མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་རང་བཙན་གྱི་དྲག་ཤུགས་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་ངེས་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་དམར་ཤོགས་ཚོགས་པའི་དུས་ཆེན་སྟེང་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གིས་དོ་འཁུར་དང་ཡིད་གཟབ་བྱེད་དགོས་ས་གཙོ་བོ་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་དང་། རྒྱལ་སྲུང་བདེ་འཇགས་དང་ལྷོ་རྒྱུད་མཚོ་ཁུལ་གྱི་གནད་དོན། ཐའེ་ཝན་རང་བཙན་གནད་དོན་སོགས་ཡིན་སྐོར་བརྗོད་འདུག

s2.reutersmediaརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཟླ་ ༧ པའི་ཚེས་ ༡ སྟེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་མི་ལོ་ ༩༥ ལོན་པའི་མཛད་སྒོའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་སྤེལ་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་ཀྱི་འཇིག་ཉེན་གཙོ་བོ་རྒྱ་ནང་གི་ལྐོག་ཟ་རུལ་སུངས་ཡིན་པ་དང་། དམར་ཤོག་ཚོགས་པའི་དབང་འཛིན་དཔོན་རིགས་ཚོས་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་མཁན་ཚོར་ཞིབ་བཤེར་དང་ཁྲིམས་ཆད་ནན་མོ་གཅོད་དགོས་པ་ལས་བཟོད་བསྲན་དང་སྦེད་སྐུང་རིགས་གཏན་ནས་བྱ་རུང་བའི་འགྱུར་མེད་དམ་བཅའ་དགོས། ཞེས་བརྗོད་འདུག

ཁོས་མུ་མཐུད་དུ། རྒྱ་ནག་ནི་དོན་མེད་ལ་དཀའ་རྙོག་བཟོ་མཁན་ཞིག་མིན་པ་དང་། ནུབ་གླིང་རྒྱལ་ཁབ་ཚོས་རྒྱ་ནག་གིས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་གཉེར་བཞིན་པར་བསམ་མི་རུང་ལ། ནུབ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ལས་བཅས་ལ་ཐེབས་པའི་གནོན་སྐྱོན་དེ་དུས་ནམ་ཡང་བློས་གཏོང་མི་སྲིད་པ་ཤེས་དགོས་ཞེས་དང་། ཐའེ་ཝན་གྱི་རང་བཙན་རྩོད་རྙོག་སྐོར་ལ་ཁོས། ང་ཚོས་ཐའེ་ཝན་རང་བཙན་གྱི་དྲག་ཤུགས་ལ་མཐའ་གཅིག་ཏུ་ཁ་གཏོད་གཅོག་ངེས་ཡིན། རྒྱ་རིགས་ཐེར་འབུམ་ ༡.༣ དང་རྒྱ་ནང་གི་མི་རིགས་ཁག་ཚང་མས་དུས་ནམ་ཡང་གཞན་གྱི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ལ་མོས་མཐུན་བྱ་མི་སྲིད་སྐོར་བཤད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ ༩༥ ལོན་པའི་མཛད་སྒོའི་ཐོག སྲིད་བློན་ལིས་ཁི་ཆང་དང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཏང་དང་རྒྱལ་ཁབ་ཀྱི་དབང་འཛིན་དཔོན་རིགས་ཚོ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་དབང་འཛིན་དཔོན་རིགས་དང་ལས་རིགས་སོ་སོའི་མི་གྲངས་སུམ་སྟོང་ལྷག་མཉམ་ཞུགས་བྱས་ཡོད་འདུག

འདས་པའི་མི་ལོ་ ༣ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་སྒྱུར་སྲིད་ཇུས་ཀྱི་དམིགས་འབེན་གཙོ་བོ་རྒྱ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ལ་བརྟེན་ནས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་གནད་ཡོད་དཔོན་རིགས་ཚོར་གཉའ་གནོན་འཇིགས་སྐུལ་གཏོང་རྒྱུ་དང་། རྒྱ་ནག་གི་མངའ་ཁོངས་སུ་གླེང་བའི་ས་ཁུལ་ཁག་བདག་འཛིན་བྱེད་རྒྱུ། ལྷག་པར་དུ་ལྷོ་ཤར་ཨེ་ཤེ་ཡ་དང་ནུབ་གླིང་རྒྱལ་ཁབ་ཁག་གི་ཚོང་ལམ་དང་རྡོ་སྣུམ། མཚོ་ནང་གི་དངོས་རིགས་སོགས་ཀྱི་ཐོན་ཁུངས་གཙོ་བོ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་ཁག་བདག་འཛིན་བྱ་ཐབས་སུ། མཚོ་ཁུལ་དེ་དག་ནང་དྲག་ཆས་དམག་དཔུང་གི་རྟེན་གཞི་འཛུགས་རྒྱུ་སོགས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གོང་བརྗོད་གནས་ཚུལ་ཁག་ལ་ལྟས་ན་རྒྱ་ནག་གིས་འདི་ལྟར་མི་གླེང་རང་གླེང་གིས་གནས་སྟངས་ཤིག་ཆགས་ཡོད་པ་རེད་དཔེར་ན་ད་བར་རྒྱ་ནག་ནང་ཡིན་ན་ཡང་གཅིག་གིས་གཅིག་ལ་ཡིད་ཆས་མེད་པར་གཟབ་གནད་བྱེད་པའི་སྐབས་ཤིག་རེད་ལྷག་པར་ཐའེ་ཝན་དང་ཧོང་ཀོང་གི་གནས་སྟངས་ལ་བློ་འཚབ་རེད་བཞིན་ཞིག་ཆགས་ཡོད་པ་དངོས་ཡོད་རེད་སོང་ཙང་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཐོག་གནས་ཚུལ་འདི་དག་གསལ་བོ་མི་བཟོ་རང་བཟོ་ཞིག་བྱུང་ཡོད་པ་དང་མ་འོངས་པར་ད་དུང་འདི་ལས་ལྷག་པའི་སྐད་ཆ་གསལ་བོ་དང་གནས་སྟངས་གསལ་བོའི་ཐོག་ནས་བརྗོད་དགོས་པ་དང་ནུབ་ཕྱོགས་ལ་གོ་རྒྱུ་ཡོད་པས་གཏམ་བཤད་སྤེལ་དགོས་པ་ཆགས་སྲིད་པ་རེད་དེ་ད་བར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ཐད་ངན་ཤུས་རྒྱལ་ཁབ་དེ་རྒྱ་ནག་རེད་ཅེས་བརྙན་ཐོ་འདྲ་མིན་འདོད་བཞིན་ཡོད་ལྟར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese