ཡོད་མཁན་ཚོར་རང་བཞིན་གྱིས་དཀའ་ངལ་ཞིག་ཡོད་པ་རེད། ཁོ་ཚོར་དུས་ཚོད་དང་ཁོར་ཡུག་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། གཟའ་སྤེལ་པའི་ཉིན་གྲོས་བྱས་ཏེ་ཁོ་རང་ཚོ་སོ་སོ་བོད་རིགས་ཡིན་པའི་ངོ་བོ་མ་བརླག་པ་ཡོང་ཐབས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་སྤྱོང་དགོས་ཀྱི་ཡོད་སྟབས། ད་ལན་ང་ཚོས་ཀློག་དེབ་འདི་འདྲ་གསུམ་དང་། ཀློག་དེབ་གསུམ་ནས་བརྒྱད་པའི་བར་ཆ་ཚང་ལབ་ཐུབ་པ་ཡིན་ན། ང་ཚོས་ཕྱི་རྒྱལ་དུ་ཡོད་མཁན་གཞོན་སྐྱེས་ཚོ་ཏན་ཏན་རིག་གནས་དང་ཕྱག་ལས་ཐོག་མཆོག་ཏུ་གྱུར་བ་ཡོང་བའི་རེ་བ་བྱེད་ཀྱི་མེད་ནའང་། བོད་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་དུ་དང་པོར་བོད་སྐད་ཡག་པོ་སྦྱོང་ཐུབ་ན་བསམ་པའི་ཐོག་ནས་ཀློག་དེབ་འདི་དག་དཔར་བསྐྲུན་བྱས་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    ལོ་གཉིས་ཙམ་གོང་ནས་ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་འབྲི་རྩོམ་འགྲན་སྡུར་གསལ་བསྒྲགས་ཤིག་བཀོད་སྒྲིག་གནང་བ་ལྟར་དེའི་ནང་འཛུལ་ཞུགས་བྱས་མཁན་ཧ་ལམ་མི་བརྒྱ་མ་ཟིན་ཙམ་བྱུང་འདུག མི་དེ་དག་ཁྲོད་ནས་བྱིས་སྒྲུང་འབྲི་མཁན་རྩེ་དྲག་མི་བཅུ་གཉིས་བདམས་ཏེ་ལྡི་ལི་ཆེས་མཐོའི་གཙུག་ལག་སློབ་ཆེན་ནས་རྒྱ་གར་རྒྱལ་ཡོངས་ལ་གྲགས་ཆེ་བའི་བྱིས་སྒྲུང་ཁྱད་མཁས་སློབ་དཔོན་ཆེན་མོ་ལྕམ་ལ་ཏི་ཀ་གུབ་ཊ་ལགས་གདན་འདྲེན་ཞུས་ནས་བྱིས་སྒྲུང་འབྲི་མཁན་ཚོར་དེང་རབས་བྱིས་སྒྲུང་འབྲི་སྟངས་སྐོར་ལ་ཟབ་སྦྱོང་ཐེངས་ལྔ་ཙམ་སྤྲད་འདུག ཟབ་སྦྱོང་སྤྲད་རྗེས་བྱིས་སྒྲུང་འབྲི་མཁན་ཚོས་བྱིས་སྒྲུང་དེབ་ཕྲེང་བཞི་བཅུ་ཙམ་བྲིས་ཡོད་ས་རེད། ཤེས་རིག་བཀའ་བློན་མཆོག་ནས་ཐེངས་མང་པོར་གསུང་བཤད་གནང་སྐབས་བྱིས་སྒྲུང་དེབ་ཕྲེང་གསར་པ་བཞི་བཅུ་པར་སྐྲུན་བྱེད་ལ་ཉེ་བ་ཡོད་ཅེས་གསུངས་སོང་། བྱིས་སྒྲུང་དེབ་ཕྲེང་བཞི་བཅུ་བྲིས་ནས་ལོ་གཉིས་ཙམ་འགོར་བཞིན་ཡོད་ནའང་། བློ་ཕམ་པ་ཞིག་ལ་ད་དུང་བྱིས་སྒྲུང་དེབ་དེ་དག་ང་ཚོའི་མིག་གི་མཐོང་ཆོས་སུ་གྱུར་མེད། དེབ་དེ་དག་ད་དུང་པར་སྐྲུན་མ་བྱས་པའི་རྒྱུ་མཚན་ཅི་ཡིན་ནམ།

    Reply
  2. ཤར་མདའ། says:
    ལོ་ 10 སྔོན།

    དུས་རྟག་ཏུ་སྲིད་སྐྱོང་མཆོག་གིས་གསུང་བཤད་གང་ཞིག་གནང་བ་ཡིན་ན་རེད།  ལྷག་པར་བོད་ཀྱི་ལོ་རྒྱུས་སྐོར་གྱི་གཏམ་བཤད་དང་དེའི་སྐོར་གསར་འགོད་པ་ཚོ་ལ་གླེང་མོར་གནང་བ་ཡིན་ན་ངེས་པར་ཐུགས་བསམ་གཏོང་དགོས་པ་ཞིག་རེད་གང་ཡིན་ཞེ་ན་འདས་པའི་ནང་གསུང་ནོར་བྱུང་ནས་སྤྱི་ཚོགས་ཐོག་གང་བྱུང་སྐྱོན་བརྗོད་གནང་མཁན་བྱུང་བ་རེད་དེ་ཡང་དངོས་ཡོདགནས་ཚུལ་ཞིག་ཡིན་ཙང་བརྗོད་པ་རེད་དེ་འདྲ་སོང་ཙང་ངེས་པར་སྲིད་སྐྱོང་མཆོག་གིས་ཧམ་བཤད་མི་བྱེད་རྒྱུ་གལ་ཆེན་རེད།

    Reply
  3. སྨུག་པ། says:
    ལོ་ 10 སྔོན།

    ཕྱི་ལོ་༡༩༦༢ ལོའི་བར་རིག་གནས་གསར་བརྗེ་ཞིག་བྱུང་མྱོང་ཡོད་པ་མ་རེད། སྲིད་སྐྱོང་གིས་དེ་ལྟར་གསུངས་ཡོད་ནའང་ནོར་བཅོས་བྱས་ན་ཡག་པོ་ཡོད་པ་རེད། ལོ་རྒྱུས་ཡིག་ཆ་ཁག་དང་དོན་དངོས་གནས་ཚུལ་ལ་གསལ་བོ་ཡོད་པ་རེད།

    སྔོན་ཆད་ཀྱང་རྒྱལ་སྤྱིའི་ལྡིང་ཆ་གལ་ཆེན་གྱི་ཐོག་ནས་བོད་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་མྱོང་མེད་ཚུལ་བཤད་པ་རེད།

    དེ་རྗེས་དྷ་སར་འཚོགས་པའི་ཕ་མའི་ཚོགས་ཆེན་སྐབས་སུའང་བོད་ས་ཁུལ་དུ་དགུན་ཁ་རྒྱ་རིགས་ཉུང་བ་ཡོད་པ་དང་དབྱར་ཁར་རྒྱ་རིགས་མང་ཡོད་སྐོར་དོན་དངོས་གནས་ཚུལ་དང་གཏན་ནས་མི་མཐུན་པ་དེ་འདྲ་གསུངས་ཡོད་པ་རེད། སྲིད་སྐྱོང་ངོས་ནས་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་མཁྱེན་གྱི་མེད་ནའང་། ཤེས་མཁན་ཚོས་དུས་ཐོག་ལ་ནོར་བཅོས་མ་བྱས་ཚེ། ནོར་སྐྱོན་ཆེན་པོ་ཡོང་བའི་ཉེན་ཁ་འདུག་སྙམ།

    ཕྱི་ལོ་༡༩༥༨ ནས་ཕྱི་ལོ་༡༩༦༢ བར་མདུན་མཆོང་ཆེན་མོ་ཟེར་བའི་ལས་འགུལ་གྱི་དུས་རེད། ཕྱི་ལོ་༡༩༦༦ ནས་༡༩༧༦ བར་མོའོ་ཙེ་ཏུང་མ་ཤི་བར་གྱི་ལོ་བཅུའི་རིང་ལ་རིག་གནས་གསར་བརྗེ་བྱུང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese