མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་གཏུག་མཚམས་འཇོག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་འོས་བསྡུའི་སྒྲིག་གཞི་དང་འགལ་སྐོར་ཁྲིམས་གཏུག་བྱས་པ་དེ་རང་ནས་ཕྱིར་འཐེན་མཇུག་བསྡོམས་རྒྱག་རྒྱུ་ཡིན་ཟེར།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢ སྟེང་། དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ཁྲིམས་ཀྱི་བྱ་རའི་སྐད་འཕྲིན་ཚོགས་པའི་སྐུ་ཚབ་དྷ་སར་གནས་སྡོད་བཀྲ་ཤིས་དབྱངས་འཛོམས་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཁྲོད། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་། དབུས་འོས་བསྡུ་ལྷན་ཁང་གཉིས་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་པའི་གནད་དོན་དེ་ཡོངས་གྲགས་ཕྱིར་འཐེན་དང་མཇུག་བསྡོམས་བྱས་པ་ཡིན་སྐོར་བརྗོད་སོང་།

ཁོང་གཉིས་ཀྱིས་ཡིག་ཐོག་གི་གསལ་བསྒྲགས་ཤིག་སྒྲོག་སྦྱངས་གནང་བའི་ནང་། ཁ་མཆུ་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་གཉིས་བཀོད་ཡོད་པ་ནི། གཅིག ཐེངས་འདིའི་ཁ་མཆུའི་གནད་དོན་དང་འབྲེལ་བའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཕུལ་ཞིང་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མི་མང་དང་བླངས་ལས་འགུལ་བའི་འཐུས་མི་གསུམ་ལ་མཇལ་བཅར་སྐལ་བཟང་གི་དབུངས་དབྱུང་གོ་སྐབས་བསྩལ་བ་དང་། འདི་ལོའི་འོས་བསྡུ་དང་འབྲེལ་བའི་ཐོག་ཐུགས་ཕམ་བྱུང་ཚུལ་གྱི་བཀའ་སློབ་ཇི་སྙིད་ཅིག་ཕེབས་པ་དང་ལྷན། ཐེངས་འདིའི་ང་ཚོའི་ལས་འགུལ་ལ་ཐུགས་མཉེས་པོས་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་གསལ། ཁྱེད་རང་ཚོས་ཕུལ་བའི་སྙན་ཞུ་ངས་མཐོང་བྱུང་། དེ་འདྲ་ཡིན་སྟབས་དེ་རིང་ཁྱེད་ཚོ་ཡར་སྐད་བཏང་བ་ཡིན། ཁྱེད་རང་ཚོས་འགན་འཁྱེར་ནས་ལས་འགུལ་དེ་ལྟར་སྤེལ་བ་དེ་ཡག་པོ་ཞེ་དྲགས་རེད་ད་དུང་ཡང་སེམས་ཤུགས་ནམ་ཡང་ཆགས་རྒྱུ་མེད། ཁྱེད་རང་ཚོའི་ལས་འགུལ་དེས་མི་མང་ཁྲོད་དུའང་གོ་རྟོགས་གང་ཙམ་སྤེལ་ཐུབ་པ་བྱུང་ཡོད་ལ། གྲོས་ཚོགས་ནང་ལ་ཡང་དོ་སྣང་ཞིག་ཡོང་གི་རེད། འོན་ཀྱང་ད་ཆ་འོས་འཐོབ་མཁན་ནི་ཐོབ་ཟིན་པ་རེད་ལ་མཇུག་བསྒྲིལ་ཟིན་པས་ཁྱེད་རང་ཚོའི་ལས་འགུལ་གྱི་ལེ་ཚན་དེ་ཡང་སྒོ་བརྒྱབ་ན་ཡོང་པོ་འདུག ཅེས་བཀའ་སློབ་ཕེབས་ཡོད་ཚུལ་དང་། གཉིས། ང་ཚོས་ཁ་མཆུ་ཞུ་སྦྱོར་ཕུལ་དུས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་གང་ཞིག་གནང་ཡང་བརྩི་བཀུར་དང་ལེན་ཞུ་རྒྱུར་ཁས་ལེན་ཞུས་ཡོད་པ་ལྟར། འདི་ལོའི་འོས་བསྡུ་དང་འབྲེལ་བའི་གོང་གསལ་ཁ་མཆུ་ཞུ་སྦྱོར་གྱི་ལས་འགུལ་དེ་བཞིན་མཚམས་འཇོག་ཞུས་པ་ཡིན། དེ་མཚུངས་ཐོག་མར་ཁ་མཆུ་ཞུ་སྦྱོར་བྱས་པའི་གནས་སྐབས་སུ་ཡང་གསར་འགྱུར་བརྒྱུད་ལམ་ནས་མི་མང་ལ་གསལ་བསྒྲགས་ཞུས་ཡོད་ཅིང་། དེ་རིང་སླར་ཡང་གསར་འགོད་པ་ཚོ་བརྒྱུད་ནས་མི་མང་ལ་གསལ་བསྒྲགས་ཞུ་དགོས་པ་གལ་ཆེར་མཐོང་གི་ཡོད། སླད་ཀྱང་ང་ཚོ་བོད་མི་ཡིན་ནོ་ཅོག་གིས་ཕྱོགས་རིས་འཐེན་འཁྱེར་སྐམ་པོས་བཅིངས་ཏེ་ཆེན་པོ་གང་འགྲོ་མི་ཤེས་པར་ཆུང་ཆུང་བློས་ཀྱིས་ངོ་སྲུང་མེད་པར་ལྷག་བསམ་རྣམ་དག་གིས་དགེ་འདོན་སྐྱོན་སེལ་གྱིས་ཡག་ཐོག་ཡག་བརྩེགས་ཡོང་བ་ལ་སྨན་པའི་འགན་འཁུར་མཉམ་ལེན་མུ་མཐུད་གནང་རོགས་ཞེས་སེམས་གཏིང་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

བཀྲ་ཤིས་དབྱངས་འཛོམས་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་དང་དྲི་བ་དྲིས་ལན་སྐབས་ཁོང་གཉིས་བརྗོད་དོན། སྤྱིར་བཏང་ད་ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་ལ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེའི་དཔྱ་དངུལ་ལག་དེབ་སྟེང་ “སློབ་བཟང་སངས་རྒྱས།” ཞེས་འཁོད་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ཡིག་ཆ་ཁག་དང་འོས་བསྡུའི་འགེངས་ཤོག་སོགས་ཀྱི་ནང་ལ། སྲིད་སྐྱོང་འོས་མི་གཅིག་གི་མིང་ལ་བློ་བཟང་སེང་གེ་དང་། གཞན་དེའི་མིང་ལ་སྤེན་པ་ཚེ་རིང་ཡིན་ཞེས་བཀོད་ཡོད་པ་ལྟར། མང་ཚོགས་ཀྱིས་ཀྱང་བློ་བཟང་སེང་གེ་མཚན་ཐོག་ལ་འོས་བླུགས་ཡོད་ཀྱང་། རྗེས་ལ་དབུས་འོས་བསྡུ་ལྷན་ཁང་གིས་སློབ་བཟང་སངས་རྒྱས་སྲིད་སྐྱོང་དུ་མཚན་འདོན་གནང་བ་མ་ཟད། སློབ་བཟང་སངས་རྒྱས་ཁོ་རང་གིས་ཀྱང་སྡུགས་པ་མིག་བཙུམས་བྱས་པ་དེ་དབུས་འོས་བསྡུ་ལྷན་ཁང་དང་སློབ་བཟང་སངས་རྒྱས་གཉིས་ཀ་འོས་བསྡུའི་སྒྲིག་གཞིར་འགལ་ཡོད་པ་མ་ཟད། རྙོག་གླེང་དེའི་བར་གསེང་ནས་དཔྱ་དངུལ་ལག་དེབ་བཟོ་བཅོས་བཏང་བ་སོགས་ཀྱི་ནག་ཉེས་ཟེར་ན་འདྲ་ནོར་འཁྲུལ་དེ་དག་རང་འཇགས་གནས་ཡོད་སྐོར་སོགས་བརྗོད་སོང་།

ད་དུང་ཁོང་གཉིས་མུ་མཐུད་བརྗོད་པར། ཁྲིམས་ཀྱི་བྱ་རའི་སྐད་འཕྲིན་ཚོགས་པའི་ཚོགས་མི་ཚོས་དམངས་གཙོའི་ཆ་ཤས་བླངས་ཏེ། གཡོ་ཟོལ་མེད་པར་བདེན་དོན་བསྐྱངས་ཏེ་ཁྲིམས་འགལ་གྱི་གནད་དོན་དེ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱས་ཀྱང་། ཐོག་མར་ཁོ་རང་གཉིས་ལ་ཁྲིམས་ཀྱི་བྱ་རིམ་བསྒྲུབ་པའི་ཉམས་མྱོང་མེད་པའི་ཁར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཀྱང་ཁོང་གཉིས་ལ་དགོས་ངེས་ཀྱི་མཐུན་འགྱུར་ཞུས་མ་སོང་བ་མ་ཟད། བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཟེར་བ་དེ་དག་གིས་ཀྱང་ཁོང་ཚོར་ཁྲིམས་རྩོད་རོགས་རམ་བྱེད་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གི་ཚབ་བྱས་ཏེ་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་ནི་ཁྲིམས་མེད་ལུགས་མེད་ཀྱི་གནས་ཚུལ་ཡིན་ཡང་། ད་ཆར་ཁྲིམས་ཀྱི་བྱ་རའི་སྐད་འཕྲིན་ཚོགས་པའི་ངོས་ནས་༧གོང་ས་མཆོག་གི་བཀའ་སློབ་དང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ལྷིང་འཇགས་ལ་བསམ་བློ་བཏང་སྟེ། གུ་ཡངས་དཀྱིལ་ཆེའི་ཐོག་ནས་ད་སྔའི་གནས་ཚུལ་ཆེ་ཕྲ་ཡོངས་རྫོགས་རྩིས་མེད་བཏང་སྟེ་ལས་རིམ་མཇུག་སྒྲིལ་བཞིན་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་གསར་འགོད་པས་ཁོང་ཚོའི་གསལ་བསྒྲགས་ནང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐོར་ཞིག་འཁོད་ཡོད་པ་དེའི་སྐོར་དྲིས་པར། ཨ་ཅག་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས། ང་ཚོས་༧གོང་ས་མཆོག་ལ་ང་ཚོར་བདེན་པ་ཡོད་ཀྱང་བདེན་པར་བདག་པོ་རྒྱག་མཁན་མེད་པའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་བ་ཡིན། སྐབས་དེར་ང་ཚོའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་ལགས་ཀྱང་ཆེད་དུ་སུད་སི་ནས་དྷ་རམ་ས་ལར་ཕེབས་བསྡད་ཡོད་པ་རེད། ཕྱི་ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོར་གློ་བུར་དུ་ང་ཚོ་༧གོང་ས་མཆོག་ལ་མཇལ་ཁར་སྐད་བཏང་སོང་། སྐབས་དེར་བདེ་སྐྱིད་ལགས་དང་སྐུ་ཞོགས་ང་ཚོ་གསུམ་བཅར་བ་ཡིན། སྐུ་མདུན་ཞེ་དྲགས་ཐུགས་གྱེས་པའི་ངང་ནས་ཁྱེད་རང་ཚོའི་སྙན་ཞུ་དེ་ངས་བཀླགས་ཡིན། ད་འོས་བསྡུའི་ལས་རིམ་ཡོངས་སུ་མཇུག་རྫོགས་པ་རེད། ཁྱེད་རང་ཚོའི་ Chapter དེའང་མཇུག་རྫོགས་ན་བཟང་གི་རེད། ཡིན་ནའང་གྲུབ་འབྲས་འཐོན་མ་སོང་སྙམ་ནས་སེམས་ཤུགས་ཆག་དགོས་ཡག་ཡོད་པ་མ་རེད། དམངས་གཙོའི་འགྲོ་ལུགས་ཐོག་ནས་ཞེ་དྲགས་ཡག་པོ་རེད། ང་རང་ཡང་གནས་ཚུལ་ཁ་ཤས་ཐོག་བློ་ཕམ་བྱུང་སོང་། དེ་ངས་ཁོ་རང་ལ་བཤད་པ་ཡིན། ཡིན་ནའང་ཁྱོད་རང་ཚོས་ཕྱོགས་ཆེ་སར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། མའོ་ཙེ་ཏུང་གིས་བསམ་ཕོད་པ། བཤད་ཕོད་པ། བསྒྲུབ་ཕོད་པ་ཞིག་དགོས་པ་རེད་ཅེས་བཤད་པ་དེས་རྒྱ་ནག་ནང་ཁུལ་ལ་རྙོག་དྲ་ཞེས་དྲགས་བྱུང་བ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་ཡིན་དུས་གནས་ཚུལ་སྤྱི་ཡོངས་ལ་བསམ་བློ་གཏོང་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་སྐུ་མདུན་གྱིས་གསུངས་པ་དེས་ང་ཚོ་ཧ་ཅང་བློ་བདེ་བོ་བྱུང་སོང་། ཕྱི་ཉིན་དེ་ག་རང་ལ་ཞུ་གཏུག་ལས་འགུལ་དེ་མཚམས་འཇོག་རྒྱུ་ཡིན་ཞེས་ལབ་པ་ཡིན། ཡིན་ནའང་རྗེས་ལ་ང་ཚོས་གྲོས་བསྡུར་བྱས་ཏེ་གསར་འགོད་གསལ་བསྒྲགས་ཤིག་མ་སྤེལ་ན་མང་ཚོགས་ཀྱིས་དཀར་པོ་ནག་པོ་དང་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་སྟབས། ང་ཚོས་དེ་རིང་ལས་འགུལ་དེ་མཚམས་འཇོག་དགོས་པའི་རྒྱུ་མཚན་རྒྱབ་ལྗངས་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 11

  1. བསྟན་པ་ says:
    ལོ་ 10 སྔོན།

    འབྲེལ་བ་མེད་པར་འབྲེལ་བ་ཡོད་པ་འདྲ་འདོག་བཟོ་མཁན་དེ་ཚོ་བོད་པའི་སྤྱི་ཚོགས་ནང་གི་རྐང་པ་འཐེན་མཁན་རེད་དེ་ཚོ་མེད་ན་སྤྱི་ཚོགས་ལ་འཆམ་འདུན་ཚུགས་

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 10 སྔོན།

    བསྟན་འཛིན་ཚེ་འཚོ། མི་མང་རྣམས་ལ་དོན་དངོས་ཐོག་སྙིང་རྗེ་དགོས་པ་ཞིག་རེད། མི་སེར་དཀྱུས་མ་ཞིག་ལ་དགོས་ངེས་ཀྱི་ཡིག་ཆ་ཞིག་བསྒྱུར་བཅོས་གཏོང་དགོས་ཚེ་ཉིན་ནས་ཟླ་དང་། ཟླ་ནས་ལོ་འགོར་འགྲོ་བས་སྲིད་སྐྱོང་གི་མིང་ནོར་འགྲིག་གང་བྱས་ཀྱང་ཆོག་ལ། བསྒྱུར་བཅོས་གཏོང་དགོས་ཚེ་ཉིན་གཅིག་ནང་ཚང་མ་འགྲུབ་འགྲོ་བ་ཞིག་ཡིན་པས། དོན་གནད་འདི་འདྲ་ཞིག་ལ་བསམ་བློ་བཏང་ཚེ་ང་ཚོ་བཙན་བྱོལ་བའི་བོད་མི་གང་རུང་ཞིག་ལ་འདི་ལྟ་བུའི་དཀའ་ངལ་ཞིག་འཕྲད་ན། ཉ་ཉོག་གང་ཡང་བཤད་མི་དགོས་པར་ཡ་ལན་དང་དོ་ཁུར་གནང་རོགས་གནང་།

    Reply
  3. འགྱུར་མེད་ says:
    ལོ་ 10 སྔོན།

    དེ་ནི་བདེན་མོད་ཀྱང་། དག་ཆ་ནོར་བ་བཙན་བྱོལ་གཞུང་ནང་མང་དག་གཅིག་ཡོད།
    གནའ་སྔོན་མ་ནས་ནོར་བ་མུ་མཐུད་གནས་པའང་བགྲང་ཡང་བགྲང་མི་ཐུབ་པ་ཆགས་ཡོད།
    རང་དབང་བདེན་པའི་ལས་འགུལ་བའི་དྲུང་ཡིག་གིས་མིང་ནོར་བར་བྲིས་པ་རྩིས་ན་བང་ཁྲི་ཆུང་ལ་མི་གཤོང་བ་ཆགས་སྲིད།

    Reply
  4. བཀྲ་ཤིས། says:
    ལོ་ 10 སྔོན།

    མཚམས་འཇོག་གནང་བ་དེ་ཡག་པོ་རེད། ཁ་མཆུ་མཐར་བསྐྱལ་ན་སྐྱེལ་རྒྱུ་ཡོད་པ་རེད། ཁྲིམས་འགལ་བདེན་དབང་མིག་ལ་སྟོན་རྒྱུ་དང་ལག་པ་འཆིང་རྒྱུ་ཡོད་པ་རེད། ཡིན་ནའང་བཟང་སྤྱོད་དང་སྲིད་སྐྱོང་ལ་བརྩི་གུར་ཞུས་པ་དང་ཧ་ཅང་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་རེད་རྣམས་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  5. ཁྲེལ་ཡོད། says:
    ལོ་ 10 སྔོན།

    ཁྲིམས་གཏུགས་ཁུང་མ་འཁྱོལ་ནས་ཕྱིར་འཐེན་བྱས་པ་ཡིན་ཟེར། ཧ་ཧ་ཧ་་་

    Reply
  6. ལིང་ནག says:
    ལོ་ 10 སྔོན།

    རེད་རེད་་་ཁྲིམས་ཀྱི་བྱ་བའི་ཁྲིམས་གཏུགས་ལས་རིམ་ཞིག་བཟུང་བ་ཡག་པར་མཐོང་ལ་རྗེས་སུ་སྤྱི་ཚོགས་སྤྱིའི་བདེ་རྩར་བཟུང་ནས་རང་རེའི་མང་གཙོའི་ལམ་པུ་ཤུགས་རྐྱེན་ཙམ་འདེགས་ཙམ་བྱུང་བ་དགའ་བྱུང་་་

    Reply
  7. སྐལ་བཟང་དོན་གྲུབ། says:
    ལོ་ 10 སྔོན།

    ཁྲིམས་གཏུགས་པའི་གཞི་རྩ་མེད་པ་དང། བཅའ་ཁྲིམས་མགོ་མ་ཚོད་པར་ཁྲིམས་གཏུགས་བྱས། དེ་བཞིན་དཔང་རྟགས་ཡིག་ཆ་ཡང་མེད་པར།་གཞན་གྱི་བསླུ་ཁྲིད་འོག་ཁྲིམས་ལ་གཏུགས། ད་དུང་ཁྲིམས་གཏུགས་མཚམས་འཇོག་བྱས་པ་ཡིན་ཟེར། ཧ་ཧ་ཧ་

    Reply
  8. དིང་རྡོ། says:
    ལོ་ 10 སྔོན།

    དྲང་བདེན་གྱི་འཐབ་རྩོད་བྱས་པ་ལ་དགའ་བསུ་ཡོད། རེད་དེ་”ཧམ་པ་ཅན་གྱི་ཧམ་ཡ་མ་ལོན་ན། བདེན་པ་ཅན་ངུ་ཤོར་”ཞེས་པ་ལྟར་རང་ཅག་ལ་ད་དུང་ངན་གོམས་སུ་གྱུར་བའི་གོམས་གཤིས་ཤིག་ཡོད་ཙང་། སྡིགས་པ་མིག་རྩུམ་ཅན་དེ་དག་སྐབས་ཕྲལ་དུ་ལམ་འགྲོ་བྱུང་ཡང་། ལས་འབྲས་ལ་བསླུ་བ་མེད་ན་རྒྱུ་འབྲས་ཤིག་ངོ་མ་འཁོར་ངེས། ད་་་་ནི་རྟ་རྒྱུགས་ཟིན་རྡུལ་ཡལ་ཟིན་པས་རྒྱལ་བའི་དགོངས་པ་བཞིན་རེ་ཞིག་ངང་འཐེན་བྱས་པ་བཟང་ངོ་།

    Reply
  9. དབང་ཕྱུག says:
    ལོ་ 10 སྔོན།

    ཁྲིསམ་གཏུགས་འདི་མཚམས་འཇོག་བྱས་པ་ཐུགས་རྗེ་ཆེ། མང་གཙོའི་སྤྱི་ཚོགས་ནང་ནས་གུ་ཡངས་བྱེད་དགོས་ས་ལ་གུ་ཡངས་གཏོང་ཐུབ་དགོས་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བརྩིས་པ་དེ་ཧ་ཅང་ཡག་པོ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཁྲིམས་ཀྱི་བྱ་རའི་སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་ཞིག་ཡིན། སྐུ་མདུན་ལ་མཇལ་ཁར་བཅར་བའི་རྗེས་ལ་ད་དུང་མི་ཁ་ཤས་ཀྱིས་ཁ་མཆུ་མུ་མཐུད་མཐར་སྐྱེལ་དགོས་ཚུལ་དང་། སྲིད་སྐྱོང་མཆོག་ལ་གསལ་བཤད་གནང་དུ་འཇུག་དགོས་པའི་རྩོད་པ་མང་པོ་རྒྱག་གི་འདུག་པ་དེ་དག་བཟང་སྤྱོད་དང་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་མ་རེད་དོ་་

    Reply
  10. དུག་ནག says:
    ལོ་ 10 སྔོན།

    བསམ་ངན་སྦྱོར་རྩུབ་ཀྱི་ལས་ངན་འདི་འདྲ་སྤེལ་ན་མཐའ་མའི་གྲུབ་འབྲས་འདི་རེད། གྲུབ་འབྲས་དང་རེ་བ་མེད་དུས་༸གོང་ས་མཆོག་ལ་ལག་པ་ཕྱི་ས་བཟོས་ཏེ་འཚམས་འཇོག་བྱེད་ཀྱི་ཡོད་མདོག་བསྟན། ཁྱེད་ཅག་གི་ཁ་ནང་སྐྱག་པ་བླུག

    Reply
  11. ཀརྨ་དགྲ་འདུལ། says:
    ལོ་ 10 སྔོན།

    དྲང་བདེན་ལ་བདག་པོ་མི་འདུག བློ་བཟང་སེང་གེའི་རང་བཙན་ལག་དེབ་བཟོ་བཅོས་བཏང་ཚར་བ་ཞིག་གོ་སོང་། མང་ཚོགས་ཀྱིས་རང་བཙན་ལག་དེབ་བཟོ་བཅོས་དང་ནོར་བཅོས་རིགས་ལོ་དང་ཟླ་བ་བསྡུད་ནས་དཀའ་ལས་བརྒྱབ་སྟེ་འགྲོ་སོང་བཏང་ཡང་བསྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། སྲིད་སྐྱོང་གི་ཁྲིམས་འགལ་ལུགས་འགལ་གྱི་རང་བཙན་ལག་དེབ་བདུན་ཕྲག་གཅིག་གཉིས་ནང་བཟོ་བཅོས་བཏང་བ་དེ་སུ་ཞིག་གི་དབང་སྤྱོད་འོག་ནས་དེ་ལྟ་བུའི་ཁྲིམས་ལུགས་ཤིག་བཟོས་པ་རེད། དངོས་གནས་དྲང་གནས་མང་ཚོགས་སྙིང་མ་རྗེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese