མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོགས་པོ་རེད། ཟ་མ་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

༼ ཅི་ཕྱིར་རྒྱ་ནག་གིས་ཁྱི་ཤའི་དུས་སྟོན་མཚམས་འཇོག་བྱ་འདོད་བྱེད་ཀྱི་ཡོད་དམ། ༽

ཨེ་ཌེམ་(Adam)གྱིས་དབྱིན་ཡིག་ནང་བརྩམས།
ལ་དྭགས་ནས་འགྱུར་མེད་ཚེ་རིང་གིས་བསྒྱུར།

tibettimes-1

ལོ་ལྟར་དབྱར་གྱི་ཉི་མ་ལྡོག་པའི་ཚེ། རྒྱ་ནག་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཡུ་ལིན་(Yulin)གྱི་མི་ཚོས། ཁྱི་ཤ་ཚོང་མཁན་རྣམས་ཀྱིས་ཁྱི་ཤའི་ཁྲོམ་ར་ཁྱབ་གདལ་ཡོང་བའི་དོན་དུ་དུས་སྟོན་གོ་སྒྲིག་བྱེད་པ་དེར་མཉམ་ཞུགས་བྱེད་ཀྱི་ཡོད། ད་ཆ་ཁྱི་ཤའི་ཁྲོམ་ར་དེ་ཉིད་གཞི་རྒྱ་ཆུང་དུ་འགྲོ་ཡི་ཡོད་པ་དེས། རྒྱ་མི་མང་པོར་བློ་བཟོད་མི་བདེ་བ་ཆགས་ཡོད།།

རིགས་རྒྱུད་དང་ཆེ་ཆུང་སྣ་ཚོགས་ཅན་གྱི་ཁྱི་མང་པོ་ཤིན་ཏུ་ཆུང་བའི་གཟེབ་ཏུ་བཅུག་པ་དང་། གསོད་དུས་གཅར་རྡུང་བྱེད་པའི་བརྙན་པར་སྐྱི་གཡའ་བ་མང་དག་ཅིག་ཡུ་ལིན་(Yulin)ནས་ཕྱི་ཕྱོགས་སུ་དེང་དུས་འཐོན་བཞིན་ཡོད་པ་དེ་དག་ནི། རྒྱལ་སྤྱིའི་འགྲོ་ལུགས་དང་མི་མཐུན་པ་ཆགས་ཀྱི་ཡོད་པ་དེ་ས་གནས་སྲིད་གཞུང་གིས་མཁྱེན་རྟོགས་མེད་པ་ཞིག་ཆགས་ཡོད།

ཁྱི་དེ་དག་ནི་རྒྱ་མི་ཉུང་ཤས་ཤིག་དང་། འཛམ་གླིང་ནང་མི་གྲངས་ས་ཡ་མང་པོའི་གྲོགས་པོ་དང་། མཉམ་དུ་འགྲོ་འདུག་བྱེད་མཁན་གྱི་སེམས་ཅན་ཞིག་ཡིན་པ་ལས། བཟའ་རྒྱུ་ཞིག་དང་ཚུལ་མིན་མཐོང་ཆུང་བྱེད་ས་ཞིག་ནམ་ཡང་མིན། རོགས་སྐྱོར་བྱེད་མི་ཞིག་གིས། ཡུ་ལིན་(Yulin)ས་གནས་སྲིད་གཞུང་གིས་རང་ཉིད་འདི་ལྟར་འཇིགས་སུ་རུང་བའི་ངང་ཚུལ་དེ་དང་ཐག་རིང་ལ་གནས་ཐབས་ཆེད། ཁྱི་བཤའ་རྒྱུ་དང་ཁྱི་ཤ་འཚོང་བའི་བྱ་བ་མང་ཆེ་བ་ཁང་པའི་སྦུག་དང་། མཚན་མོའི་དུས་སུ་བྱེད་ཀྱི་འདུག་ཅེས་བཤད། འོན་ཀྱང་ད་དུས་ཡུ་ལིན་(Yulin)ས་གནས་སྲིད་གཞུང་གིས་སྔར་ལས་ལྷག་པའི་ཁྱི་ཤའི་དུས་སྟོན་རྩ་བ་ནས་མེད་པར་བཟོ་རྒྱུར་གོམ་པ་མདུན་སྤོས་བྱ་དགོས་པ་འགྱུར་ཡོད།།

ཁྱི་བཤའ་སའི་ཁང་པའི་ནང་ལ་ཁྱི་རེ་རེའི་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་དེ། གཞན་ཞིག་ལ་བརྗོད་རྒྱུར་ཤིན་ཏུ་དཀའ་བའི་གནས་ཤིག་རེད། ང་སྔ་ལོ་ཡུ་ལིན་(Yulin)ལ་ཕྱིན། ཁྱི་ཤའི་ཁྲོམ་རར་བསྐྱོད། རྒྱུན་གཏན་མཚན་གྱི་དགུང་ལ་སྐྱི་གཡའ་བའི་ཁྱི་བཤའ་སའི་ཁང་པར་གནས་ཚུལ་ལ་བརྟག་ཞིབ་བྱས། ཁྱི་རྣམས་ནི་སྐྱབས་མེད་མགོན་མེད་དང་། ནད་ཀྱིས་མནར་བ། ངལ་ཞིང་དུབ་པ། བཀྲེས་ཤིང་སྐོམ་པ་ཤ་སྟག་རེད། དེ་དག་བཤའ་བའི་སྔ་རོལ་དུ་དབྱེ་འབྱེད་མེད་པར་གཅར་རྡུང་བྱེད།

ཁྱི་ཁ་ཤས་ཀྱི་སྐེ་ལ་སྐེ་ཐག་དཀྲིས་ནས་ཡོད། དེ་ནི་གཞན་གྱི་གཅེས་ཉར་བྱེད་པའི་ཁྱི་ཡིན་འདུག དེ་ཚོ་རང་གི་སྡོད་གནས་དང་ཁ་ཐག་རིང་པོར་གྱུར། རྒྱུན་དུ་རང་གི་བློ་ཡིད་ཚིམས་པར་བྱེད་པ་དང་བརྩེ་ཞིང་སྐྱོང་བར་བྱེད་པའི་མིའམ། མཉམ་དུ་འགྲོ་འདུག་བྱེད་རོགས་ཀྱི་གྲོགས་དང་བྲལ། དེ་དག་ནི་ངས་ཡིད་ལ་རང་དབང་མེད་པར་འཁོར་བའི་བག་ཆགས་ཤིག་ཡིན།།

ཡིད་སྐྱོ་དགོས་པ་ཞིག་ལ། འདི་ལྟ་བུའི་སྣང་བརྙན་དེ་ཁྱི་ཤའི་ཁྲོམ་ར་ཕལ་ཆེ་བར་ཡོད། ཡུ་ལིན་(Yulin)ནི་རྒྱ་ནག་ཁྱི་ཤའི་ཁྲོམ་རའི་ཁྲོད་ཀྱི་ཆ་ཤས་ཆུང་ཆུང་ཞིག་ལས་མཚོན་གྱི་མེད། ཕྱི་ལོ་ ༢༠༡༤ ལོའི་ཁྱི་ཤའི་ཚོང་ལས་ཚན་པའི་སྙན་ཐོ་ལྟར་ན། ལོ་ལྟར་ལོ་རེ་རེའི་ནང་རྒྱ་ནག་གཅིག་པུའི་ནང་ཁྱི་ས་ཡ་བཅུ་བཤས་ཀྱི་ཡོད་པ་བརྗོད་ཡོད།།

རྒྱལ་ཁབ་མཐའ་དག་གི་ནང་ལ་ཁྱི་ཤ་བཀོལ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ས་ཁྱོན་ཡངས་པའི་རྒྱ་ནག་གི་རྒྱལ་ཁབ་ནང་། ཁྱི་ཤའི་ཚོང་ལས་གཉེར་སྟངས་ནི་གདུག་རྩུབ་ཀྱི་རང་བཞིན་ཆེ་བ་ཞིག་རེད། ཁྱི་རྣམས་བཤའ་ར་བར་མི་ལི་སྟོང་ཕྲག་མང་པོར་འོར་འདྲེན་བྱེད་རིང་། ཚ་གདུང་དང་མནར་གཅོད་ཡང་ཡང་མྱོང་དགོས་པ་དང་། འགྲུལ་བསྐྱོད་མཐོང་ཆེན་མེད་པའི་དོས་སྐྱེལ་རླངས་འཁོར་རེ་རེས་ཁྱི་བརྒྱ་ཕྲག་ཁ་ཤས་ཤིན་ཏུ་ཆུང་བའི་ལྕགས་སྐུད་ཀྱིས་སླས་པའི་གཟེབ་ཀྱི་ནང་ལ་འཚང་ཀ་ཤིག་ཤིག་བྱས་ནས་བླུགས་ཏེ་འོར་འདྲེན་བྱེད། སྤྱི་ཚོགས་དང་བླང་ཞབས་ཞུ་བ་མང་པོས་མཁྱེན་རྟོགས་བྱུང་བ་ལྟར་ན། འགྲུལ་ཞུགས་སྐབས་ཁ་ཟས་དང་ཆུ་མི་སྤྲོད་པ། ཁྱི་རྣམས་བཤའ་རར་འབྱོར་སྐབས་ནད་མནར་དང་རྨས་སྐྱོན་ཆགས་པ། སེམས་གཅོང་དུ་གྱུར་བའམ་ཤི་བའི་གནས་སྟངས་ཡོང་གི་ཡོད། །

འདི་ནི་སྙིང་རྗེ་བའི་ཡུལ་ཡིན་པ་ཙམ་དུ་མ་ཟད། རྒྱ་ནག་ཏུ་ཁྲིམས་དང་མི་མཐུན་པའི་གནད་དོན་ཞིག་ཀྱང་རེད། རྒྱ་ནག་གི་བཟའ་བཅའི་བདེ་འཇགས་ཀྱི་སྒྲིག་སྲོལ་ནང་། གཅོང་ནད་ཅན་གྱི་སེམས་ཅན་གྱི་ཤའི་རིགས་ཚོང་གཉེར་དང་བགོ་འགྲེམས་བྱེད་པ་དང་། ཡོང་རྐྱེན་ཆ་རྒྱུས་མེད་པའི་ཤ་ཕྱིར་བཙོང་བྱེད་པ་ནི། ཁྲིམས་ཀྱི་རྩ་དོན་དང་འགལ་བ་ཞིག་རེད། རྒྱ་ནག་དུ་ཁྱི་འོར་འདྲེན་བྱེད་པར་གཞུང་ཕྱོགས་ཀྱི་ཁྲིམས་སྲོལ་ནང་ཁྱི་རེ་རེའི་ཡོང་ཁུངས་ཇི་ཆགས་ཡིན་མིན་གྱི་མཐོང་མཆན་ལག་འཁྱེར་དགོས་པ་རེད། ད་དུང་ང་ཚོས་འགྲེལ་བརྗོད་མ་བྱས་པ་ཞིག་ནི། འོར་འདྲེན་བྱེད་པའི་ཁྱིའི་ཁྲོད་ནས་མང་པོ་ཞིག་ནི་གཞན་གྱི་གཅེས་ཉར་སེམས་ཅན་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། །

tibettimes-2

དོས་སྐྱེལ་རླངས་འཁོར་ནི་ཚོང་ལས་ཀྱི་གནད་འགག་ཅིག་རེད།

རྒྱ་ནག་ནང་གི་ལས་འགུལ་སྤེལ་མཁན་མང་པོས་དོས་སྐྱེལ་རླངས་འཁོར་བཀག་འགོག་བྱ་རྒྱུ་ནི། ཚོང་ལས་དེ་ཉིད་མཚམས་འཇོག་བྱ་བྱེད་ཀྱི་ཐབས་ཤེས་ཤིག་ཡིན་པ་ཤེས་ཀྱི་ཡོད། ཁྱི་སྐྱེལ་འདྲེན་བྱེད་པའི་དོས་སྐྱེལ་རླངས་འཁོར་ཉུང་ཉུང་ཞིག་ལ་ཚད་ལྡན་གྱི་ཆོག་མཆན་ཡིག་ཆ་ཡོད་པ་ལས། གཞན་མང་དག་ཅིག་ལ་དེ་ལྟར་མེད།།

འཛིན་སྐྱོང་ཀྱིས་དོས་སྐྱེལ་རླངས་འཁོར་འགྲུལ་བཞུད་ལ་ལྟ་རྟོག་དོ་ནན་ཐུབ་ཚེ། དེས་ཁྱི་ཤའི་ཚོང་ལས་གཉེར་མཁན་ལ་འགོག་རྐྱེན་བྱུང་ནས་སྐྱེལ་འདྲེན་གྱི་བྱ་བ་འདོར་དགོས་པ་ཆགས་ཀྱི་རེད། ཐབས་བྱུས་དེ་ནི་རྒྱ་ནག་དུད་འགྲོ་སྲུང་སྐྱོབ་ཚོགས་པ། ཁྲིམས་རྩོད་པའི་དུད་འགྲོ་སྲུང་སྐྱོབ་ཚོགས་པ་དང་། རྒྱལ་སྤྱིའི་ཕན་གྲོགས་ཚོགས་པ་བཅས་མཉམ་སྦྲེལ་གྱི་སྒོ་ནས་སྤེལ་བ་ཞིག་རེད་འདུག།

གཞུང་གི་འཛིན་སྐྱོང་མི་སྣས་ལས་དོན་སྤེལ་སྐབས། རྒྱ་ནག་དུད་འགྲོ་སྲུང་སྐྱོབ་ཚོགས་པའི་དང་བླང་ཚོགས་མིས་ཀྱང་དོས་སྐྱེལ་རླངས་འཁོར་བཀག་འགོག་གི་བྱ་བར་དངོས་སུ་ཞུགས་ནས། ཁྱི་རྣམས་ལ་བཟའ་ཆས་དང་། འཐུང་ཆུ། དེ་བཞིན་ཕྱུགས་ནད་བཅོས་ཐབས་ཀྱི་མཐུན་རྐྱེན་བཅས་སྤྲོད་ཀྱི་ཡོད།།

འཛིན་སྐྱོང་དང་མཉམ་དུ་འགྲིག་འཇགས་ཀྱི་གྲོས་སྡུར་ལྷོད་མེད་བྱས་རྗེས། མཐར་དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་ལས་དོན་འདི་མཚམས་འཇོག་བྱ་རྒྱུ་དང་། དང་བླང་ལས་འགུལ་སྤེལ་མཁན་གྱི་ལག་ལ་བྱུང་བའི་ཁྱི་རྣམས་ཉེན་སྲུང་འཐུས་ཚང་ལྡན་པའི་འོག དགོས་ངེས་ཀྱི་འདུག་གནས་གསར་བཟོ་དང་། སྔར་གྱི་བདག་པོ་དང་སླར་ཡང་མཉམ་འཛོམས་ཡོང་བ་བཅས་བྱས། ཕྱི་ལོ་ ༢༠༡༤ ཟླ་ ༠༨ ཚེས་ ༠༣ ནས་ད་ལྟ་བར་ཁྱོན་དོས་སྐྱེལ་རླངས་འཁོར་ ༢༢ ཙམ་དང་། ཁྱི་སྟོང་ཕྲག་བཅུ་ཙམ་ཉེན་ཁ་ལས་སྐྱོབ་ཐུབ་པ་བྱུང་ཡོད།།

རྒྱལ་སྤྱིའི་སྤྱི་ཚོགས་ནས་མི་གྲངས་ས་ཡ་བཅུ་གཅིག་གིས་འཇིགས་སུ་རུང་བའི་ཁྱི་ཤ་ཚོང་གཉེར་གྱི་ལས་དོན་མཚམས་འཇོག་དགོས་པའི་མཚན་རྟགས་བསྐྱོན་ནས། རྒྱ་ནག་གཞུང་དང་ཡུ་ལིན་(Yulin)ས་གནས་སྲིད་གཞུང་ལ་གནོན་ཤུགས་སྤྲད་ཡོད།

tibettimes-3

ཡུ་ལིན་(Yulin)གྱི་ཁྱི་ཤ་མཚམས་འཇོག་དགོས་པ་གྲངས་ལས་འདས་པའི་མི་གྲངས་ས་ཡ་མང་པོས་སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་ལ་བསམ་ཚུལ་རྗོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། དེའི་ཁྲོད་དུ་གྲགས་ཅན་གྱི་མི་སྣ་ཀིལླི་ཨོས་བོར་ནི་( Kelly Osbourne)དང་། རི་ཀི་གིར་ཝཱེས་( Ricky Gervais )དང་། ཁཱ་རེ་ཧྥི་ཤར་ (Carrie Fisher)བཅས་ཀྱིས་དབྱིན་ཇིའི་རྒྱལ་ས་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་སུ་ཁྱི་ཤ་མཚམས་འཇོགས་དགོས་པའི་ཞུ་སྙན་ཞིག་འདས་ཟིན་པའི་གཟའ་འཁོར་སྔོན་མའི་ནང་ལ་ཕུལ་ཡོད།།

ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་(Washington)དུ་ཕྷོ་ལོ་རི་ཊ་(Florida)ཡི་སྐུ་ཚབ་ཨེལ་སཱི་ཧས་ཏིང་(Alcee Hastings) གྱིས་ཨ་རིའི་གྲོས་ཚོགས་ཀྱི་ཁྱི་ཤ་ཚོང་གཉེར་བྱེད་མི་ཆོག་པའི་གྲོས་ཆོད་ངོ་སྤྲོད་བྱས་ཡོད།།

ང་སླར་ཡང་འདི་ལོ་ཡུ་ལིན་(Yulin)ལ་བསྐྱོད་རྒྱུ་ཡིན། ཇི་ཙམ་དངོས་སུ་དཀའ་སྡུག་ལ་གདོང་ལེན་བྱེད་དགོས་ཆགས་ཀྱང་། ངས་འཇིགས་ཡེར་བའི་ཁྱི་ཤའི་དུས་སྟོན་དེ་དུས་གཏན་དུ་མཚམས་འཇོག་མ་ཐུབ་ཀྱི་བར་གདོང་ལེན་བྱ་རྒྱུ་ཡིན།།

མཆན། ཀ༽ Adam Parascandola ནི་དུད་འགྲོ་ཉེན་སྲུང་ཚོགས་པའི་ཚོགས་གཙོ་དང་། རྒྱལ་སྤྱིའི་སྤྱི་ཚོགས་རྐྱེན་ངན་ཕན་བདེ་ཚོགས་པ(Crisis Response for Humane Society International)ཡི་ཚོགས་གཙོ་ཡིན། ཕྱི་ལོ་ ༢༠༡༥ ལོར་ཁོང་ཡུ་ལིན་(Yulin)ཁྱི་ཤའི་དུས་སྟོན་ལ་བསྐྱོད་མྱོང་ཡོད།

ཁ༽ ཀློག་པ་པོ་ཚོས་གོང་འཁོད་བརྗོད་བྱར་ཁ་གསལ་མེད་པ་དང་། ཐེ་ཚོམ་གྱི་རིགས་བྱུང་ཚེ། གཤམ་གྱི་འབྲེལ་ཐག་དེའི་བརྒྱུད་ནས། དབྱིན་ཡིག་གི་མ་རྩོམ་དེར་གཟིགས་པར་ཞུས།

ག༽ མ་རྩོམ་གྱི་འབྲེལ་ཐག edition.cnn.com/2016/06/19/opinions/china-yulin-dog-meat-festival-outrage/index.html

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༧ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ཨེ་སྒྲེམ་ལགས་དང་འགྱུར་མེད་ཚེ་རིང་ལགས་གཉིས་བཀྲིན་ཆེ་གནས་སྟངས་འདི་དག་ངེར་པར་མཁྱེན་ཐུབ་དགོས་པ་ཞིག་རེད། འཛམ་གླིང་ནས་གནས་ཚུལ་ཁྱབ་བསྒྲགས་གནང་པ་ཡིན་ན་ཅུང་ཙམ་ཕན་པས་རེ་བ་ཆེ་བ་ཡོད། གཞན་དྲ་ལམ་ཚོ་ན་ཁྱིའི་རིགས་ལ་ནར་བཅོད་གཏོང་གི་ཡོད་མ་མཐོང་ན་མི་བཟོད་པ་མང་པོ་འདུག་ཡིན་ཡང་བྱེད་ཐབས་གཞན་དབེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese