མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་རང་དབང་ལུང་པར་བཟང་སྤྱོད་ཐོག་ལས་འགུལ་ཏོག་ཙམ་སྤེལ་ཐུབ་ན། དེས་རྒྱ་ནག་ལའང་ཏན་ཏན་ཤུགས་རྐྱེན་ཐེབས་ངེས་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ལ་ཞབས་སོར་བཀོད་དེ་གསུང་བཤད་གནང་ཡོད་པ་དང་། སང་ཉིན་ནས་བཟུང་གདན་ས་ཁག་གི་དགེ་འདུན་པ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་རྒྱུ་དང་། དེའི་རྗེས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལྷན་དུ་ཁོང་ཉིད་དགུང་གྲངས་ ༨༡ བཞེས་པའི་འཁྲུངས་སྐར་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་འདུག

tibettimes-

དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་སྔོ་དྲོིའི་ཆུ་ཚོད་ ༩ དང་ཕྱེད་ཀ་ཙམ་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་ཞབས་སོར་བཀོད་སོང་། དེ་རིང་ཞོགས་པར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་གཙོ། དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ། ས་གནས་འཐུས་ཚོགས་དང་མཉམ་འབྲེལ་ཚོགས་གཙོ་བཅས་ཀར་ལྦར་རྫོང་དུ་ཕེབས་བསུར་བཅར་ཡོད།

མོན་གྷོ་བོད་མིའི་གཞིས་ཆགས་ནང་གི་ཕེབས་ལམ་དུ། ཕེབས་སྒོ་རིམ་པ་ཁ་ཤས་བཟོས་ཏེ། བཀྲ་ཤིས་པའི་ཚིག་བརྗོད་སྣ་ཚོགས་དང་འཕྲེད་དར་དཔྱང་ཡོད་པ་མ་ཟད། ལམ་གྱི་གཡས་གཡོན་གང་སར་སེར་སྐྱ་མི་མང་གིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ལག་ཏུ་དཀར་གཙང་གི་མཇལ་དར་དང་། མེ་ཏོག་གདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་གྱི་རྣམ་པའི་དབུས་ནས་༧གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་ཞབས་སོར་འཁོར་སོང་།

འབྲས་སྤུངས་བླ་སྤྱིར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེས་རྣམ་གཉིས། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། དེ་བཞིན། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་ཕེབས་བསུ་དང་བཅས་མཛད་སྒོ་ཚོགས་སོང་།

སྐབས་དེར་༧གོང་ས་མཆོག་གིས་ཐོག་མར་བླ་སྤྱིར་གནས་གཟིགས་དང་དེའི་རྗེས་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མན་ཏྲལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་ཚང་མར་འཚམས་འདྲི་དང་འབྲེལ་ཏེ། ཐེངས་འདིར་ཁོང་ཉིད་འདིར་ཞབས་སོར་འཁོད་དགོས་དོན་སྐོར་དང་། དཔལ་ན་ལེན་ཏྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཆོས་རྒྱུད་དེ་དག་ལོ་ངོ་སྟོང་ཕྲག་རིང་ང་ཚོ་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཡོད་པ་དང་། ད་ཆར་འཛམ་གླིང་འདིར་ང་ཚོའི་ངོས་ནས་ཞབས་འདེགས་བསྒྲུབ་ཐུབ་པའི་དུས་སྐབས་ཤིག་ཆགས་ཡོད་སྐོར་གསུངས་སོང་།

གཞན་ཡང་༧གོང་ས་མཆོག་གིས། དེང་སྐབས་ཨ་རིའི་ནང་ལ་ཡང་བྱམས་བརྩེའི་ཉམས་ལེན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་གཉིས་ཙམ་གྱི་མིང་ཡང་སྙིང་རྗེའི་གྲོང་ཁྱེར་ཞེས་པའི་མིང་བཏགས་ཡོད་པ་དང་། དེ་འབྲེལ་གྲོང་ཁྱེར་དེ་དག་ནང་བྱམས་བརྩེ་དང་འབྲེལ་བའི་བགྲོ་གླེང་དང་དེ་དག་བརྒྱུད་འཁྲུག་རྩོད་རིགས་ཀྱང་ཇེ་ཉུང་དུ་འགྲོ་བར་ཕན་ཐོགས་འབྱུང་བཞིན་ཡོད་སྐོར་གསུངས་སོང།

ཉེ་ལམ་གོང་ས་མཆོག་ཨ་རིར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་ ༢༠༠ ཙམ་གྱི་ལྷན་འཛོམས་སྐབས་ཁོང་རྣམས་པས་ཀྱང་དེའི་ཐད་ཐུགས་སྣང་གནང་བཞིན་པ་སོགས་ངོ་སྤྲོད་གནང་སོང་ལ། དེ་དང་ཆབས་ཅིག་བྱམས་བརྩེ་དང་སེམས་ཁམས་རིག་པའི་ཤེས་ཡོན་སློབ་གསོ་ནི་གཞི་རིམ་བུ་བཅོལ་ཁང་ནས་མགོ་འཛུགས་བྱེད་དགོས་པ་དང་། དེའི་རྒྱབ་ལྗོངས་སུ་རིམ་བཞིན་སེམས་ཁམས་རིག་པའི་རྣམ་བཞག་རྒྱ་ཆེ་རུ་གཏོང་དགོས་པ་ཞིག་ཡིན་ཞིང་། དེའི་ཆེད་ཆོས་ལུགས་དང་མ་འབྲེལ་ཞིང་བཟང་སྤྱོད་གོང་འཕེལ་གྱི་སློབ་གསོའི་སློབ་དེབ་ཅིག་ཀྱང་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་ཟླ་ཤས་ནང་གཏན་འབེབས་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ། རྒྱ་ནག་ནང་ནང་པའི་གྲངས་འབོར་ས་ཡ་ ༤༠ ཙམ་ཡོད་པ་དང་། དེང་སྐབས་བོད་རྒྱུད་ནང་བསྟན་ལ་ཡང་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ང་ཚོས་ཕྱིའི་རང་དབང་ལུང་པར་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་ཏོག་ཙམ་ཞིག་སྤེལ་ཐུབ་ན། དེས་རྒྱ་ནག་ལའང་ཏན་ཏན་ཤུགས་རྐྱེན་ཐེབས་ངེས་ཡིན་ཞིང་། དེའིི་ཐོག་ནས་བོད་དོན་ཐོག་ལའང་ཕན་ཐོགས་རྒྱུ་ཡིན་སྐོར་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་གིས་གཞིས་ཆགས་ནང་སེར་སྐྱ་མི་མང་དང་སློབ་ཕྲུག་ག་ཚོད་ཡོད་མེད། གནམ་གཤིས་ག་འདྲ་ཡོད་མེད། ས་གནས་རྒན་གསོ་ཁང་དང་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་གནས་སྟངས་དང་འཕྲོད་བསྟེན་སྨན་ཁང་ལ་སྨན་པ་མེད་དོན་གང་ཡིན་པ། དེ་བཞིན། གཞིས་ཆགས་ནང་ཉལ་ཐ་འཐེན་མཁན་ཡོད་མེད་སོགས་གནད་དོན་མང་པོའི་ཐོག་བཀའ་འདྲི་གནང་བ་ཁག་ལ་ས་གནས་གཞིས་མགོས་བཀའ་ལན་ཕུལ་སོང་།

tibettimes-1

སང་ཉིན་ཕྱི་ཚེས་ ༢ ནས་མགོ་འཛུགས་ཀྱིས་ཕྱི་ཚེས་ ༥ ཉིན་བར། ༧གོང་མཆོག་གདན་ས་ཆེན་པོ་གསུམ་དང་། རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ་དགོན་པ་བཅས་ཀྱི་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་འཁེལ་ཡོད་སྟབ་དྲོར་དགེ་ལུགས་སྤྱི་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་༸སྐུའི་འཁུངས་སྐར་སྲུང་བརྩིའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་འདུག

ཐེངས་འདིའི་སྐུའི་འཁྲུངས་སྐར་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཆེད་བཅར་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རྭ་གསར་པ་ལེགས་གྲུབ་ཟིན་པ་དབུ་འབྱེད་མཛད་རྒྱུ་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

༢༠༢༦/༠༤/༢༢
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

༢༠༢༦/༠༤/༢༢

མཆན། 1

  1. ལྷ་ཐོག says:
    ལོ་ 10 སྔོན།

    ༸སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese